Sunday, September 30, 2012

ཤ་མོག་མོག་ལ་དགའ་བའི་བུ་ཉི་མ།



༄༅།། ཉིན་ཞིག་བུ་ཉི་མ་ཟེར་བ་ཞིག་ཡོད། ཁོ་ཉི་མ་ལྟག་པར་དགོང་དག་ཁ་ལག་ཤ་མོག་མོག་བཟའ་ཡི་ཡོད། ཉིན་མ་གཅིག་གྲོང་པ་ཁྱིམ་མཚེས་གཅིག་གིས་སང་ཉིན་ང་ཚོའི་ནང་ལ་དགོང་ཟས་ལ་ཕེབས་ཨ་ལབ་པ་རེད། སང་ཉིན་དེར་ཁོས་དེ་རིང་དགོང་ཟས་ཤ་མོག་མོག་ཡིན་པར་ཤོག་ཅེས་སྨོན་ལམ་བཏབ་པ་རེད། 
    
    དེ་ཉིན་བོད་ཟླ་ ༨ ཚེས་ ༡༥ ཡིན་པ་རེད། དགོང་མོ་ཁོ་ཚོ་གྲོང་པ་ཁྱིམ་མཚེས་དེའི་ནང་ཕྱིན་པ་རེད། གྲོང་པ་དེའི་ནང་ཁ་ལག་ཐུག་པ་བཟོ་ཡི་ཡོད་པ་རེད། བུ་ཉི་མས་ཐུག་པ་ཉུང་ཉུང་ཙམ་ལས་བཏུང་མེད་པས་གྲོད་ཁོག་ལྟོགས་ཀྱི་ཡོད་པ་རེད།

Wednesday, September 26, 2012

པཱ་ལགས་སྐྱེལ་བའི་ཉིན་མོ།


༄༅།། ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༡༤ ཞོགས་པ་ང་ཆུ་ཚོད་བདུན་པ་ཙམ་ལ་ལངས་ནས་འཁྲུས་བརྒྱབ་པ་ཡིན། དེ་ནས་པཱ་ལགས་ཀྱི་སྐུ་ཆས་རྣམས་སྒམ་ནང་ལ་བླུག་པ་ཡིན། ཆུ་ཚོད་ཕྱེད་ཀའི་རྗེས་ལ་པཱ་ལགས་ང་ཚོ་ཞོགས་ཟས་བཟས་པ་ཡིན། ཞོགས་ཟས་བཟས་ཚར་རྗེས་པཱ་ལགས་ཀྱི་སྐུ་ཆས་རྣམས་འཁྱེར་པ་དང་མགྲོན་ཁང་སྡེ་མིག་མགྲོན་བདག་ལ་ཕར་སློག་པ་ཡིན། 
     དེ་ནས་པཱ་ལགས་ང་ཚོ་མོ་ཊའི་ནང་ཕྱིན་པ་ཡིན། མོ་ཊའི་ནང་ཆུ་ཚོད་གཅིག་ཙམ་ཕྱིན་པའི་རྗེས་ང་ཚོ་གནམ་ཐང་ལ་སླེབས་གྲབས་ཡོད་པའི་སྐབས་གནམ་གྲུ་ཁ་ཤས་གནམ་ལ་འཕུར་བ་དང་ཁ་ཤས་མར་བབས་ཀྱི་འདུག ངས་ད་དུང་གནམ་གྲུ་༼Kingfisher༽རྟགས་ཅན་གྱི་གནམ་གྲུ་མཐོང་སོང་།
   

Saturday, September 8, 2012

སློབ་ཕྲུག་སྤྱོད་པ་ཡག་པོ་གཅིག་དང་སློབ་ཕྲུག་རྫུན་བཤད་མཁན་གཅིག

༄༅།། སློབ་གྲྭ་ཞིག་ནང་སློབ་ཕྲུག་སྤྱོད་པ་ཡག་པོ་གཅིག་དང་སློབ་ཕྲུག་རྫུན་བཤད་མཁན་གཅིག་ཡོད། སློབ་ཕྲུག་རྫུན་བཤད་མཁན་གྱི་མིང་ལ་ཟླ་བ་ཟེར་བ་དང་སློབ་ཕྲུག་སྤྱོད་པ་ཡག་པོ་དེའི་མིང་ལ་དོན་གྲུབ་ཟེར། ཉིན་མ་གཅིག་དོན་གྲུབ་ཀྱིས་ཟླ་བ་ལ་རྒན་ལགས་ཀྱིས་ནང་ལས་ག་རེ་བསྐུར་སོང་ལབ་པས། ཟླ་བས་ཁོ་ལ་རྫུན་བཤད་དགོས་སྙམ་ནས་ནང་ལས་གཟའ་སྐར་སྐོར་དང་དབྱིན་ཇི་(under)ལ་ཚིག་གྲུབ་བཅུ། ཨང་རྩིས་སྦྱོང་ཚན་༩.༡ནས་༩.༥བར་བྲིས་རྒྱུ་བཅས་བསྐུར་སོང་ལབ་པ་རེད། དོན་གྲུབ་གྱིས་ཧུར་ཐག་ངང་བྲིས་ནས་རྒན་ལགས་ལ་སྟོན་པས་རྒན་ལགས་མཉེས་པོ་བྱུང་ནས་ཁོ་ལ་རྔན་པ་སྤྲད་པ་རེད། ཟླ་བ་ཧོན་ཐོར་ནས་ཕྲག་དོག་སྐྱེ་ནས་ཁོ་ལ་ལབ་པ་རྣམས་བྲིས་ནས་སང་ཉིན་དེར་རྒན་ལགས་ལ་སྟོན་སྐབས། རྒན་ལགས་ཀྱིས་ག་རེ་བྱས་ནས་བྲིས་པ་ཡིན་ཞེས་གསུང་པས། ཁོས་གནས་ལུགས་ཚང་མ་བཤད་པས་རྒན་ལགས་ཀྱིས་ཁོ་ལ་ཉེས་པ་བཏང་བ་རེད། སྒྲུང་དེའི་ནང་དོན་གཙོ་བོ་ནི་རྫུན་བཤད་རྒྱུ་མེད་པ་དེ་ཡིན།། །།