Sunday, April 29, 2012

ངའི་གྲོགས་པོ་ཡག་ཤོས།


༅༅།། ངའི་གྲོགས་པོ་ཡག་ཤོས་མིང་ལ་ཀུན་ཁྱབ་ཟེར།  ཀུན་ཁྱབ་ལགས་ནི་སློབ་སྦྱོངཡག་པོ་ཡོད།  ད་ལྟ་ངའི་གྲོགས་པོ་ཀུན་ཁྱབ་ལགས་རྡ་ཤོད་བོད་ཁྱིམ་སློབ་གྲྭ་ལ་ཡོད།  ཀུན་ཁྱབ་ལགས་འཛིན་གྲྭ་གསུམ་པ་རེད། ང་དང་ཀུན་ཁྱབ་ལགས་བུ་བཅོལ་ཁང་ནས་འཛིན་གྲྭ་གསུམ་པ་བར་སློབ་གྲྭ་གཅིག་པ་རེད། ཀུན་ཁྱབ་ལགས་ནི་སྤྱོད་པ་ཡག་པོ་ཡོད། ཡང་ཀུན་ཁྱབ་ལགས་ Game Boyརྩེས་གནང་འགྱུར་མཉེས་པོ་ཡོད།

Monday, April 23, 2012

གྲོགས་པོ་གསུམ།


    ༅༅།། གནའ་སྔ་མོ་སློབ་ཕྲུག་རྩིས་ཡག་པོ་བརྒྱབ་མི་ཐུབ་མཁན་ཞིག་ཡོད། ཉིན་མ་གཅིག་སློབ་ཕྲུག་རྩིས་ཡག་པོ་བརྒྱབ་ཐུབ་མཁན་ཅིག་གིས་རྩིས་ཡག་པོ་བརྒྱབ་མི་ཐུབ་མཁན་ལགཅིག་སྒང་ལ་གཉིས་སྡོམ་ན་ག་ཚོད་རེད། ཅེས་ལབ་པ་རེད། རྩིས་ཡག་པོ་བརྒྱབ་མི་ཐུབ་མཁན་དེས། གྲོགས་པོ་གསུམ་རེད། ཅེས་ལབ་པ་རེད།
རྩིས་ཡག་པོ་བརྒྱབ་ཐུབ་མཁན་དེ་གད་མོ་ཤོར་ཐག་ཆོད་པ་རེད། ཁྱེད་ཀྱིས་ལན་བརྒྱབ་པ་དེའི་ནང་འཕར་མ་སླེབས་འདུག་ལ་འགྲིག་འདུག ཅེས་བཤད་པ་རེད། རྩིས་ཡག་པོ་བརྒྱབ་མི་ཐུབ་མཁན་དེའཕར་མ་ག་རེ་སླེབས་སོང་། ག་རེ་འགྲིག་སོང་ཞེས་ལབ་པ་རེད། རྩིས་ཡག་པོ་ཡོད་མཁན་དེའཕར་མ་དེ་གྲོགས་པོ་དང་འགྲིག་པ་དེ་གསུམ་རེད། ཅེས་ལབ་པ་རེད།
ཡང་མི་གཅིག་སླེབས་པ་རེད། མི་དེས་དེ་རིང་ཨ་རག་བཏུང་གི་ཡིན། ཞེས་ལབ་པ་རེད། ཁོང་ཚོ་ཨ་རག་ཐུང་བ་ཕྱིན་པ་རེད། ཨ་རག་བཏུང་ཚར་པའི་རྗེས། མི་གཅིག་གིས་གཅིག་སྒང་གཉིས་སྡོམ་ན་ག་ཚོད་རེད་ཅེས་ལབ་པ་རེད། དེ་ལ་ཡང་། གྲོགས་པོགསུམ་རེད།  ཅེས་ལབ་པ་རེད། ཨང་རྩིས་ནང་ལན་ཏག་ཏག་བརྒྱབ་ན། གྲོགས་པོ་ཟེར་བ་དེ་ཡོད་མ་རེད། ཡིན་ནའང་། ང་ཚོས་དེ་འདྲ་ལབ་ཀྱི་ཡོད་རེད།། །།        

Thursday, April 19, 2012

གདོན་འདྲེའི་སྒྲུང་།

༅༅།། གནའ་སྔ་མོ་གཅིག་ལ་རྨོ་རྨོ་ལགས་གཅིག་ཡོད། རྨོ་རྨོ་ལགས་དེ་ལ་ཕྲུ་གུ་བུ་མོ་གཅིག་ཡོད།

བུ་མོ་དེ་གུང་སེང་ཡིན་པས་རྨོ་རྨོ་ལགས་དེ་ཐག་རིང་པོ་ནས་ནང་ལ་ཡོང་སྐབས། ནང་ལ་བུ་མོ་འདྲ་བོ་གཉིས་ཡོད། རྨོ་རྨོ་ལགས་དེས་འདི་གཉིས་ནང་ནས་ངའི་བུ་མོ་གང་ཡིན་ནམ་བསམ་པ་རེད། ཡིན་ནའང་དབྱེ་བ་ཕྱེ་མ་ཐུབ་པ་རེད།

