Wednesday, March 28, 2012

དགོས་པའི་ཡོན་ཏན་སྦྱོང་དུས།

དགོས་པའི་ཡོན་ཏན་མ་སྦྱངས་པར།།
སྤྱོད་ངན་འཁྲབ་ནས་བསྡད་ན་ནི།།
ཕྱིས་སུ་འགྱོད་པ་སྐྱེས་པའི་དུས།།
ཐམས་ཅད་སོ་སོས་བཟོས་པའི་ལས།།
ཚིག་བཅད་འདི་འབྲི་དུས་ཨ་མ་ལགས་ཀྱིས་ང་ལ་རོགས་རམ་གནང་བྱུང་།

Sunday, March 25, 2012

སློབ་ཕྲུག་བཟང་ངན་གསུམ་གྱིས་མཉམ་དུ་དངོས་པོ་བཟོས་པ།

༅༅།། གནའ་སྔ་མོ་གཅིག་ལ་སློབ་ཕྲུག་གསུམ་ཡོད། ཁོང་གསུམ་ནི་སློབ་ཕྲུག་སྤྱོད་པ་ཡག་པོ་མེད་མཁན་ཡིན་ནའང་སློབ་སྦྱོང་ཡག་པོ་ཡོད་མཁན་ཞིག་དང་སློབ་ཕྲུག་རྐུན་མ་བརྒྱབ་མཁན་གཅིག སློབ་ཕྲུག་ཡག་པོ་གཅིག་བཅས་རེད། ཁོ་ཚོ་གསུམ་དེ་གྲོགས་པོ་རེད།
དེ་རྗེས་སློབ་ཕྲུག་རྐུན་མ་བརྒྱབས་མཁན་དེས་ཡིག་ཚད་ཨང་དང་པོ་ལེན་པ་རེད། ཁོ་ལ་གྲོགས་པོ་གཉིས་ཡོད་པའི་སྒང་ལ་དེ་བས་ཀྱང་གྲོགས་པོ་མང་དུ་ཕྱིན་ཡོད། སྔོན་གྱི་གྲོགས་པོ་དེ་གཉིས་དང་དགྲ་ཆགས་པ་རེད།

གྲོགས་པོ་དེ་གཉིས་ཀྱིས་བསམ་བློ་ཡག་པོ་བཏང་ནས་དངོས་པོ་གཅིག་བཟོས་པ་རེད། དེའི་མིང་ལ་རྟ་འཁོར་ལོ་ཟེར། སློབ་ཕྲུག་དེ་གཉིས་ཉིན་ལྟར་གོམ་པ་མ་བརྒྱབ་པར་རྟ་འཁོར་ལོ་ནང་བསྡད་ནས་སློབ་གྲྭ་ལ་འགྲོ་ཡི་ཡོད། སློབ་ཕྲུག་གཞན་དེ་རྟག་པར་རྗེས་ལུས་ཐེབས་ཀྱི་ཡོད། 

 དེར་བརྟེན་ཁོས་ཐབས་ཤེས་བཏང་ནས་དངོས་པོ་གཅིག་བཟོས་པ་རེད། དངོས་པོ་དེ་མིང་ལ་མེ་འཁོར་ཟེར། ཁོས་ལྕགས་ལམ་མེད་ན་མེ་འཁོར་འགྲོ་མི་ཐུབ་པ་ཤེས་ཏེ་ཁོས་ཡང་བསྐྱར་སློབ་གྲྭ་བར་ལྕགས་ལམ་བཟོས་པ་རེད། ལྕགས་ལམ་དེ་སློབ་གྲྭ་བར་བཟོས་ཡོད་ཙང་། ད་ཁོས་ཚོད་ལྟ་བྱས་ནས་བཏང་བས་སློབ་གྲྭ་བར་དུ་འབྱོར་བས་སྟབས་བདེ་བོ་ཆགས་པ་རེད། སྔོན་གྱི་གྲོགས་པོ་དེ་གཉིས་དང་ཡང་བསྐྱར་གྲོགས་པོ་བྱས་པ་རེད།
ཁོ་ཚོ་ཆེན་པོ་ཆགས་དུས་ལྕགས་ལམ་དེ་འཛམ་གླིང་ཡོངས་ལ་བཟོས་ཚར་བ་རེད། དེ་ནས་བཟུང་ཁོང་ཚོ་ཚན་རིག་པ་ཆགས་ནས་དངོས་པོ་གསར་པ་མང་པོ་བཟོས་པ་རེད།། །།

Friday, March 23, 2012

ལུག་དང་སྤྱང་ཀི།


(བུའི་རྩོམ་ལ་ཕས་དག་བཅོས་ཀྱི་མཆན་བཀོད་པ།)
[1] གནའ་སྔ་མོ་གཅིག་ལ་ལུག་རྐང་ ༣ དང་སྤྱང་ཀི་རྐང[2] ༢ ཡོད། ལུག་དེ་ཚོ་རྩྭ་ཐང་ལ་རྩྭ་བཟས་ནས་བསྡད་ཡོད། ལུ་[3]དེ་ཚོ་ལུག་ཕྲུག་ཡིན། ལུག་གི་ཕ་མ་གྲོང་[4]ཚར་བ་རེད།


