Thursday, March 22, 2012

ངའི་ནང་མི།


༅༅།། ང་ལ་ནང་མི་བཞི་ཡོད། དེ་རྣམས་ནི་པཱ་ལགས་དང་ཨ་མ་ལགས། ཨ་ཅག་ལགས། ང་བཅས་ཡིན།

ངའི་པཱ་ལགས་ཀྱི་མཚན་ལ་ཆུང་ཚེ་རིང་ཞུ་ཡི་ཡོད། ངའི་པཱ་ལགས་ཤེས་རིག་ལས་ཁུངས་ལ་ཕྱག་ལས་གནང་གི་ཡོད། ད་ལྟ་ངའི་པཱ་ལགས་ཕ་རན་སི་(France Paris)ལ་བཞུགས་ཡོད། ངའི་པཱ་ལགས་རྩོམ་པ་པོ་ཞིག་ཡིན། ངའི་པ་ལགས་ཕྱག་དེབ་ལྗགས་ཀློག་གནང་རྒྱུར་ཤིན་ཏུ་མཉེས་པོ་ཡོད། ངའི་པཱ་ལགས་ཐུགས་གཤིས་འཇམ་པོ་ཡོད།

ངའི་ཨ་མ་ལགས་ཀྱི་མཚན་ལ་མཚམས་ལགས་ཞུ་ཡི་ཡོད། ངའི་ཨ་མ་ལགས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད། ད་ལྟ་ཨ་མ་ལགས་ང་དང་མཉམ་དུ་རྒྱ་གར་(India)ལ་བཞུགས་ཡོད། ངའི་ཨ་མ་ལགས་མཉེས་ཤོས་ནི་མེ་ཏོག་བཏབ་གནང་རྒྱུ་དང་ཞལ་འདོན་སྐྱོར་གནང་རྒྱུ་ལའང་མཉེས་པོ་ཡོད། ད་དུང་ཀུ་ར་ཡ་ལྟད་མོ་བལྟ་རྒྱུ་ལའང་མཉེས་པོ་ཡོད་པ་དང་ད་དུང་ཉི་མ་མེ་ཏོག་གི་འབྲུ་ཡང་མཆོད་རྒྱུ་ལ་མཉེས་པོ་ཡོད།

ངའི་ཨ་ཅག་གི་མཚན་ལ་བསྟན་འཛིན་ནོར་འཛིན་ཞུ་ཡི་ཡོད། ངའི་ཨ་ཅག་ལོ་བཅུ་གསུམ་རེད། ངའི་ཨ་ཅག་ལགས་སེ་ལ་ཀུལ་(Selakui)བོད་ཁྱིམ་སློབ་གྲྭ་ནང་སློབ་སྦྱོང་གནང་གི་ཡོད། ངའི་ཨ་ཅག་ལགས་འཛིན་གྲྭ་བཅུ་པ་རེད། ངའི་ཨ་ཅག་ལགས་ནི་དབྱིན་ཇིའི་སྒྲུང་དེབ་ཀློག་རྒྱུར་ཧ་ཅང་མཉེས་པོ་ཡོད། ད་དུང་ངའི་ཨ་ཅག་ལགས་ནང་ལ་བསྡད་དུས་ཨ་མ་ལགས་མཉམ་དུ་ཀུ་ར་ཡ་ལྟད་མོ་བལྟ་ཡི་ཡོད། ངའི་ཨ་ཅག་ལགས་ནི་ཉོབ་ཏོ་ཡོད། ད་བར་ངས་ཨ་ཅག་ལགས་དང་རྒྱབ་འདྲེ་ཉིན་མ་གཅིག་)ཀྱང་རྒྱབ་མྱོང་མེད། ངའི་ཨ་ཅག་ཐུགས་གཤིས་འཇམ་པོ་ཡོད།


ངའི་མིང་ལ་བསྟན་འཛིན་འཕྲིན་ལས་ཟེར། ང་ལོ་བརྒྱད་ཡིན། ང་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་སློབ་སྦྱོང་བྱེད་ཀྱི་ཡོད། ང་གློག་གི་རྩེད་ཆས་རྩེད་རྒྱུར་དགའ་པོ་ཡོད། ང་ད་ལྟ་འཛིན་གྲྭ་བཞི་པ་ཡིན།


ང་ངའི་ནང་མི་ཚང་མ་ལ་དགའ་པོ་ཡོད།།།།

3 comments:

Anonymous said...

