Thursday, May 3, 2012

རྒྱ་སེ་མེ་ཏོག་ནག་པོ།

༅༅།། ད་ལྟའི་དུས་ཚོད་དེ་ལ་གཡས་གཡོན་གང་སར་རྒྱ་སེ་མེ་ཏོག་མཐོང་རྒྱུ་འདུག རྒྱ་སེ་མེ་ཏོག་ལ་ཁ་མདོག་དམར་པོ་དང་ཟིང་དཀར། དཀར་པོ། སེར་པོ། ལི་ཝང་བཅས་ཡོད། རྒྱ་སེ་མེ་ཏོག་སྡོང་པོ་དང་ཡལ་ག་གང་སར་ཚེར་མ་ཆུང་ཆུང་རྣོ་པོ་མང་པོ་ཡོད། རྒྱ་སེ་མེ་ཏོག་གི་དྲི་མ་ནི་མེ་ཏོག་ཚང་མ་ནང་ནས་ཞིམ་ཤོས་རེད། རྒྱ་སེ་མེ་ཏོག་ལ་ལོ་མ་ལྗང་ཁུ་ཆུང་ཆུང་ཧ་ཅང་མང་པོ་ཡོད། རྒྱ་སེ་མེ་ཏོག་ལ་སོན་མེད། རྒྱ་སེ་མེ་ཏོག་ཁོ་རང་གི་ཡལ་ག་བཏུབ་ནས་བཏབ་ཀྱི་ཡོད། རྒྱ་སེ་མེ་ཏོག་ཡལ་དུས་འབྲུ་དམར་པོ་བྱུ་རུ་འདྲ་པོ་ཆུང་ཆུང་དེ་འདྲ་འདུག མི་ཁ་ཤས་ཀྱིས་རྒྱ་སེ་མེ་ཏོག་དཀོན་མཆོག་ལ་ཕུལ་གྱི་འདུག ལྟད་མོའི་ནང་ལ་རྒྱ་སེ་མེ་ཏོག་ཆང་ས་དང་ལག་རྟགས་ལ་བེད་སྤྱོད་བྱེད་ཀྱི་འདུག རྒྱ་སེ་མེ་ཏོག་གིས་བཟོས་པའི་ཆུ་དྲི་མ་ཞིམ་པོ་འདུག ངས་(ཤེས་བྱ་བྱིས་པའི་དགའ་སྐྱེད་)ཀློག་དུས་རྒྱ་སེ་མེ་ཏོག་གི་སྣུམ་བཟོས་ཀྱི་ཡོད་པ་ཤེས་སོང་། ཧང་སངས་དགོས་པ་ཞིག་ལ་དེ་རིང་ངས་དྲ་རྒྱའི་ནང་ནས་རྒྱ་སེ་མེ་ཏོག་ནག་པོ་མཐོང་སོང་། ངས་ད་བར་རྒྱ་སེ་མེ་ཏོག་མང་པོ་མཐོང་ཡང་ནག་པོ་གཅིག་ཀྱང་མཐོང་མྱོང་མེད།། །།

2 comments:

tibetreport said...

བཀྲིས་བདེ་ལེགས་ཡོད། ཁྱེད་ནི་་བོད་རིགས་ན་གཞོན་ཚང་མར་དེང་དུས་མཐུན་རྐྱེན་བེད་སྤྱོད་བྱེད་ནས་བོད་ཡིག་ལ་དོ་སྣང་བྱེད་རྒྱུའི་མིག་དཔེ་བཟང་པོ་རེད་བསམ། བུ་ཆུང་ཀེ་ཚེ་རིང་གིས།
ཕུལ།།

Anonymous said...

སློབ་བུ་བསྟན་འཛིན་འཕྲིན་ལས་ལགས། ཁ་སང་ངས་ཁྱེད་ཀྱི་བོད་ཀྱི་སྤྲིན་ལམ་ཞེས་ཟིན་བྲིས་དྲ་རྒྱ་དེ་ཨ་རིའི་རླུང་ཕྲིན་ཁང་བརྒྱུད་ཤེས་རྟོགས་བྱུང་བས་གུས་པར་སྤྲོ་བ་བརྟས། གུས་པས་དང་འདོད་ཆེན་པོ་དེར་དོ་སྣང་བྱས་སྐབས་བསམ་ཡུལ་ལས་འདས་པའི་གནས་སུ་གྱར། ཁྱེད་ཀྱིས་ལོ་ཆུང་དུས་ནས་བོད་ཀྱི་སྐད་ཡིག་ལ་དང་འདོད་བྱས་པར་ཐུགས་རྗེ་ཞུ།