སྤྱང་གི་[5]གཉིས་གྲོད་པ་ལྟོགས་ནས་བསྡད་ཡོད། སྤྱང་ཀི་རྩ་[6]ཐང་ལ་སླེབས་འགྲོ་[7]ཡོད་དུས་ལུག་མཐོང་བ་རེད། སྤྱང་ཀིས་ཁ་ཁུ་སིམ་པོའི་ངང་ཡིབ་ནས་ཕྱིན་པ་རེད། སྤྱང་ཀིས་མཆོང་ཐེངས་གཅིག་ལ་ལུག་གཅིག་ཟིན་ཐུབ་པ་རེད། ལུག་དེ་ཆུང་ཆུང་གཅིག་ཡོད། 

དེ་ཁོ་གཉིས་ཀྱིས་བཙོན་ཁང་ནང་དག་པ་[8]རེད། སང་ཉིན་དེར་སྤྱང་ཀི་ལུག་ཚང་ནང་ཡོང་ནས་ལུག་རིང་པོ་[9]ཅིག་ཟིན་པ་རེད། ལུག་དེ་རིང་པོ་ཡོད། ཁོ་གཉིས་ཀྱིས་བཙོན་ཁང་ནང་དག་པ་[10]རེད། ད་ལུག་གཅིག་ལས་ལྷག་མེད་དུས་རོགས་པ་མེད་ཙང་ཞེད་པ་རེད། ལུག་དེ་རྒྱག་པ་[11]ཡོད། 

ལུག་དེ་ལ་ཐབས་ཤེས་རྙེད་པ་རེད། ཐབས་ཤེས་དེ་འདམས་[འདམ་]སེང་གི་ལྤགས་རྫུན་གྱོན་ནས་ལུག་དེ་ཚོ་སྐྱབས་རྒྱུ་རེད། ལུག་དེ་ཟིན་པར་ཡོང་གི་ཡོད་པས་ལུག་དེས་མགྱོགས་མྱུར་ངང་འདམས་སེང་གི་ལྤགས་རྫུན་གྱོན་པས་སྤྱང་ཀི་ཞེད་པ་རེད། སྤྱང་ཀི་ཞེད་དུས་ལུག་དེ་ཚོ་མ་གློད་ན་ཁྱེད་རང་བསད་ཀྱི་ཡིན་ཟེར་པས་ཁོང་ཚོ་གློད་པ་རེད། 