བུ་རང་གིས་དེ་ལྟར་ཉིན་ཐོ་འབྲི་གནང་བའི་བོད་ཡིག་སྦྱོང་སྟངས་ཀྱི་ལམ་སྲོལ་འདི་ནི་ང་ཚོའི་བྱིས་པ་ཚོས་མིག་དཔེ་བལྟ་འོས་སུ་འདུག་པས། ཁྱེད་ལ་གུས་འདུད་དང་། འཚམས་འདྲི་ཞུ། ཞེས་འཆམ་ར་དྲི་མེད་རྒྱལ་མཚན་གྱིས།

Anonymous said...

བུ་ཆུང་ཆུང་་་་་་ཕ་མ་ཅི་འདྱ་བུ་ཕྲུག་ཟེར་བའི་གཏམ་དཔེ་ལ་ང་ཡིད་ཆེས་ཡོད། བུ་ཆུང་ཆུང་ཁྱོད་ལ་རྟེན་འབྲེལ་ཞུ། ང་གང་སར་སོང་ནས་ལོ་སུམ་ཅུ་ལྷག་ཡིན། བོད་རང་གི་སྐད་ཀྱི་ཐོག་ནས་འདི་འདྲ་འབྲི་མཁན་བུ་ཆུང་ཁྱེད་རང་ལྟ་བུ་མཐོང་མ་སོང་། ཁྱེད་ལ་མིག་དཔེ་བལྟ་ས་ཤེས་ཡོན་ཅན་གྱི་ཕ་མ་གཉིས་དང་བྱྲམས་སེམས་ཆེ་བའི་གཅེན་མོ་སོགས་འདུག་་་་ད་དུང་བྱིས་དུས་ཀྱི་སློབ་གསོ་ཤིན་ཏུ་གལ་ཆེ་བས་གནད་དོན་དང་བྱ་བ་གང་ཡིན་ཡང་གཟབ་གཟབ་དང་དོ་སྣང་། དོ་དམ་པོ་བཅས་གནང་རོགས། སྤྱིར་བཏང་ཉིན་ཐོ་དང་སྒྲུང་སོགས་གང་བྲིས་ཀྱང་རང་གིས་བསམ་བློ་གཏང་ནས་འབྲི་རོགས། ཨ་ཕ་ལགས་ཀྱིས་ཁྱེད་ལ་དུས་ཐོག་ལམ་སྟོན་དང་ཨ་མ་ལགས་ཀྱིས་དེ་བཞིན་བྱམས་བརྩེའི་གཟིགས་སྐྱོང་གནང་རོགས། དགའ་ཉག་འཁྱམ་པོ་ནས་དགའ་སྐྱོ་གཉིས་ལྡན་གྱི་ངང་ནས་ཕུལ།

lobs said...

སྤྱིར་བཏང་ཕ་མ་ཤེས་ཡོན་ཅན་གྱི་ཕྲུག་གུ་ལ་ཤེས་ཡོན་སྦྱོང་རྒྱུའི་མཐུན་རྐྱེན་ནི་གཞན་དང་མི་འདྲ་བ་ཞིག་ཡོད་པ་རེད་་་་་་འོན་ཀྱང་བུ་རང་ཉིད་ཀྱིས་མ་འཇོན་ན་བྱེད་ཐབས་དང་བྲལ་བ་རེད་ལགས་་་་་་་་་་་་་་བྱས་ཙང་བུ་ཁྱེད་ཀྱིས་ད་ལྟ་ཕ་མའི་ལམ་སྟོན་གྱི་འོག་ཏུ་ཤེས་ཡོན་ལ་དོ་སྣང་དང་འབད་པ་ཡོད་པ་དེ་བཞིན་དུ་མ་འོངས་པར་རང་ཉིད་ལ་རང་དབང་དང་ཕྱི་ཡུལ་གང་དུ་བསྐྱོད་ཀྱང་དེ་ཚོར་མ་སླགས་པ་གནང་རོགས། །

གཤིས་རྒྱུད་འཇམ་པའི་བོད་ཀྱི་རྩོམ་ཕྲུག་ལགས། །དེ་རིང་ཁྱེད་ཀྱི་རྩོམ་ཞིག་བཀླགས་པའི་རྗེས། །སྐྱེས་མྱོང་མེད་པའི་སེམས་ཚོར་གསར་དུ་བསྐྲུན། །ཁྱེད་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན། །
དགའ་ཤར་ཟོང་བྱམས་པ་ནས་ཕུལ། །