Friday, May 11, 2012

ཁྱི་ནག་རིལ།

༄༅།། ཁྱི་ནག་རིལ་ནི་ངའི་ནང་གི་སྒོ་འགྲམ་དུ་སྡོད་ཀྱི་ཡོད། ནག་རིལ་ནི་ང་ཆུང་ཆུང་སྐབས་ནས་ཡོད། དེ་དུས་ང་ནག་རིལ་ལ་ཞེད་ཀྱི་ཡོད། ང་ཚོ་ས་ཆ་ག་པར་ཕྱིན་ནའང་ནང་ལ་ཡོང་དུས་ནག་རིལ་གྱིས་ང་ཚོ་ལ་གཞུ་གུ་གཡུག་གཡུག་བྱེད་ཀྱི་རེད།



        ནག་རིལ་རྟག་ཏུ་ནང་གི་སྒོ་འགྲམ་དུ་བསྡད་ནས་སྒོ་སྲུང་གི་འདུག ད་དུང་ང་ཚོ་གནས་ཆུང་ལ་འགྲོ་དུས་མཉམ་དུ་ཡོང་གི་འདུག ནག་རིལ་གྱི་ཁ་མདོག་ནི་ནག་པོ་རེད། ནག་རིལ་ལ་གྲོགས་པོ་ཉུང་ཉུང་ལས་མེད། ད་དུང་ཁྱི་གཞན་པས་ང་ལ་རྨུག་པར་ཡོང་ན། ནག་རིལ་གྱིས་ང་ལ་རྨུག་པར་ཡོང་མཁན་གྱི་ཁྱི་དེ་དེད་ཤར་གཏོང་གི་རེད། 


           ནག་རིལ་ལ་ཕོར་པ་སྒོར་སྒོར་ཆུང་ཆུང་དམར་པོ་གཅིག་ཡོད། ནག་རིལ་ལ་ཁ་ལག་ང་ཚོའི་གྲོང་པ་ཚང་མས་སྤྲད་ཀྱི་ཡོད། ནག་རིལ་གྱིས་ང་ཚོ་གྲོང་པ་ཚང་མའི་སྒོ་སྲུང་པ་དང་། མི་ངོ་མི་ཤེས་པ་སུ་སླེབས་ནའང་འབ་ཀྱི་རེད། དམིགས་བསལ་རྒྱ་གར་གད་སྙིགས་སྒྲུག་མཁན་ལ་འབ་ནས་ཐག་རིང་པོ་བར་དེད་ཤར་གཏོང་གི་རེད།
             ད་ལྟ་ནག་རིལ་རྒན་འཁོག་ཆགས་ཡོད། ད་དུང་ནག་རིལ་ལ་སྐད་བརྒྱབ་སྟངས་གཉིས་ཡོད། ང་ཁྱི་གཞན་དག་ཚང་མ་ལ་ཧ་ཅང་མང་པོ་ཞེད་ཀྱི་འདུག འོན་ཀྱང་ནག་རིལ་ལ་ཞེད་ཀྱི་མི་འདུག ང་ནག་རིལ་ལ་དགའ་ཡི་འདུག ། །།

5 comments:

ཛམ་གཡུ་སྤེན་ཚེ། said...