དེ་ནས་བཟུང་ལུག་དེ་ཚོ་སྐྱིད་པོ་བྱས་ནས་བསྡས[12]པ་རེད།། །།

  • བུ་རང་གི་སྒྲུང་དེ་སྙན་པོ་དང་མདོར་བསྡུས། ཁ་གསལ་པོ་བྲིས་འདུག གཤམ་ལ་པ་ཕས་བསམ་འཆར་ཁ་ཤས་བཤད་ཀྱི་ཡིན།
  • [1] རྩོམ་ག་རེ་བྲིས་ན་ཡང་། འགོ་དེ་ལ་ཡིག་འགོ་(༅༅།།)ཞིག་བྲིས་ན་ཡག་པོ་འདུག གང་ཡིན་ཟེར་ན་གཅིག་ནས་ང་རང་ཚོའི་ལུགས་སྲོལ་རེད། གཉིས་ནས་རྩོམ་གྱི་འགོ་ཡིན་པ་ཤེས་ཀྱི་རེད། ད་དུང་དེ་ལས་གཏིང་ཟབ་པའི་འགྲེལ་བཤད་གཞན་དག་ཡོད་རེད། དེ་ཚོ་བུ་རང་གིས་རིམ་པས་སློབ་སྦྱོང་བྱས་ན་ཤེས་ཀྱི་རེད།
  • [2] ལུག་རྐང་ ༣ དང་སྤྱང་ཀི་རྐང་ ༢ ཡོད་བྲིས་ན་འགྲིག་གི་མ་རེད་ཅེས་བཤད་མི་ཐུབ། ཡིན་ནའང་སྤྱིར་བཏང་རྐང་གཅིག་དང་རྐང་གཉིས་ཟེར་བ་དེ། ཅ་ལག་འདྲ་བོ་གྲངས་ཀ་བརྩི་དུས་ལབ་ཀྱི་རེད། སེམས་ཅན་ལ་བེད་སྤྱོད་གཏོང་སྲོལ་ཞེ་དྲག་ཨ་ཡོད་བསམ་གྱི་འདུག
  • [3] ལུ་ཞེས་པ་དེ་ལུག་ཡིན་པ་བུ་རང་གིས་གསལ་པོ་ཤེས་ཀྱི་རེད། གཟབ་གཟབ་མ་བྱས་ཙང་རྗེས་འཇུག་ག་ཆད་པ་རེད།
  • [4] གྲོང་ཟེར་ན། གྲོང་ཁྱེར་དང་གྲོང་བརྡལ། གྲོང་གསེབ་ཅེས་མི་མང་པོ་གནས་ས་དེ་ཚོར་གོ་གི་རེད། ཤི་བ་དང་གོ་དོན་གཅིག་པ་ཡིན་པའི་གྲོངས་དེ་ལ་ཡང་འཇུག་ས་ཡོད་རེད། འདི་གཉིས་དབུས་སྐད་ནང་སྒྲ་གདངས་གཅིག་པ་ཡིན་རུང་དོན་དག་གཅིག་པ་མ་རེད།
  • [5] སྤྱང་གི་ཞེས་པ་དེ་སྤྱང་ཀི་ཡིན་པ་བུ་རང་གིས་ཤེས་ཤེས་པ་ཡིན་རུང་། ལག་པ་ནོར་ནས་སྤྱང་གི་ཞེས་བྲིས་པ་འདྲ།
  • [6] རྩྭ་ཐང་གི་རྩྭ་ལ་ཝ་ཟུར་འབྲི་དགོས་པ་བུ་རང་གིས་ཤེས་འདུག་ཀྱང་། ལག་པ་ནོར་ནས་བྲིས་པ་འདྲ།
  • [7] སླེབས་འགྲོ་ཞེས་པ་དེ་དངོས་གནས་བྱས་ན། སླེབས་གྲབས་རེད། དབུས་པའི་སྐད་ཀྱི་ནང་ལ། རྗེས་འཇུག་བ་སོགས་མགྱོགས་པོ་བརྗོད་དུས་ན་རོ་ཆགས་འགྲོ་བའི་གནས་ཚུལ་མང་པོ་ཡོད། བྱས་ཙང་། སླེབས་གྲབས་ཟེར་བ་དེ། ཁ་སྐད་ནང་བརྗོད་དུས་སླེབས་གྲོ་ཞེས་འགྱུར་བ་རེད། ཡི་གེ་འབྲི་དུས་གྲབས་མ་བྲིས་ན། ལུང་པ་གཞན་པའི་མིས་ཧ་གོ་གི་མ་རེད།
  • [8] [10]བཙོན་ཁང་ནང་དག་པ་ཟེར་བ་དེ་རྒྱ་གར་ནང་གི་བོད་པའི་སྐད་ཆ་ཤོད་སྟངས་རེད། ཕལ་ཆེར་སྟོད་མངའ་རིས་ཁུལ་གྱི་སྐད་ཆ་ཤོད་སྟངས་ཤིག་ནས་བྱུང་བ་ཡིན་ས་རེད། དངོས་གནས་སྒྲ་ཡག་པོ་ཉན་ན། བཙོན་ཁང་ནང་ལྡག་པ་འདྲ་བོ་ཞིག་ལབ་ཀྱི་རེད། དེའི་ཁུངས་དེད་ན། བཙོན་ཁང་ནང་ལྡུག་པ་ཟེར་བ་དེ་ཡིན་ས་རེད། ལྡུག་པ་ཟེར་ན་བླུག་པ་དང་དོན་དག་གཅིག་པ་རེད། ཡིན་ནའང་། བུ་རང་གིས་བཙོན་ཁང་ནང་བཅུག་པ་རེད་ཅེས་བྲིས་ན། གོ་བདེ་བ་ཆགས་ཀྱི་རེད།
  • [9] ལུག་རིང་པོ་ཟེར་ན། ཁྱད་མཚར་པོ་འདུག ལུག་གཟུགས་སྟོབས་ཆེན་པོ་དང་ཆུང་ཆུང་ཟེར་ན་ཡག་པོ་འདུག
  • [11] རྒྱག་པ་དང་རྒྱགས་པ་གཉིས་སྒྲ་གདངས་གཅིག་པ་ཡིན་རུང་དོན་དག་གཅིག་པ་མ་རེད། ཤ་རྒྱགས་པ་ལ་ཡང་འཇུག་ས་ཡོད་རེད། རྒྱག་རེས་རྒྱག་པ་ལ་ཡང་འཇུག་ས་ཡོད་མ་རེད།
  • [12] འདི་ལ་བསྡད་ཅེས་རྗེས་འཇུག་ད་འབྲི་དགོས་རེད།

Thursday, March 22, 2012

ངའི་ནང་མི།


༅༅།། ང་ལ་ནང་མི་བཞི་ཡོད། དེ་རྣམས་ནི་པཱ་ལགས་དང་ཨ་མ་ལགས། ཨ་ཅག་ལགས། ང་བཅས་ཡིན།

ངའི་པཱ་ལགས་ཀྱི་མཚན་ལ་ཆུང་ཚེ་རིང་ཞུ་ཡི་ཡོད། ངའི་པཱ་ལགས་ཤེས་རིག་ལས་ཁུངས་ལ་ཕྱག་ལས་གནང་གི་ཡོད། ད་ལྟ་ངའི་པཱ་ལགས་ཕ་རན་སི་(France Paris)ལ་བཞུགས་ཡོད། ངའི་པཱ་ལགས་རྩོམ་པ་པོ་ཞིག་ཡིན། ངའི་པ་ལགས་ཕྱག་དེབ་ལྗགས་ཀློག་གནང་རྒྱུར་ཤིན་ཏུ་མཉེས་པོ་ཡོད། ངའི་པཱ་ལགས་ཐུགས་གཤིས་འཇམ་པོ་ཡོད།

