རྒྱལ་ས་ཁན་བ་ར་ཡི་ཡུལ་ལྗོངས |
ཆུ་ཚོད་༧ པ་ཙམ་གྱི་གཡས་གཡོན་ལ་ང་ཚོ་ (Resting Area) ཉལ་གསོ་བརྒྱབ་སའི་ ས་ཆ་དམིགས་བསལ་ཞིག་ལ་ཞོགས་ཇ་ཞིམ་པོ་ཞིག་བཏུང་པ་ཡིན།
དེ་ནས་ལམ་བར་དུ་ང་ཚོ་དཔར་བརྒྱབ་སའི་ས་ཆ་ཞིག་ལ་སླེབས་པ་མ་ཟད་རྩྭ་ཐང་གི་ཡུལ་ལྗོངས་ཡག་པོ་ཞིག་འདུག ང་ཚོས་དེར་དཔར་མང་པོ་བརྒྱབ་པ་ཡིན། ཆུ་ཚོད་གསུམ་དང་ ཕྱེད་ཀའི་རྗེས་ལ་ང་ཚོ་ཁན་བ་རར་སླེབས་སོང། ཁན་བ་རར་ནི་གྲོང་ཁྱེར་ཆེ་ཡང་མི་ཚོགས་ ཀྱི་འཚང་ག་ཤིག་ཤིག་མེད་པའི་གྲོང་ཁྱེར་ཞིག་རེད་འདུག
ང་ཚོ་དང་པོ་རྒྱལ་ཁབ་ཨོ་སོ་ཊི་རི་ལ་ཡའི་གྲོས་ཚོགས་ནང་ཕྱིན་པ་ཡིན། ང་ཚོ་གྲོས་ཚོགས་ནང་འཛུལ་དུས་བརྟག་དཔྱད་མང་པོ་ཞེ་དྲགས་བྱེད་དགོས་པ་དང་གྲོས་ཚོགས་ནང་ལ་ཚོང་ཁང་སོགས་མང་པོ་འདུག དང་པོ་ང་ཚོ་གྲོས་ཚོགས་ཀྱི་ཚོགས་འདུ་ཚོགས་སའི་ནང་ཕྱིན་དུས། དེར་གསེར་གྱི་རྒྱུག་ པ་ཞིག་འདུག་པ་དང་ཁྲིམས་ཀྱི་དེབ་མང་པོ་ཞེ་དྲགས་འདུག དེ་རྗེས་ང་ཚོ་གྲོས་ ཚོགས་ཀྱི་ བཤམས་སྟོན་ཁང་(Art gallery) ལ་ཕྱིན་པ་ཡིན། དེའི་ནང་སྔོན་རྒྱལ་ཁབ་ཨོ་སོ་ཊི་རི་ལ་ཡ་ནང་གི་སྲིད་བཛིན་རྣམས་ ཀྱི་འདྲ་རིས་སྣུམ་ཚོན་གྱི་རི་མོས་བྲིས་འདུག་ལ། སྔོན་གྱི་སྲིད་བཛིན་རྣམས་ཀྱི་དངོས་པོ་ སོགས་མང་པོ་འདུག དེ་རྗེས་ང་ཚོ་གྲོས་ཚོགས་ཀྱི་ཐོག་ཀར་ཕྱིན་པ་ཡིན། གྲོས་ ཚོགས་ཀྱི་ཐོག་ཀ་ནས་ཡུལ་ལྗོངས་ཚང་མ་མཐོང་པ་མ་ཟད་ཐོག་ཁར་རྩྭ་ཡང་འདུག
དེ་ནས་ང་ཚོ་རྒྱལ་ཡོངས་འགྲེམས་སྟོན་ཁང་(national museum )ཞེས་པའི་ནང་ ཕྱིན་པ་ཡིན། དེའི་ནང་སྔོན་རྒྱལ་ཁབ་ཨོ་ སོ་ཊི་རི་ལ་ཡའི་ནང་གི་གདོད་མའི་མི་དེ་ཚོའི་ དངོས་པོ་དང་སེམས་ཅན་རྩ་མེད་ཕྱིན་པའི་རུས་ཁོག་སོགས་མང་པོ་འདུག་པ་མ་ཟད་སྔོན་གྱི་གནམ་གྲུ་སོགས་མང་པོ་ཡོད་ཙང་སྐོར་ར་སྐོར་ཚར་རྒྱུ་མི་འདུག དེ་ནས་ང་ཚོ་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་(National museum) ཟ་ཁང་ནང་ནང་ ནས་འཁྱེར་བའི་ཤ་བག་ལེབ་བཟས་པ་ཡིན།
དེ་ནས་ང་ཚོ་མེ་ཏོག་ལྡུམ་རར་ཕྱིན་པ་ཡིན། ང་ཚོ་དང་པོ་མེ་ཏོག་ལྡུམ་རར་མ་སླེབས་གོང་

ཉིན་གཉིས་པ། དེ་རིང་ངས་ཆུ་ཚོད་ ༧ པ་ཙམ་ལ་ཡར་ལངས་ནས་ཁྲུས་བརྒྱབ་པ་སོགས་བྱས་པ་ཡིན། དེ་རྗེས་གནས་ཚང་གི་ཕྲུ་གུ་དེ་ཚོར་མིང་གང་ཡིན་སོགས་སྐད་ཆ་དྲིས་པ་དང་རྩེད་མོ་རྩེས་པ་ཡིན། གང་

དེའི་རྗེས་ལ་ང་ཚོ་ངའི་ཨ་ཁུ་ལགས་ཀྱིས་མོ་ཊའི་ནང་ཨོ་སོ་ཊི་རི་ལ་ཡའི་བོད་ཀྱི་དོན་ གཅོད་ཁང་གི་སྐུ་ངོ་དོན་གཅོད་ལགས་མཇལ་པ་ཡིན། ངའི་པཱ་ལགས་དང་ཨ་ཁུ་ལགས་ཀྱིས་སྐུ་ངོ་དོན་གཅོད་དང་བཀའ་མོལ་ཡུན་རིང་གནང་སོང།
ཉིན་གུང་ཟིན་སྐབས་སྐུ་ངོ་ལགས་ཀྱིས་ང་ཚོར་ཉིན་གུང་ཞལ་ལག་བཀྱགས་སོང། དེ་རྗེས་ང་ཚོ་ཚུར་སི་ཌི་ནི་(Sydney)གྱི་ནང་ལ་ཐོན་ཡོང་པ་ཡིན། དེ་སྐབས་ལམ་ཁར་མོ་ཊ་འཚང་ཁ་ཆེན་པོ་ཡོད་ཙང་མོ་ཊ་ཚང་མ་ག་ལེར་ག་ལེར་འགྲོ་གི་འདུག ནང་ལ་མ་སླེབས་གོང་ང་མགོ་ན་བས་གཉིད་ཡང་ཤོར་གྱི་མི་འདུག ཆུ་ཚོད་གསུམ་གྱི་རྗེས་ལ་ནང་ལ་སླེབས་སོང། ནང་ལ་ང་ཚོ་དགོང་དག་ཁ་ལག་བཟས་པ་དང་སྒྲུང་དེབ་ཀློག་ནས་གཉིད་ཁུག་པ་ཡིན།། །།
No comments:
Post a Comment