དེ་ནས་བུ་གཞོན་གཞོན་གཅིག་སླེབས་པ་རེད། རྨོ་རྨོ་ལགས་དེས་ངའི་བུ་མོ་གང་རེད། ཅེས་ཁོང་ལ་སྐད་ཆ་དྲིས་པ་རེད། བུ་གཞོན་གཞོན་དེས་རིག་པ་བཏང་ནས་རྫ་མ་ཞིག་འཁྱེར་ཡོང་བ་རེད། དེ་ནས་རྫ་མ་དེའི་ནང་སུས་འཛུལ་ཐུབ་ནའི་དེ་ཁྱེད་རང་གི་བུ་མོ་རེད། ཅེས་ལབ་པ་རེད།

གདོན་འདྲེ་དེ་ལམ་སང་རྫ་མའི་ནང་འཛུལ་དུས། བུ་གཞོན་གཞོན་དེས་ཁ་གཅོད་བརྒྱབ་རེད། རྫ་མ་དེ་རྒྱ་མཚོའི་ནང་གཡུག་པ་རེད། དེ་འདྲ་བྱས་ནས་བུ་མོ་དངོས་གནས་དེ་སུ་ཡིན་མིན་ཤེས་པ་རེད།། །།

Sunday, April 8, 2012

ཉིན་ཐོ། ༢༠༡༢།༤།༡

༅༅།། དེ་རིང་ཞོགས་པ་ང་དལ་པོ་ངང་ཡེ་གི་ཀློག་པ་ཡིན། ཡང་དེ་རིང་ང་ཚོ་ཕྱི་ལོགས་ལ་འགྲོ་མཁན་ཡིན་པས་ཨ་མ་ལགས་ཀྱིས་སྔོན་ལ་ཞོགས་ཟས་བཟོས་པ་དང་རྗེས་ལ་ཉིན་གུང་ཞལ་ལག་བཟོས་སོང་། དེ་ནས་ཨ་མ་ང་གཉིས་ཆུ་ཚོད་༩དང་སྐར་མ་ ༣༥ ལ་མེག་ལོག་གྷན་ཇི་(MecLeod Ganj)ལ་ཕྱིན་པ་ཡིན། མེག་ལོག་གྷན་ཇི་ལ་སླེབས་དུས་པཱ་ལགས་ཀྱིས་གྲོགས་པོ་དབྱིན་ཇི་གཅིག་སྒུགས་བསྡད་དུས་ཧོབ་སྟེ་ཨ་ཅག་ལགས་ཀྱི་ཁ་པར་སླེབས་སོང་།
         སྐར་མ་ཉི་ཤུ་རྗེས་ལ་དབྱིན་ཇི་དེ་ལ་ཁ་པར་བཏང་པ་ཡིན། དབྱིན་ཇི་དེ་ལམ་སང་སླེབས་ཡོང་ལབ་སོང་། དེ་ནས་ཡང་ངའི་ཨ་ཅག་ལགས་ལ་ཁ་པར་བཏང་པ་ཡིན། སྐར་མ་ལྔ་ཙམ་རྗེས་ལ་དབྱིན་ཇི་དེ་སླེབས་སོང་། དེ་ནས་ང་ཚོ་གསུམ་རྡ་རམ་ཀོ་ཊ་ལ་ཕྱིན་པ་ཡིན། རྡ་རམ་ཀོ་ཊ་ལམ་ཁ་ནས་སྟག་མའི་མེ་ཏོག་མཐོང་སོང་། དེ་དབྱིན་ཇི་ཐོག་ནས་བསླབས་སོང་། དབྱིན་ཇིའི་ཐོག་ནས་སྟག་མ་མེ་ཏོག་ལ་(rhodo dendron)ཟེར་གྱི་འདུག
        དེ་ནས་ང་ཚོ་རྡ་རམ་ཀོ་ཊ་ལ་སླེབས་སོང་། ཡིན་ནའང་དེ་པི་ཙ་ཟ་ཁང་མ་རེད། ང་ཚོ་གོམ་པ་ཁ་ཤས་བརྒྱབ་པའི་རྗེས་ལ་ཕྲུ་གུའི་རྩེད་མོ་རྩེས་ས་ཞིག་འདུག དེ་ལ་ང་རྩེད་མོ་རྩེ་བར་ཕྱིན་པ་ཡིན། སྐར་མ་ ༣༥ རྗེས་ལ་ཟ་ཁང་དེ་ལ་ཕྱིན་པ་ཡིན། དེ་ནས་ཡར་ཕྱིན་ནས་ཞིང་ཁ་ཞིག་ལ་སླེབས་སོང་། ཞིང་ཁའི་ནང་ནས་སྦྲང་མ་དང་ཨ་མ་སྣུམ་ཚོང་མ་སོགས་འབུ་སྲིན་མང་པོ་མཐོང་སོང་། དེའི་གཡས་གཡོན་ཚང་མ་མེ་ཏོག་གི་ཁེངས་པ་མ་ཟད་མེ་ཏོག་སྙིང་རྗེ་མོ་འདུག