ངའི་ཨ་མ་ལགས་ཀྱི་མཚན་ལ་མཚམས་ལགས་ཞུ་ཡི་ཡོད། ངའི་ཨ་མ་ལགས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད། ད་ལྟ་ཨ་མ་ལགས་ང་དང་མཉམ་དུ་རྒྱ་གར་(India)ལ་བཞུགས་ཡོད། ངའི་ཨ་མ་ལགས་མཉེས་ཤོས་ནི་མེ་ཏོག་བཏབ་གནང་རྒྱུ་དང་ཞལ་འདོན་སྐྱོར་གནང་རྒྱུ་ལའང་མཉེས་པོ་ཡོད། ད་དུང་ཀུ་ར་ཡ་ལྟད་མོ་བལྟ་རྒྱུ་ལའང་མཉེས་པོ་ཡོད་པ་དང་ད་དུང་ཉི་མ་མེ་ཏོག་གི་འབྲུ་ཡང་མཆོད་རྒྱུ་ལ་མཉེས་པོ་ཡོད།

ངའི་ཨ་ཅག་གི་མཚན་ལ་བསྟན་འཛིན་ནོར་འཛིན་ཞུ་ཡི་ཡོད། ངའི་ཨ་ཅག་ལོ་བཅུ་གསུམ་རེད། ངའི་ཨ་ཅག་ལགས་སེ་ལ་ཀུལ་(Selakui)བོད་ཁྱིམ་སློབ་གྲྭ་ནང་སློབ་སྦྱོང་གནང་གི་ཡོད། ངའི་ཨ་ཅག་ལགས་འཛིན་གྲྭ་བཅུ་པ་རེད། ངའི་ཨ་ཅག་ལགས་ནི་དབྱིན་ཇིའི་སྒྲུང་དེབ་ཀློག་རྒྱུར་ཧ་ཅང་མཉེས་པོ་ཡོད། ད་དུང་ངའི་ཨ་ཅག་ལགས་ནང་ལ་བསྡད་དུས་ཨ་མ་ལགས་མཉམ་དུ་ཀུ་ར་ཡ་ལྟད་མོ་བལྟ་ཡི་ཡོད། ངའི་ཨ་ཅག་ལགས་ནི་ཉོབ་ཏོ་ཡོད། ད་བར་ངས་ཨ་ཅག་ལགས་དང་རྒྱབ་འདྲེ་ཉིན་མ་གཅིག་)ཀྱང་རྒྱབ་མྱོང་མེད། ངའི་ཨ་ཅག་ཐུགས་གཤིས་འཇམ་པོ་ཡོད།


ངའི་མིང་ལ་བསྟན་འཛིན་འཕྲིན་ལས་ཟེར། ང་ལོ་བརྒྱད་ཡིན། ང་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ང་གློག་གི་རྩེད་ཆས་རྩེད་རྒྱུར་དགའ་པོ་ཡོད། ང་ད་ལྟ་འཛིན་གྲྭ་བཞི་པ་ཡིན།


ང་ངའི་ནང་མི་ཚང་མ་ལ་དགའ་པོ་ཡོད།།།།

Tuesday, March 20, 2012

བརྙས་བརྐོ་རྒྱུར་དགའ་བོ་ཡོད་པའི་སློབ་ཕྲུག་གཅིག་དང་ཡིག་གཟུགས་ཡག་པོ་མེད་པའི་སློབ་ཕྲུག་གཅིག

གནའ་སྔ་མོ་གཅིག་ལ་སློབ་ཕྲུག་གཉིས་ཡོད། སློབ་ཕྲུག་གཉིས་དེ་གཉིས་འཆམ་པོ་ཡོད།  སློབ་ཕྲུག་དེ་གཉིས་འཛིན་གྲྭ་གསུམ་པ་རེད། ཁོ་གཉིས་ཀྱིས་ཉིན་མ་གཅིག་ཡིག་ཚད་ཨང་དང་པོ་ལེན་པས་ཕ་མ་གཉིས་དགའ་པོ་བྱུང་བ་རེད།  ད་དུང་ཕ་མ་གཉིས་ཀྱི་རྔན་པ་ག་རེ་དགོས་གསུང་གནང་པ་རེད།  ཕྲུ་གུ་གཅིག་གིས་རྩེད་ཆས་མོ་ཊ་དགོས་ལབ་པ་རེད། ཕྲུ་གུ་གཅིག་གིས་ངར་ལྕགས་༤དགོས་ལབ་པ་རེད། ཕ་མ་གཉིས་ཀྱིས་སྤྲད་པ་རེད།  

 དེ་ནས་ཡིག་གཟུགས་ཡག་པོ་མེད་པའི་སློབ་ཕྲུག་དེ་ཡིག་གཟུགས་ཡག་པོ་ཆགས་པ་རེད།  དེ་རྗེས་བརྙས་བརྐོ་རྒྱུརདགའ་བོ་ཡོད་པའི་སློབ་ཕྲུག་དེས་བུ་མོ་གཅིག་ལ་བརྙས་བརྐོ་བས་གང་ཡང་ཚོར་བ་བྱུང་མེད་ཙང་ཕྲུ་གུ་དེ་ཡང་བརྙས་བརྐོ་རྒྱུ་དགའ་བོ་ཡོད་ཀྱང་དགའ་བོ་མེད་པ་ཆགས་པ་རེད།དེ་ནས་བཟུང་ཁོ་ཚོས་སློབ་སྦྱོང་ཡག་པོ་སྦྱང་ཙང་རྗེས་མ་ཆེན་པོ་ཆགས་དུས་ཕྱུག་པོ་ཆགས་པ་རེད།།
༢༠༡༢།༣།༢༠

ཞི་མི་དང་ཞུ་ལུ་མ་གསུམ།

གནའ་སྔ་མོ་ཞིག་ལ་ཞི་མི་གཅིག་ཡོད། ཞི་མི་ཁོ་ཞུ་ལུ་མ་འཛིན་པར་ཕྱིན་པ་རེད། ག་རེ་ཡིན་ཟེར་ན་ཁོའི་ཁ་ལག་བརྐུས་ཙང་རེད། 

ཞི་མི་ཁོ་འགྲོ་དུས་ཞུ་ལུ་མ་ས་འོག་ལ་ཕྱིན་ཚར་བ་རེད།རྡོ་བཀྱག་རྐང་༡༥༠ཙམ་ཡོད་པས་ཁོ་དཀའ་ལས་ཁག་ནས་མར་རིལ་བས་ས་ལ་རིལ་དུས་ཁོ་རང་འདྲེད་བརྡར་ཤོར་ནས་རྡོ་བཀྱག་༡༣༠ཙམ་བརྒལ་ཚར་དུས་ཁོ་རྩིག་པ་ལ་བརྡབ་པ་རེད། 

ཁོས་ཐབས་ཤེས་བཏང་ནས་གློག་གི་སྐས་འཛེགས་ཤིག་བཟོས་པ་རེད། ཁོ་གློག་གི་སྐས་འཛེགས་ནང་འཛུལ་ནས་སྒང་ལ་ཕྱིན་དུས་ཞུ་ལུ་མ་གསུམ་གྱིས་གློག་སྐུད་ལ་སོ་བརྒྱབ་ནས་བཅད་པ་རེད།   གློག་གི་སྐས་འཛེགས་མར་ཟག་དུས་ཁོས་མཛུབ་སྣོན་བསྣན་མ་ཐག་འགག་པ་རེད། ཞུ་ལུ་མ་གསུམ་གློག་གི་སྐས་འཛེགས་སྒང་ལ་སླེབས་མ་ཐག་ཐག་པ་ཆད་པ་དང་ཡང་མར་ཟག་པ་རེད། མར་ཟག་འགྲོ་དུས་ཞི་མི་ཁོ་ཚ་བ་འཚིག་པས་མར་མཆོངས་ནས་བསྡད་དུས་གློག་གི་སྐས་འཛེགས་ཁོའི་མགོ་ལ་ཟག་པ་རེད།།།།

༢༠༡༢།༣།༡༨ མོ་ཊའི་འགྲན་བསྡུར།


ཉིན་མ་གཅིག་སློབ་ཕྲུག་ཁ་ཤས་ཀྱི་མོ་ཊའི་འགྲན་བསྡུར་ནང་འཛུལ་པ་རེད། སང་ཉིན་དེ་མོ་ཊའི་འགྲན་བསྡུར་ཡིན་ཙང་སློབ་ཕྲུག་དེ་ཚོས་སོ་སོའི་རིག་པ་བཏང་ནས་བཟོས་པ་རེད།  སང་ཉིན་ཆགས་རྗེས་མོ་ཊའི་འགྲན་བསྡུར་འགོ་བཙུགས་པ་རེད། དེ་དག་ཀྱི་མོ་ཊ་དང་མིང་ནི།  རིག་སྒྲོལ་གྱི་མོ་ཊ། ངག་དབང་ལེགས་ལྡན་གྱི་མོ་ཊ། དངོས་སྒྲུབ་ཀྱི་མོ་ཊ། བཀྲིས་རྡོ་རྗེ་ཡི་མོ་ཊ།   བདེ་ལེགས་ཀྱི་མོ་ཊ།    འཕྲིན་ལས་ཀྱི་མོ་ཊ། བཅས་ཡིན།  

 ད་ཡིན་ན་མོ་ཊ་ཕྱིན་སོང་།  ངག་དབང་ལེགས་ལྡན་དང་དངོས་སྒྲུབ་ཁོ་གཉིས་མགྱོགས་ཚད་༩༠བཏང་བ་རེད།ཡིན་ཡང་མོ་ཊ་གསུམ་ལས་བཏིབ་མེད།  བཀྲིས་རྡོ་རྗེ་དཀྱིལ་ལ་འགྲོ་དུས་བདེ་ལེགས་ང་གཉིས་ཀྱི་བཀྲིས་རྡོ་རྗེ་ལ་རྡུང་ཁ་བརྒྱབ་པས་ཁོའི་སྒོ་ཆག་པ་རེད། དེ་རྗེས་ང་དང་པོ་ཡིན་དུས་བདེ་ལེགས་ཁོས་མགྱོགས་ཚད་༡༠༠ཐམ་པ་ཏག་ཏག་བཏང་བས་ངས་ཀྱང་མགྱོགས་ཚད་༩༩བཏང་བས་ང་གཉིས་བཏང་དུས་བཀྲིས་རྡོ་རྗེ་ཡང་མགྱོགས་ཚད་༡༠༠བཏང་དུས། ད་ཡང་མོ་ཊ་བཏང་མཁན་ཚང་མ་༡༠༠ཐམ་པ་བཏང་དུས་ངག་དབང་ལེགས་ལྡན་ལགས་ལྔ་བ་སླེབས་ཚར་དུས་སྐོར་ར་ཚང་མ་སྐོར་ཚར་རེད། 

ཨང་དང་པོ་ང། ཨང་གཉིས་པ་བདེ་ལེགས་ལགས། ཨང་གསུམ་པ་རིག་སྒྲོལ་ལགས། ཨང་བཞི་པབཀྲིས་རྡོ་རྗེ་ལགས།ཨང་ལྔ་པ་ངག་དབང་ལེགས་ལྡན་ལགས། ཨང་དྲུག་པ་དངོས་སྒྲུབ་ལགས་བཅས་ཡིན།  དེ་རྗེས་ང་ཚོ་ནང་ལ་སྐྱིད་པོ་བྱས་ནས་བསྡད་པ་རེད།

ཉིན་མ་ཁ་ཤས་རྗེས་ལ་ཁོ་ཚོས་མོ་ཊ་བཏང་ནས་ས་ཆ་ཀང་ར་ལ་སླེབས་པ་རེད། ཁོ་ཚོས་ཀང་ར་ནས་དུག་ལོག་དང་ཟས་རིགས་ཉོས་པ་རེད། ཟས་རིགས་རྣམས་ནི་རྒུན་འབྲུམ་སྐམ་པོ།  ཉ།  སྒོ་ང་། སྲན་མ། འོ་མ། སྣུམ། བུར་ཤིང་། ཚ་ལུ་མ་བཅས་ཡིན། མོ་ཊ་དེ་བཙོང་གི་ཡོད་པས་རིག་སྒྲོལ་ལགས་ཧང་སངས་པ་རེད། 
མོ་ཊ་དེ་དེང་སང་རྩེད་མོ་རྩེད་ཡ་མོ་ཊ་ཡིན་པས་བཀྲིས་རྡོ་རྗེ་ཧང་སངས་པ་རེད་ལ།ང་དང་བདེ་ལེགས་ང་གཉིས་ཧང་སངས་པ་རེད།
དེ་རྗེས་ཡང་ཁོ་ཚོ་ཐག་རིང་པོ་ཅིག་ལ་ཕྱིན་པ་རེད།  དེ་ས་ཆ་ལྡི་ལི་དེ་རེད།   ས་ཆ་དེ་ནས་ཁོ་ཚོས་དངོས་པོ་ཁྱད་མཚར་མང་པོ་མཐོང་ཡོད།  དེ་རྣམས་ནི་སྤྱ་སྤྱོད་རླངས་འཁོར་ དང་མེ་འཁོར་གནམ་གྲུ་ རླངས་འཁོར། ས་རྨོས་བརྒྱབ་མཁན་གྱི་མོ་ཊ་བཅས་མཐོང་པ་རེད།   རྫོགས་སོ། །།                  

༢༠༡༢།༣།༡༨ རི་བོང་དང་རུས་སྦལ་རྒྱུག་ཤར་འགྲན་བསྡུར།

གནའ་སྔ་མོ་གཅིག་ལ་རི་བོང་དང་རུས་སྦལ་རྒྱུག་ཤར་འགྲན་བསྡུར་བྱ་རྒྱུ་བྱས་པ་རེད།  སང་ཉིན་དེར་རྒྱུག་ཤར་འགྲན་བསྡུར་འགོ་བཙུགས་པ་རེད།  རི་བོང་དེ་སྔོན་ལ་ཁ་ལག་རྒྱག་ཚད་བཟས་རྗེས་མགྱོགས་པོ་ངང་ཕྱིན་པས་ཁོ་རང་དང་པོ་ཡིན་དུས་རུས་སྦལ་སླེབས་རྒྱུ་མིན་འདུག་བསམ་པ་རེད།  དེ་དུས་ཁོ་གཉིད་ཁུག་པ་རེད།  ཡར་ལངས་དུས་རུས་སྦལ་ཐོབ་འགྲོ་ཡོད་པས་ལམ་སང་མགྱོགས་པོ་ངང་ཕྱིན་པས་ཁོ་གཉིས་གཅིག་པ་ཆགས་པ་རེད།  རྫོགས་སོ། །   

༢༠༡༢།༢།༣ ཉིན་ཐོ།

དེ་རིང་ཞོགས་པ་ང་ཆུ་ཚོད་༨པ་ལ་ཡར་ལངས་ནས་ཞོགས་ཟས་པག་བཟས་པ་ཡིན། ཞོགས་ཟས་བཟས་ཚར་རྗེས་ང་སློབ་གྲྭ་ལ་ཕྱིན་ནས་སྔོན་ལ་ཡེ་གེ་ཏོག་ཙམ་ཀློག་པ་ཡིན། 

དྲིལ་བུ་བརྡུང་ཙང་ང་ཚོ་ཞལ་འདོན་སྐྱོར་བར་ཕྱིན་པ་ཡིན། ཞལ་འདོན་སངས་རྒྱས་ཆོས་ཚོགས་མ་དང་གང་བློ་མ་སྐྱོར་བ་ཡིན། ད་དུང་རྒྱལ་གླུ་ཡང་བཏང་བ་ཡིན། རྒྱལ་གླུ་ཚར་རྗེས་རྒན་པ་སངས་ལགས་ཀྱིས་ང་ཚོ་ལ་བསླབ་བྱ་བསྐྱོན་གནང་སོང་། 

