Sunday, May 4, 2014

ཉིན་ཐོ།

༄༅།། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༦ ཉིན་གྱི་ཞོགས་པ་རེས་གཟའ་སྤེན་པ་ལ་ཨ་མ་ལགས་ཞོགས་པ་ཆུ་ཚོད་ ༦ པར་བཞེངས་པ་དང་ཨ་མ་ལགས་ཀྱིས་ང་ལ་བཞེས་ལག་བག་ལེབ་བཟོས་གནང་སྟེ་ང་ཡར་བསླངས་གནང་སོང། ངས་སྒྲིག་ཆས་གྱོན་ཚར་རྗེས་ཨ་མ་ལགས་ང་གཉིས་ཁ་ལག་བཟས། ང་རྡ་ཤོད་སློབ་གྲྭའི་སྤྱི་སྤྱོད་རླངས་འཁོར་ནང་དུ་ཕྱིན་ནས་ཆུ་ཚོད་ཕྱེད་ཀའི་རྗེས་སུ་སློབ་གྲྭར་སླེབས་སོང་།

  རྡ་ཤོད་སློབ་གྲྭར་སླེབས་རྗེས་ང་ཚོ་རང་སྦྱོང་ཡིན་པས་ངས་སྒྲུང་དེབ་ཀློག་ནས་བསྡད་པ་དང། ཞོགས་པ་འདུ་འཛོམས་རྗེས་སུ་ང་ཚོ་ཚོགས་ཐེངས་དང་པོ་རི་མོ་ཡིན་ཞིང་རྒན་ལགས་ཀྱི་རི་མོ་དཔེ་བཤུས་བྱེད་བཅུག་པ་མ་ཟད་སྙིང་རྗེ་མོ་ཞིག་བྲིས། ཚོགས་ཐེངས་གཉིས་པ་རྒྱལ་རབས་ཡིན། རྒྱལ་རབས་སློབ་ཚན་སྐབས་སུ་ང་ཚོས་བསྐྱར་སྦྱོང་དང་དྲི་བ་དྲིས་ལན་བྱས་པ་ཡིན། རྒྱལ་རབས་སློབ་ཚན་ཚར་རྗེས་བར་སེང་ཡིན་པས་ངས་ང་རང་གི་རྔན་པ་དེ་མར་བཏོན་བཟས་པ་ཡིན། ཚོགས་ཐེངས་རྗེས་མར་ང་དང་ངའི་གྲོགས་པོ་ང་གཉིས་གློག་ཀླད་སློབ་ཚན་ཡིན་པས་གློག་ཀླད་སྦྱང་བསྡད་པ་ཡིན།

  ཉིན་དགུང་ཟིན་རྗེས་ང་དང་ངའི་གྲོགས་པོ་ང་གཉིས་ཉིན་དགུང་ཁ་ལག་བཟས་ནས་ང་ཚོ་རྩེད་མོ་མང་པོ་ཞེ་དྲགས་རྩེས་པ་ཡིན་ལ་སྐྱིད་པོ་ཡང་བྱུང། སློབ་གྲྭ་གྲོལ་རྗེས་ང་ཚོ་སྤྱི་སྤྱོད་རླངས་འཁོར་ནང་ནང་དུ་ལོག་ཕྱིན་པ་ཡིན། ནང་ལ་སླེབས་སྐབས་ནང་དུ་མི་མེད་པས་ངས་མགྱོགས་མྱུར་ངང་ཨ་མ་ལགས་ཀྱི་སློབ་གྲྭར་ལྡེ་མིག་ལེན་པར་ཕྱིན་པ་ཡིན།

ནང་ལ་སླེབས་དུས་ང་དཀའ་ལས་ཞེ་དྲགས་ཁག་སོང་པས་ངས་ངལ་གསོ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་རྒྱབ་ཏེ་(བརྒྱབ་སྟེ་)ནང་ལ་སྒྲུང་དེབ་(The famous five :Smuggle trop) ཞེས་པ་ཞིག་ཀློག་ནས་བསྡད་པ་ཡིན། ཆུ་ཚོད་བཞི་པའི་གཡས་གཡོན་ལ་ངའི་ཨ་མ་ལགས་ནང་ལ་ཕེབས་སོང་། ཁོང་ཡང་དཀའ་ལས་ཁག་ཏེ་ངལ་གསོ་བརྒྱབ་པ་དང་གཟིགས་མོ་ཡང་གཟིགས་སོང།

ཆུ་ཚོད་དྲུག་པའི་གཡས་གཡོན་དུ་ཨ་མ་ལགས་ང་གཉིས་ཀྱིས་རུམ་གདན་གཉིས་བཀྲུས་པ་ཡིན། ཆུ་ཚོད་བརྒྱད་པ་ཙམ་ལ་དགོང་ཟས་ཁ་ལག་སྟབས་ཏེ་(བདེ་)ཞིག་བཟས་པ་ཡིན། དེ་རྗེས་ཨ་མ་ལགས་ང་གཉིས་མཉམ་དུ་ལྟད་མོ་ཞིག་བལྟད་ནས་བསྡད་པ་དང་ཚོུད་བཅུ་པའི་གཡས་གཡོན་ལ་མར་ཉལ་པ་ཡིན། ཉིན་དེ་ལ་དཀའ་ལས་ཡང་མང་པོ་ཁག་སོང་ལ་ཉམས་མྱོང་ཡང་ཡག་པོ་བྱུང་སོང་།། །།

No comments: