Monday, January 5, 2015

ཉིན་ཐོ། ༢༠༡༤།༡༢།༤


༄༅།། དེ་རིང་གི་ཉིན་མོ་ནི་ངའི་ཕྱི་ཟླ་དང་པོའི་ཉིན་མ་སྐྱིད་ཤོས་ཤིག་ཡིན། ཉིན་མ་དེ་ནང་ང་དང་ངའི་ནང་མི་ཞོགས་ཇ་བཟས། དེ་རྗེས་ཞོགས་པའི་དུས་ཚོད་རྣམས་སློབ་སྦྱོང་ལ་བཏང་པ་ཡིན། དུས་ཚོད་དེ་ནང་ངས་དབྱིན་སྐད་ནང་རྩོམ་ཞིག་བྲིས། དེ་ནས་སྒྲུང་དེབ་ཀློག་ནས་བསྡད་པ་ཡིན།

  

ཆུ་ཚོད་ ༡༢ ་གཡས་གཡོན་ལ་ང་དང་ངའི་ནང་མི་རྣམས་ང་ཚོའི་གྲོགས་པོ་ཞིག་གི་ནང་ལ་ ཉིན་དགུང་ཁ་ལག་ལ་སྐད་བཏང་ཡོད་པས། ང་ཚོས་ཁོ་ཚོའི་ནང་ལ་ཕྱིན་པ་ཡིན། ལམ་འགྲོ་ཞོར་ལ་ཁོང་ཚོར་འཁྱགས་པ་བྱི་རིལ་ཁ་ཤས་ཤིག་ཉོས་པ་ཡིན།

  
  ཁོ་ཚོའི་ནང་ལ་ང་ཚོ་རྩེད་མོ་མང་པོ་ཞེ་དྲགས་རྩེས་པ་ཡིན། དཔེར་ན་( Minecraft ) སོགས་རྩེས་པ་ཡིན། དེ་རྗེས་ང་ཚོས་ཉིན་དགུང་ཞལ་ལག་གྲ་རྒྱས་པོ་ཞིག་བཟས། དེ་ནས་བག་ལེབ་མངར་མོ་( cake )བཟས་པ་ཡིན།

   ཆུ་ཚོད་ ༡ ཙམ་རྗེས་ལ་ང་ཚོ་ནང་མི་རྣམས་ཨ་ཁུ་ཡི་མོ་ཊའི་ནང་འཛུལ་ནས་( Bondi Beach )ལ་ཕྱིན་པ་ཡིན། ལམ་ཁར་ཆུ་ཚོད་གཅིག་ཙམ་འགོར་སོང་བས་ང་མགོ་ན་བྱུང།

   ( Bondi Beach )ལ་ང་ཚོ་མཚོ་མཐའི་གཡས་གཡོན་ལ་གོམ་པ་བརྒྱབ་པ་ཡིན། ང་ཚོས་ཞོར་ལ་ཡུལ་ལྗོངས་ཡག་པོ་ཡོད་སར། དཔར་ཁ་ཤས་བརྒྱབ་པ་ཡིན། ང་ཚོ་རྒྱ་མཚོའི་མཐའ་ལ་གོམ་པ་བརྒྱབ་དུས་རླུང་གྲང་མོ་ཞིག་བརྒྱབ་ཀྱི་འདུག བྱས་ཙང་ང་སྐྱིད་པོ་ཞེ་དྲགས་བྱུང།

  
དེ་རྗེས་ང་ཚོ་མཚོ་མཐའི་བྱེ་མའི་དཀྱིལ་ལ་རྩེད་མོ་རྩེས་པ་ཡིན། ང་ཚོས་རྦ་རླབས་ཀྱི་ཉེ་འགྲམ་ལ་རྩེད་མོ་རྩེས་དུས་རྦ་རླབས་ཀྱི་ཆུ་ཤུགས་ཆེན་པོ་ཡོད་པས། ངའི་དུག་ལོག་རློན་པ་རློན་ཀྱང་ཆགས་སོང། རྦ་རླབས་ཀྱི་ཆུ་དེ་བྱེ་མའི་དཀྱིལ་ལ་སླེབས་ཀྱི་འདུག་པ་མ་ཟད། ཆུ་རྣམས་རྒྱ་མཚོར་རང་འཇགས་ཕྱིན་དུས། ང་ཚོ་ཡར་འགྲོ་ཡི་ཡོད་པ་མཚོར་གྱི་འདུག
  དེ་རྗེས་ང་ཚོ་ཚང་མ་རྐང་པ་བཀྲུས་ནས་ནང་ལོག་ཕྱིན་པ་ཡིན། ནང་ལ་སླེབས་ཚར་རྗེས། ངས་གཟུགས་པོ་བཀྲུས་ནས་དགོང་དག་ཁ་ལག་བཟས་པ་ཡིན། དེ་ནས་ངས་སྒྲུང་དེབ་ཀློག་ནས་སྐྱིད་པོའི་ངང་ཉལ་པ་ཡིན།། །།

2 comments:

Tashi said...

བུ་བསྟན་འཛིན་ཕྲིན་ལས་ལགས་ ཁྱེད་རང་གི་ཟིན་བྲིས་འདི་ཀློག་ནས་ངའི་ཚོར་བ་ལ་ང་ཁྱེད་རང་མཉམ་པོ་ཡོད་པ་ནང་བཞིན་ཚོར་བ་མ་ཟད་བག་ལེབ་མངར་མོ་དང་འཁྱགས་པ་བྱི་རིལ་ཡང་ཟ་ཡག་བྱུང་ ཐུགས་རྗེ་ཆེ༑ :)

Unknown said...

I'm so sad that I cannot read Tibetan, but I LOVE the photos of you and your family, and of Australia!! It's wonderful to see you all and imagine your adventures there. I lived in Sydney many years ago -- in 1989/90, for about 10 months. I enjoyed it very much. It seems as though you are also enjoying -- wonderful!!!