ཞལ་འདོན་གྲོལ་ཚར་རྗེས་ཚོགས་ཐེངས་༡དང་༢པ་དབྱིན་ཇི་ཡིན་ཙང་དབྱིན་ཇི་རྒན་ལགས་ཕེབས་སོང་། དབྱིན་ཇི་རྒན་ལགས་ཀྱིས་ང་ཚོ་ལ་མིང་གཞུང་ཨང་གྲངས་ནང་་ནས་སློབ་ཕྲུག་༡༨འདུག་གསུངས་སོང་། དངོས་གནས་བྱས་ན་སློབ་ཕྲུག་༢༣ཡོད། ད་སློབ་ཕྲུག་༢རྩ་དགོངས་ཞུས་འདུག སློབ་གྲྭགཞན་དག་ལ་ཕེབས་ཡ་རེད་འདུག བྱས་ཙང་མིང་གཞུང་ཨང་གྲངས་དེ་འདྲ་ཆགས་པ་རེད། 

ཚོགས་ཐེངས་༣པ་ཨང་རྩིས་རེད་འདུག ཨང་རྩིས་ཚོགས་ཐེངས་ལམ་སེང་རྫོགས་སོང་། དེ་ནས་བར་སེང་རེད། བར་སེང་ཚར་རྗེས་ཡང་བསྐྱར་རྩེད་མོ་སློབ་ཚན་ཚོགས་ཐེངས་༤བ་ཁེལ་སོང་། བོད་ཡིག་ཚོགས་ཐེངས་༥རེད། བོད་ཡིག་ཚོགས་ཐེངས་གྲོལ་ཚར་རྗེས་ཁ་ལག་བཟས་པ་ཡིན། དེ་ནས་བཀྲ་ཤིས་རྡོ་རྗེ་མཉམ་དུ་རྩེད་མོ་རྩེད་པ་ཡིན། བཟོ་རིག་སློབ་ཚན་ལ་ཡང་བསྐྱར་རྩེད་མོ་རྩེས་པ་ཡིན།།

ཉིན་ཐོ།

༅༅།། དེ་རིང་ཞོགས་པ་ང་ཡར་ལངས་དུས་ཨ་མ་ལགས་ཀྱིས་བག་ལེབ་བཟོས་གནང་འདུག ང་ཞིམ་པོ་བྱུང་ཡང་རྐང་གཅིག་ལས་བཟས་མེད། དེ་ནས་ཨ་མ་ལགས་ཀྱིས་ང་དང་ཨ་ཅག་ལ་གཉིད་ཁུག་གསུང་གནང་སོང་། ཨ་མ་ལགས་ཕྱག་ལས་གནང་བ་ཕེབས་སོང་། དེ་ནས་ཨ་ཅག་ལགས་ཆུ་ཚོད་༡ཏག་ཏག་གཉིད་ཁུག་སོང་།ང་ཆུ་ཚོད་༡ཏག་ཏག་གློག་གི་རྩེད་ཆས་རྩེས་པ་ཡིན། དེ་རྗེས་ཨ་ཅག་ལགས་ཆབ་གསང་བཏང་བ་ཕེབས་དུས་ལམ་སང་ཨ་མ་ལགས་ཕེབས་སོང་། 

ང་ཧང་སང་སོང་། ཁྱད་མཚར་གཅིག་ལ་དྲི་མ་ཞིག་ཁ་སོང་། དྲི་མ་དེ་ནི་ཨ་མ་ལགས་ཀྱིས་ཞལ་ལག་ཐུག་པ་བཟོས་པའི་དྲི་མ་རེད་འདུག དངོས་གནས་རེད་འདུག 

དེ་ནས་ཡང་ཨ་མ་ལགས་ཕྱག་ལས་ཕེབས་སོང་། ཚུར་ཕེབས་རྗེས་ཨ་མ་ལགས་དང་ཨ་ཅག་ལགས་གཟིགས་་མོ་གཟིགས་གནང་སོང་། 

ཆུ་ཚོད་༦པ་ལ་ང་ཚོ་མེག་ལོག་གྷན་ཇི་ལ་ཨ་ཅག་སྐྱེལ་བར་ཕྱིན་པ་ཡིན། ཆུ་ཚོད་༧དང་སྐར་མ་༣༠ལ་ཨ་ཅག་ལགས་སེ་ལ་ཀུལ་སློབ་གྲྭ་ལ་ཕེབས་སོང་། །

༢༠༡༢།༢།༢༤ ཉིན་ཐོ།


དེ་རིང་ཞོགས་པ་ང་ནམ་རྒྱུན་ལས་ཆུ་ཚོད་གཅིག་གིས་སྔ་བ་ལངས་པ་ཡིན། དེ་རྗེས་ང་དང་ཨ་ཅག་ལ་ཨ་མ་ལགས་ཀྱིས་དུག་ལོག་གསར་པ་གཡོག་སོང་། དེ་ནས་ང་ཚོ་མོ་ཊ་ནང་འཛུལ་ནས་མེག་ལོག་གྷན་ཇི་ལ་ཕྱིན་པ་ཡིན། མེག་ལོག་ལ་བསང་གསོལ་གཏོང་བར་ཕྱིན་པ་ཡིན། འོན་ཀྱང་དེ་རིང་ཕྱི་པོ་ཡིན་རུང་བསང་གསོལ་གྱི་མཛད་སྒོ་གྲོལ་མི་འདུག དེ་ནས་ང་ཚོས་བསང་གསོལ་གཏོང་བ་དང་དར་ལྕོག་བཏགས་པ་ཡིན། དེ་ནས་ང་ཚོ་ཞལ་འདོན་ཏོག་ཙམ་སྐྱོར་བ་ཡིན། 

