འབུ་ཆ་ག་པ།
༄༅།།
གནའ་སྔ་མོ་སྤོ་སྤོ་ལགས་དང་རྨོ་ལགས་གཅིག་ཡོད། ཉིན་མ་རྟག་པར་ཁོང་གཉིས་ཀྱི་ཞིང་ཁ་ལ་གནོད་འཚེ་མང་པོ་ཡོང་གི་ཡོད། ཉིན་མ་གཅིག་ཞིང་ཁ་ལ་གནོད་འཚེ་གཏོང་མཁན་འབུ་ཆ་ག་པ་ཡིན་པ་རྟོགས་པས་ཁོང་ཁྲོ་ལངས་ཐག་ཆོད་ནས་ཁྲོམ་ལ་འབུ་སྨན་ཉོ་བར་ཕྱིན་པ་རེད།
འབུ་སྨན་དེ་ཡི་དུས་ཚོད་ལ་མ་བལྟས་ནས་ཉོས་པ་རེད། ནང་ལ་སླེབས་དུས་མགྱོགས་མྱུར་ངང་ཞིང་ཁའི་ནང་འབུ་སྨན་བརྒྱབ་པ་རེད།
འབུ་སྨན་དེ་དུས་ཚོད་ཡོལ་ཡོད་པས་ནུས་པ་མ་ཐོན་ནས་འབུ་གཅིག་ཀྱང་བསད་མ་ཐུབ་པ་རེད།
དེ་ནས་ཡང་རྨོ་རྨོ་ལགས་དང་སྤོ་སྤོ་ལགས་ཡང་བསྐྱར་ཁྲོམ་ལ་འབུ་སྨན་ཉོ་བར་ཕྱིན་པ་རེད། འབུ་སྨན་ཉོས་དུས་ལམ་སེང་འབུ་སྨན་ག་རེ་ཡིན་ནའི་སྤྲད་དང་ལབ་པ་རེད། འབུ་སྨན་བཙོང་མཁན་གྱིས་ཞུ་ལུ་མ་གསོད་བྱེད་ཀྱི་འབུ་སྨན་བཙོང་པ་རེད།
རྨོ་རྨོ་དང་སྤོ་སྤོ་ལགས་ཀྱིས་མགྱོགས་མྱུར་ངང་ཞིང་ཁའི་ནང་འབུ་སྨན་དེ་གཏོར་པ་རེད།
འབུ་སྨན་གཏོར་ཚར་དུས་ཡང་བསྐྱར་ཞིང་ཁའི་ནང་གི་འབུ་ཆ་ག་པ་གཅིག་ཀྱང་བསད་ཐུབ་མེད།
ཁོང་གཉིས་འུ་ཐུག་ནས་ཉིན་མཚན་གཅིག་དཀའ་ལས་བརྒྱབ་སྟེ་འབུ་ཆ་ག་པ་གཉིས་འཇུས་ཐུབ་ཙམ་བྱུང་བ་རེད།
སང་ཉིན་དེར་འབུ་དེ་གཉིས་ཤོག་སྒམ་ནང་བླུག་སྟེ་ཁྲོམ་ཐག་རིང་པོ་ཞིག་ལ་ཕྱིན་པ་རེད།
དེ་རྗེས་འབུ་སྨན་བཙོང་སར་སླེབས་དུས་ཤོག་སྒམ་ནང་ལྟ་སྐབས་འབུ་གཉིས་ཀ་ཤི་ཚར་བ་རེད།
ཁོ་གཉིས་དགའ་ཐག་ཆོད་ནས་འབུ་སྨན་མ་ཉོས་པར་ནང་ལ་ལོག་ཕྱིན་པ་རེད།
དེ་ནས་རྨོ་རྨོ་ལགས་དང་སྤོ་སྤོ་ལགས་ནང་ལ་སླེབས་དུས་ཞིང་ཁའི་ནང་འབུ་ཆ་ག་པ་ཤིན་ཏུ་མང་པོ་ལྷག་ཡོད་་པ་མཐོང་དུས་ཧང་སངས་ནས་ལུས་པ་རེད།།
།།
1 comment:
ལོ་ན་བརྒྱད་ལས་མ་ལོན་པའི་བུ་བསྟན་འཛིན་འཕྲིན་ལས་ལགས། ཁྱེད་ཀྱི་ཡི་གེ་བྲིས་སྟངས་དང་བརྗོད་བྱ་རྣམས་ལ་ང་ཧང་སང་སོང་། དུས་རབས་ཉེར་གཅིག་འདིའི་ནང་ལོ་ན་བརྒྱད་ལས་མ་སོན་པའི་བྱིས་པ་དྲ་རྒྱའི་སྟེང་ཟིན་བྲིས་མཁན་ཁྱེད་རང་ལས་མ་མཐོང་། སེམས་ཤུགས་སྔར་ལས་ལྷག་པ་འཕེལ་ཏེ་མུ་འཐུད་ཟིན་བྲིས་བཏབ་སྟེ་བོད་པའི་སྤྱི་ཚོགས་ནང་མིག་དཔེ་སྟོན་ས་བྱེད་དགོས་པ་ཡིན། ཁྱེད་རང་ལྟ་བུས་དྲ་སྟེང་དུ་ཟིན་བྲིས་སྤེལ་དུས་ང་ནི་དེ་བས་སྔར་ལས་ལྷག་པའི་སེམས་ཤུགས་འཕེལ་ཡོང་གིས་འདུག ང་ལ་ཟིན་བྲིས་བཏབ་པའི་ནུས་པ་དང་། བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་པོ་ཡོད་སྟབས་ཁྱེད་ལ་སློབ་དགེ་སྤྲོད་རྒྱུའི་ནུས་པ་མེད། ཡིན་ཡང་ཁྱེད་ལ་སྐབས་རེ་སྐད་ཆ་འདྲ་ཤོད་རེས་དང་། བསམ་ཚུལ་བརྗེ་ལེན་བྱེད་པར་ཁྱེད་ཀྱི་ཟིན་བྲིས་སུ་ཡང་ཡང་ཡོང་ངེས་ཡིན། ག་ལེར་བཞུགས་འཕྲིན་ལས་ལགས། ང་ཚོ་ཡང་བསྐྱར་མཇལ་ཡོང་།
Post a Comment