Sunday, April 29, 2012

ངའི་གྲོགས་པོ་ཡག་ཤོས།


༅༅།། ངའི་གྲོགས་པོ་ཡག་ཤོས་མིང་ལ་ཀུན་ཁྱབ་ཟེར།  ཀུན་ཁྱབ་ལགས་ནི་སློབ་སྦྱོངཡག་པོ་ཡོད།  ད་ལྟ་ངའི་གྲོགས་པོ་ཀུན་ཁྱབ་ལགས་རྡ་ཤོད་བོད་ཁྱིམ་སློབ་གྲྭ་ལ་ཡོད།  ཀུན་ཁྱབ་ལགས་འཛིན་གྲྭ་གསུམ་པ་རེད། ང་དང་ཀུན་ཁྱབ་ལགས་བུ་བཅོལ་ཁང་ནས་འཛིན་གྲྭ་གསུམ་པ་བར་སློབ་གྲྭ་གཅིག་པ་རེད། ཀུན་ཁྱབ་ལགས་ནི་སྤྱོད་པ་ཡག་པོ་ཡོད། ཡང་ཀུན་ཁྱབ་ལགས་ Game Boyརྩེས་གནང་འགྱུར་མཉེས་པོ་ཡོད།
ད་དུང་ང་ལ་Game Boy གཡར་གྱི་འདུག ད་དུང་ཀུན་ཁྱབ་ལགས་ལ་ཨ་ཅག་ལགས་གཅིག་ཡོད། ཀུན་ཁྱབ་ལགས་ཀྱི་ཨ་ཅག་ལགས་རྡ་ཤོད་བོད་ཁྱིམ་སློབ་གྲྭ་ལ་མཉམ་དུ་བཞུགས་ཡོད། ད་ལྟ་ཀུན་ཁྱབ་ལགས་ལོ་བརྒྱད་ཙམ་རེད། ཀུན་ཁྱབ་ལགས་ངེད་གཉིས་དོན་དག་དང་དག་ཆ་མ་ཤེས་ན་སྐད་ཆ་འདྲི་རེས་བྱེད་ཀྱི་ཡོད། ཡང་ཀུན་ཁྱབ་ལགས་ཀྱིས་གཞས་འཁྲུག་པོ་འཁྲབ་ཀྱི་རེད། དེང་སང་ག་དུས་ཡིན་ནའང་ངའི་གྲོགས་པོ་ཀུན་ཁྱབ་ལགས་གུང་སེང་སྐབས་སུ་ཐུག་པ་མ་གཏོགས་རྒྱུན་དུ་ཐུག་གི་མི་འདུག ཁོང་གི་འཛིན་གྲོགས་མཐོང་དུས་ང་གྲོགས་པོ་དྲན་གྱི་འདུག ང་གཉིས་ད་བར་རྩོད་པ་ཤོར་མྱོང་མེད། ཀུན་ཁྱབ་ལགས་མཚམས་རེ། མཚམས་རེ་ངའི་གྲོགས་པོ་ཅོ་ཅོ་འཇིགས་འབྲལ་ནང་ལ་ཡོང་གི་འདུག ཀུན་ཁྱབ་ལགས་བཞུགས་ས་དཔེ་མཛོད་ཁང་ལ་བཞུགས་ཡོད།། །།

1 comment:

ར་ས་ཕོ་ཉ། said...

http://www.wisdommirror.com/2012/04/blog-post_30.html