གཙུག་ལག་ཁང་ནས་ང་ཚོ་གསུམ་མཆོད་མཇལ་ཞུ་བ་དང་ཚེས་གཏོར་མཇལ་ཁ་ཞུས་པ་དང་གསེར་ཀོང་བརྗེས་པ་ཡིན། ད་དུང་འཕྲིན་བཅོལ་ཕུལ་པ་ཡིན།  གཙུག་ལག་ཁང་གི་ཐོག་ལ་ཡང་བསྐྱར་བསང་ཕུལ་པ་ཡིན། དེ་རྗེས་ང་ཚོ་ནང་དུ་ལོག་པ་ཡིན། 

ནང་ལ་སླེབས་རྗེས་ཨ་མ་ལགས་ཀྱིས་ཉིན་དགུང་ཞལ་ལག་རྒྱས་པོ་བཟོས་གནང་འདུག དེ་དག་ནི་ཕིང་ཤ་དང་མོག་རོ། ཀ་ཤ་དང་མེ་ཚལ་ལྗང་ཁུ་སོགས་བཟོས་འདུག དེ་ནས་ང་རྩེད་མོ་རྩེ་ཡིན། 

དེ་རིང་དགོང་མོ་ཨ་ཁུ་ཐུབ་བསྟན་བྱམས་པ་ལགས་དང་ནང་མི་ཚོ་ང་ཚོའི་ནང་དུ་སྐུ་མགྲོན་ལ་ཕེབས་ཀྱི་ཡོད། 

༢༠༡༢།༢།༢༠ ཉིན་ཐོ།


དེ་རིང་ཞོགས་པ་ང་ཕྱི་པོ་བར་ཉལ་ཙང་ཨ་མ་ལགས་ཀྱིས་ང་ལ་གཤེ་གཤེ་བཏང་སོང་། ང་ངུས་ཙང་ད་དུང་གཤེ་གཤེ་དེ་བས་ཀྱང་མང་བ་བཏང་སོང་། དེ་རྗེས་ང་ཚོ་ནང་མི་གསུམ་གྱིས་གྲོ་སོ་ཕྱེ་མར་ནས་ཆང་ཕུད་སོགས་ཕུད་སྟོར་བྱས་པ་ཡིན། དེ་རྗེས་ཨ་མ་ལགས་དང་ཨ་ཅག་ཀོ་ར་ཡ་ལྟད་མོ་ཏོག་ཙམ་གཟིགས་སོང་།  དེ་ནས་ངས་ལྟད་མོ་ལྟས་པ་ཡིན། ཉིན་དགུང་ཞལ་ལག་འབྲས་སིལ་བཟས་པ་ཡིན། དེ་རྗེས་ང་རྒྱལ་པོ་མཉམ་དུ་རྩེད་མོ་རྩེས་བ་ཡིན། དེ་རྗེས་ང་ཉིནཐོ་བྲིས་ཀྱི་ཡོད།

༢༠༡༢།༢།༡༦ ཉིན་གྱི་ཉིན་ཐོ།


     ༅༅།།  དེ་རིང་ཞོགས་པ་ང་ཡར་ལགས་དུས་ཨ་མ་ལགས་དང་ཨ་ཅག་ཀུ་ཡ་ར་ལྟད་མོ་ལྟས་ནས་བསྡད་འདུག་པ་དང་སྤགས་ཡང་མཆོད་ཀྱི་འདུག ང་ཧང་སང་སོང་།  སོ་བཀྲུས་ཚར་རྗེས་ང་ལམ་སང་ཡི་གེ་ཀློག་པ་ཡིན་པ་དང།
     རྒྱུན་རིང་པོ་འགོར་སོང་བ་དང་ཨ་ཅག་ནོར་འཛིན་ལགས་རྒྱུན་རིང་པོ་ཡི་གེ་ཀློག་པར་ཡོང་མ་སོང། ང་ཁོང་ཁྲོ་ཟ་སོང། ཆུ་ཚོད་གཅིག་རྗེས་ལ་ཞི་ནས་ཨ་ཅག་ནོར་འཛིན་སླེབས་སོང། དེ་རྗེས་ཨ་ཅག་ང་གཉིས་རྩེད་མོ་རྩེ་ནས་བསྡད་བ་ཡིན།
ཉིན་དགུང་ཞལ་ལག་ཟས་ཚར་རྗེས་ཨ་མ་ལགས་ང་གཉིས་ཅོ་ཅོ་ཟླ་བ་ལགས་ལག་རྟགས་སྐྱེལ་བར་ཕྱིན་དུས་ཅོ་ཅོ་ཟླ་བ་ལགས་བཞུགས་མིན་འདུག ད་ལྟ་ཨ་མ་ལགས་དང་ཨ་ཅག་བལྟད་མོ་ལྟས་ནས་བསྡད་འདུག