Monday, September 22, 2014

ཉིན་ཐོ།

༄༅།། དེ་རིང་གི་ཉིན་མོ་དེ་ནི་དམིགས་བསལ་ཞིག་ཡིན་ཞིང་དེ་ནི་ངའི་ནང་མི་ཚང་མ་དང་ང་ཚོའི་གྲོང་པ་བཅས་ཕྱི་ཡི་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་ཞེས་པ་དེར་འགྲོ་རྩིས་བྱེད་ཀྱི་ཡོད། ང་དང་ངའི་ནང་མི་ཚང་མས་ཞོགས་པ་སྔ་པོ་ནས་ལངས་ཏེ་་ལྟོད་ཕད་ཆེན་པོ་ཆེན་པོ་མང་པོ་ཞིག་རླངས་འཁོར་ནང་འཁྱེར་པ་དང་ཆབས་གཅིག་ང་ཚོའི་དགའ་ཉེ་ཚོར་ག་ལེར་བཞུགས་ཞུས་ཏེ་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་བཞུགས་སྒར་རྡ་རམ་ས་ལ་ནས་དགའ་སྐྱོ་གཉིས་ལྡན་ངང་ཐོན་པ་ཡིན། ང་ཚོ་མོ་ཊའི་ནང་ཕྱིན་མ་ཐག་ཞོགས་པ་སྔ་པོ་ཡིན་ཙང་ང་གཉིད་ཤོར་འདུག

   ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་ང་ཚོ་ཟ་ཁང་ཞིག་ལ་མོ་ཊ་བཀག་ནས་ཞོགས་ཇ་བཟས་ཡིན། ཞོགས་ཇར་རྒྱ་གར་གྱི་ཞོགས་ཁོག་བག་ལེབ་དང་ཇ་མངར་མོ་བཏུང་པ་ཡིན། དེ་རྗེས་ང་ཚོ་མོ་ཊའི་ནང་རྒྱུན་རིང་པོ་ཕྱིན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་མན་ཇུ་ཊི་ལར་སླེབས་སོང་། དེར་ང་ཚོས་སྔོན་ནས་གླས་ཟིན་པའི་མགྲོན་ཁང་ནང་དངོས་པོ་རྣམས་མི་གཉིས་གླས་ཏེ་དབོར། དེ་ནས་ང་ཚོས་ཉོ་ཆ་བརྒྱབ་པ་སོགས་བྱས་ནས་ཉིན་བཞི་བསྡད་པ་ཡིན།


 

ཕྱི་ལོ་༢༠༡༤ ཟླ་ ༧ཚེས་ ༢༩ ཞོགས་པ་ཆུ་ཚོད་ལྔ་པ་ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་གནམ་ཐང་ནང་ང་ཚོ་ལྟོད་ཕད་ཀྱི་ལྗིད་ཚད་བཀྱགས་པ་དང་གནམ་གྲུའི་ནང་འགྲོ་ཆོག་པའི་ཡིག་ཆ་དེ་ཚོ་ཚང་མ་འགག་སྒོ་ལས་ཁུངས་ལ་བསྟན་པ་སོགས་མང་པོ་བརྒྱུད་ནས་ཕྱིན་པ་ཡིན། མཐའ་མ་ང་ཚོ་གནམ་གྲུའི་ནང་སླེབས་སོང། གནམ་གྲུ་དེའི་མིང་ལ་(Jet airways)ཟེར། ཉིན་དེ་ནི་ང་གནམ་གྲུའི་ནང་ཐེངས་དང་པོ་ཕྱིན་པའི་ཉིན་མོ་ཡང་ཡིན།།

  ང་ཚོ་གནམ་གྲུའི་ནང་འཛུལ་མ་ཐག་གནམ་གྲུ་འཕུར་སོང། གནམ་གྲུའི་ནང་ང་རང་ལྗིད་ཁོག་ཤུགས་ཆེན་པོས་མར་མནན་ནས་ཡར་བཀྱགས་ཀྱི་ཡོད་པ་འདྲ་པོ་ཚོར་གྱི་འདུག དེ་རྗེས་ང་ཚོ་ཞོགས་ཇ་བཟས། ངས་གནམ་གྲུའི་ནང་ལྟད་མོ་ཆེན་པོ་བལྟས་པ་མ་ཟད་གཉིད་ཀྱང་ཏོག་ཙམ་ཁུག་པ་ཡིན། དེ་རྗེས་ང་ཚོ་རྒྱལ་ཁབ་(Singapore)ལ་སླེབས་སོང་།།