དེ་ནས་ཡར་ཕྱིན་པས་རྡོ་ཆེན་པོ་མང་པོ་འདུག ངས་རྡོ་ཆེ་ཤོས་གཅིག་སྒང་ལ་འཛེགས་པ་ཡིན། དེ་ནས་ཡར་ཕྱིན་པས་པི་ཙ་ཟ་ཁང་ལ་སླེབས་སོང་། དེ་ནས་པི་ཙ་གཉིས་མངགས་པ་ཡིན། དེ་ནས་པི་ཙ་སླེབས་རྒྱུ་མི་འདུག ང་ཉོབ་ཀྱི་འདུག་པས་ཞི་མི་གཉིས་དཔར་བརྒྱབ་པ་ཡིན། སྐར་མ་ ༦༥ རྗེས་ལ་གཞི་ནས་པི་ཙ་སླེབས་སོང་། ང་གྲོད་པ་ལྟོགས་སོང་། ད་ངས་དུམ་བུ་མང་པོ་བཟས་པ་ཡིན། དེ་ནས་པི་ཙ་བཟས་ཚཪ།

ཕ་གི་འོག་ལ་འགྲོ་ས་གཅིག་འདུག དེ་ནས་མར་ཕྱིན་པ་ཡིན། སྐར་མ་༢༥ རྗེས་ལ་བྷག་སུ་ལམ་ཁ་ཡོད་པས་བྷག་སུ་ལ་ཕྱིན་པ་ཡིན། བྷག་སུ་ལམ་ཁ་ནས་ཟ་ཁང་ཅིག་ལ་འགྲོ་ས་ཡིན་ལབ་འདུག དེ་ནས་སྐར་མ་ ༣༣ རྗེས་ལ་ང་ཚོ་བྷག་སུ་ལ་སླེབས་སོང་། དེ་རྗེས་བྷག་སུ་ནང་ཆུས་མ་དིམ་ས་ལ་ཆུ་བརྒལ་བ་ཡིན། སྐར་མ་ ༢༣ བར་ཆུ་བརྒལ་བ་ཡིན།

དེ་ནས་ང་ཚོ་གཙུག་ལག་ཁང་ལ་ཕྱིན་པ་ཡིན། གཙུག་ལག་ཁང་ནས་མཆོད་མཇལ་ཞུས་པ་ཡིན། དེ་ནས་ང་ཚོ་ནང་ལ་ལོག་པ་ཡིན།། །།

Sunday, April 1, 2012

དུས་ཚོད།

༅༅།། དུས་ཚོད་ནི་བྲེལ་འཚུབ་ངང་། ན་བུན་དང་མཚུངས་པར་ཉི་གཞོན་གྱིས་ཡལ་བར་བྱེད་པ་ལྟར་འགྲོ་དུས། ངས་ནང་ལས་ཚང་མ་མགྱོགས་པོ་བྱེད་པ་དང་། ད་དུང་ཤེས་བྱའི་གནད་དེ་ཚོ་ཡག་པོ་རྟོགས་པ་བྱེད་ཀྱི་ཡོད།

ཡང་དུས་ཚོད་ནི་སྐད་ཅིག་ཙམ་ཡང་མི་ལྷོད་པར་བྲེལ་འཚུབ་ངང་འགྲོ་དུས། སྐར་ཆ་ནས་སྐར་མ། སྐར་མ་ནས་ཆུ་ཚོད། ཉིན་མ་ནས་ཟླ་བ། ཟླ་བ་ནས་ལོ་བཅས་ཇི་ལྟར་འགྲོ་བ་མི་ཤེས།


ད་དུང་དུས་ཚོད་མང་པོ་ཡོད་དུས་ལེ་ལོ་བྱས་ནས་བསྡད་ན། མ་འོངས་པར་ཤེས་བྱ་ཅི་ཡང་ཤེས་མི་ཐུབ། དུས་ཚོད་ནི་གསེར་དངུལ་ལས་ལྷག་པ་ཡིན། དུས་ཚོད་ལ་རིན་གོང་སྤྲད་དེ་ཉོ་རྒྱུ་མེད། མ་ཟད་དུས་ཚོད་ལ་ལག་གཉིས་ཐལ་མོ་སྦྱར་ཏེ་སྒུགས་དང་ལབ་རྒྱུ་མེད། 


ང་ཚོས་ཆུང་དུས་སྐབས་སློབ་སྦྱོང་མ་སྦྱངས་པར་དུས་ཚོད་འཕྲོ་བརླག་བཏང་ནས་བསྡད་པ་ཡིན་ན། རྗེས་མ་ང་ཚོ་ཆེན་པོ་ཆགས་དུས་རྒྱལ་ཁབ་ཀྱི་ཆེད་དུ་ཕན་ཐོགས་ག་རེ་བྱེད་དམ།། །།