བསྟན་འཛིན་འཕྲིན་ལས་ལགས།
འཇིག་རྟེན་ནི་ཆེན་པོ་རེད་ལ་ཆུང་ཆུང་དེ་བས་རེད། ངས་ཁྱེད་ཀྱི་རྩོམ་ཡིག་འདི་ཐེངས་གཉིས་བཀླགས་ཡིན། སེམས་ལ་དགའ་ཚོར་ཆེན་པོ་ཞིག་བྱུང་། སང་ཉིན་བོད་ཕྲུག་ན་གཞོན་ཞིག་གིས་་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་ཕ་བཀའ་དྲིན་ཅན་གྱི་བསླབ་བྱ་དང་མ་བྱམས་སྐྱོངས་ཅན་གྱི་རོགས་སྐྱོར་འོག་ཚང་མས་འཇིགས་སྣང་སྐྱེ་གཞིའི་རང་རིགས་ཀྱི་སྐད་འདིར་སློབ་སྦྱོང་ཡག་པོ་བྱས་ནས་མི་རིགས་ཀྱི་གཟི་བརྗིད་ངོམས་གནང་ཐབས་་བྱས་པར་ཁྱེད་དང་། ལྷག་པར་ཁྱེད་ཀྱི་ནང་མི་ལྷན་རྒྱས་ལ་ཐུག་རྗེ་ཆེ་ཞུ། མུ་མཐུས་ནས་འབད་བརྩོན་གནང་རོགས།
ཛམ་གཡུ་སྤེན་པ་ཚེ་རིང་གིས།
ཝཱཎ་ནས་སྤྲིངས།

lllttt3267 said...

བསྟན་འཛིན་འཕྲིན་ལས་ལགས། ལོ་ན་ཆེས་ཆུང་བའི་རྩོམ་པ་པོ་ཁྱེད་མ་འོངས་པར་རྩོམ་རིག་གི་ལམ་ནས་འཛམ་གླིང་ལ་སྙན་གྲག་རྒྱས་པ་ཞིག་ཡོང་བར་ཐེ་ཚོམ་མེད། མུ་མཐུད་ནས་ཤུགས་རྒྱོབས།

རྒྱང་རིང་རྒྱང་རིང་ཞིག་ནས་རྨ་དུག་ལྕེས།

བསྟན་འཛིན་དར་རྒྱས། said...

གངས་ཕྲུག་བསྟན་འཛིན་འཕྲིན་ལས་ལ། ཁྱེད་ནི་འུ་ཚང་གི་རིག་གཞུང་བརྒྱུད་འཛིན་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཐག་གི་ཆོད། ཕ་བཟང་གི་ཁ་ལ་ཉན་ནས་མུ་མཐུད་ནས་འབྲི་རོགས་གནང་་་ པེ་ཡག་པོ་འདུག ཁྱེད་ཀྱི་ཉིན་ཐོ་དང་སྒྲུང་ཐུང་། རྩོམ་ཡིག་སོགས་རེ་རེ་བཞིན་ངས་ཀློག་བཞིན་ཡོད། ཁྱེད་ཀྱི་ནང་མི་ཡོངས་ལ་ཁ་དྲོ་བཀྲ་ཤིས་ཞུ་རྒྱུ་ཡིན། ལྷག་པར་དུ་ཁྱེད་ཀྱི་ཕ་ཡུམ་ལགས་ལ་བཀའ་དྲིན་ཆེ།

གོང་དཀར་ངག་རྣམ། said...

ཟིན་བྲིས་པ་ཆུང་ངུ་ལགས
ངས་བལྟས་ན་ཆུང་དུས་རྩོམ་ཡིག་ལ་རོལ་རྒྱུ་ནི་ཁྱེད་ཀྱི་ལས་སྐལ་རང་རེད་འདུག་པས།
མུ་མཐུང་ང་ཚོར་ཟིན་བྲིས་ཀྱི་བདུད་རྩི་སྦྱིན་རོགས་ཞུ།

གོང་དཀར་ངག་རྣམ། said...

ཟིན་བྲིས་པ་ཆུང་ངུ་ལགས
ངས་བལྟས་ན་ཆུང་དུས་རྩོམ་ཡིག་ལ་རོལ་རྒྱུ་ནི་ཁྱེད་ཀྱི་ལས་སྐལ་རང་རེད་འདུག་པས།
མུ་མཐུང་ང་ཚོར་ཟིན་བྲིས་ཀྱི་བདུད་རྩི་སྦྱིན་རོགས་ཞུ།