  སིང་ག་པོའུའི་གནམ་ཐང་ནི་རྒྱ་ཆེ་ཞིང་གཙང་མ་དང་རྫིགས་པོ་ཞེ་དྲག་འདུག ང་ཚོས་དེར་རྔན་པ་བཟས་པ་དང་འཆམ་འཆམ་སོགས་བྱས་པ་ཡིན། ཆུ་ཚོད་གཉིས་ཀྱི་རྗེས་ལ་ང་ཚོའི་གནམ་གྲུ་གཞན་དེ་སླེབས་སོང་། ང་ཚོ་གནམ་གྲུའི་ནང་འཛུལ་ཡོང་དུས་གནམ་གྲུ་དེ་རྒྱ་གར་ནས་ཡོང་བའི་གནམ་གྲུ་དེ་དང་མི་འདྲ་བར་རྒྱ་ཆེ་ཞིང། རྫིག་པོ་དང་རྐུབ་བཀྱག་ཀྱང་ཧ་ཅང་སྐྱིད་པོ་འདུག གནམ་གྲུ་དེའི་མིང་ལ་ (Quntas airways) ཟེར་གྱི་འདུག  གནམ་གྲུའི་ནང་ངས་ལྟད་མོ་ཞིག་བལྟས་པ་དང་ཁ་ལག་གྲ་རྒྱས་པོ་ཞིག་བཟས། དེ་ནས་གཉིད་ཡག་པོ་ཞིག་ཁུག་པ་ཡིན། ཞོགས་པ་ཆུ་ཚོད་དྲུག་པ་ཙམ་ལ་ང་གཉིད་ལས་སད་པ་དང་ངའི་ནང་མི་ཡང་གཉིད་སད་སོང། ཏོག་ཙམ་རྗེས་ང་ཚོས་གནང་གྲུ་ནང་ཞོགས་ཇ་ཞིག་བཟས། ཆུ་ཚོད་ཕྱེད་ཀའི་རྗེས་སུ་ང་ཚོ་རྒྱལ་ཁབ་( Australia )ནང་སླེབས་སོང།

  ང་ཚོས་གནམ་ཐང་ནང་ནས་ཅ་ལག་ཚང་མ་ལེན་ཚར་རྗེས་གནམ་ཐང་གི་ཕྱིར་ཐོན་ས་ནས་བརྒྱུད་དུས་གནམ་ཐང་གི་ཉེན་རྟོག་པས་དོགས་པ་ཁྱོན་ནས་མེད་པར་ང་ཚོ་བཏང་སོང། །

3 comments:

བསྟན་འཛིན་འཕྲིན་ལས། Thinlay Tenzin said...

ངའི་དྲ་གྲོགས་ཚོ་ལ་ཞུ་རྒྱུར། དེ་རིང་ནས་ངར་ཉིན་༡༤རིང་དཔྱིད་ཀའི་གུང་གསེང་ཡིན་པས་དུས་ཚོད་རིང་པོའི་རྗེས་ལ་ངའི་དྲ་གྲ་རྩོམ་ཞིག་དྲི་རྒྱུའི་གོ་སྐབས་རགས་སོང་། དེའི་སྔོན་ང་སློབ་གྲྭ་སོགས་མང་པོར་འགྲོ་དགོས་པས་དུས་ཚོད་རག་མ་སོང་པས་དགོངས་དག

Unknown said...

དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་མཚམས་འདྲི་ཞུ། ཁྱེད་ཀྱི་མུ་མཐུད་དེ་རྩོམ་བྲིས་གནང་བར་དགའ་སུ་ཞུ།

གཡང་སྒྲོལ said...

ཡག་པོ་བྲིས་འདུག གོ་སྐབས་བྱུང་ན་བུ་རང་གི་བྲིས་པའི་རྩོམ་ཚང་མ་ལྟ་འདོད་འདུག བོད་ཡིག་ཁ་གཙང་མ་དང་དོན་དག་ཁ་གསལ་པོ་འདུག མུ་མཐུད་རྩོམ་བྲིས་ནས་ཕོ་རབ་ཅིག་ཆགས་པ་བྱེད་དགོས་ཨ྄།