ཕྱི་ལོ་༢༠༡༢ཟླ་བ་༥ཚེས༢༦ཉིན་བྲིས།
༄༅།། དེ་རིང་ནི་དབྱར་ཁའི་ཉིན་བཅུའི་གུང་སེང་སླེབས་པའི་ཉིན་མཐའ་མ་འདི་རེད། དེ་རིང་ཞོགས་པ་ང་འཛིན་གྲྭའི་སྒོ་འཛུལ་མ་ཐག་ངའི་འཛིན་གྲོགས་ཚོས་དགའ་བའི་རྣམ་འགྱུར་དང་བཅས་ང་ལ་ཐལ་མོ་བརྡབས་བྱུང་། ཁོ་ཚོས་ང་ལ་དེ་ལྟར་བྱས་པར་ང་དགའ་བྱུང་།
གཟའ་སྤེན་པ་ཡིན་པར་བརྟེན་ཞོགས་ཚོགས་སྐབས་རྒྱལ་གླུ་མ་བཏང་པར་ནང་ཆོས་ངོ་སྤྲོད་གནང་སོང་། ནང་ཆོས་ངོ་སྤྲོད་སྐྱབས་འགྲོ་རི་མོ་དང་དཔེ་སྦྱར་ནས་གསུངས་སོང་། ངས་ཤེས་པའི་གཙོ་་བོ་ནི་ཆོས་ལུགས་གཞན་གྱི་ལྷ་ལ་གུས་ཞབས་མ་གཏོགས་ཡིད་ཆེས་བྱེད་རྒྱུ་མེད་པ་དེ་རེད།
བོད་ཡིག་སློབ་ཚན་སྐབས་ལ་ཆོས་དགེ་ལགས་ཀྱིས་རྟགས་གསལ་བསླབས་གནང་སོང་། དེ་དུས་སློབ་ཕྲུག་ཚང་མ་དགའ་པོ་དང་ཧ་ཅང་འཁྲུག་པོ་བྱུང་སོང་། ཉིན་གུང་རྗེས་ལ་ང་ཚོས་འཛིན་ཁང་གཙང་མ་བཟོས་པ་ཡིན། གཙང་མ་བཟོས་ཚར་རྗེས་མགོ་རྙོག་(puzzle)རྩེས་པ་ཡིན། འོན་ཀྱང་ཕྲུ་གུ་རྣམས་གུང་སེང་ལ་འགྲོ་བའི་རྔམ་དྲག་བྱེད་ཀྱི་འདུག ང་རང་ཡང་ལྟད་མོ་གསར་པ་(cars 2)ལྟ་རྒྱུའི་རྔམ་དྲག་དང་ཨ་ཅག་ལགས་ཐུག་རྒྱུ་ཡོད་པས་སེམས་པ་སྐྱིད་པོ་འདུག ། །།
No comments:
Post a Comment