Sunday, May 6, 2012

ཉིན་ཐོ།

༢༠༡༢།༥།༦
༅༅།། དེ་རིང་བོད་ཚེས་བཅོ་ལྔ་ཡིན་ལ་གཟའ་ཡང་ཉི་མ་ཡིན་ཙང། ང་ནམ་རྒྱུན་དང་མི་འདྲ་བ་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ་ལངས་པ་ཡིན། དེ་རྗེས་ཞོགས་པ་ཁ་ལག་བཟའ་དུས་མཉམ་དུ་ལྟད་མོ་འཁྱགས་རོམ་དུས་རབས་(Ice age)བལྟས་པ་ཡིན། ལྟད་མོ་བལྟ་བར་ཆུ་ཚོད་གཅིག་དང་ཕྱེད་ཀ་འགོར་སོང། ལྟད་མོ་བལྟས་ཚར་རྗེས་ང་གཟུགས་པོ་བཀྲུས་པ་ཡིན། གཟུགས་པོ་བཀྲུས་ཚར་རྗེས་ངས་དབྱིན་ཇིའི་སྒྲུང་དེབ་དང་བོད་ཡིག་གི་དེབ་གཅིག་ཀློག་པ་ཡིན། དེ་རྗེས་པཱ་ལགས་ལ་ཁ་པར་བཏང་པ་ཡིན།




དེ་ནས་ཨ་མ་ལགས་ང་གཉིས་མེག་ལོག་གྷན་ཇི་ལ་ཕྱིན་པ་ཡིན། གཙུག་ལག་ཁང་ནས་ཆོས་མཇལ་ཞུས་པ་དང་གསེར་ཀོང་བརྗེས་ཚར་རྗེས་སྐྱབས་རྟེན་ཕུལ་བ་ཡིན། སྐྱབས་རྟེན་འབུལ་བར་སྐར་མ་བཞི་བཅུ་ཙམ་འགོར་སོང་། སྐྱབས་རྟེན་འཕུལ་ཚར་རྗེས་ཏག་ཏག་ཆར་པ་བབས་སོང་། གཙུག་ལག་ཁང་ནས་མར་དོན་དུས་ཡང་ཆར་པ་ཆད་སོང་།


ཨ་མ་ལགས་ང་གཉིས་མེག་ལོག་གྷན་ཇི་ལ་ཁ་ལག་བཟའ་རྒྱུ་ཐག་བཅད་པ་ཡིན། ཁ་ལག་བོད་ཀྱི་མགྲོན་ཁང་ནང་བཟས་པ་ཡིན། འོན་ཀྱང་ཨ་མ་ལགས་ང་གཉིས་ཀྱིས་ཐུག་པ་རྔོས་མ་མངགས་ཀྱང་ཞབས་ཞུ་བས་ནོར་ནས་འཐེན་ཐུག་བསྐྱལ་སོང་། ཁ་ལག་བཟས་ཚར་རྗེས་ཨ་མ་ལགས་ང་གཉིས་ཚོང་ཁང་གཅིག་ནང་ནས་ང་ཚོ་ལ་དགོས་པ་ཚང་མ་ཉོས་པ་ཡིན། དེ་ནས་ནང་ལ་ལོག་པ་ཡིན།། །།

1 comment:

ཁྱུངཿསྨོན་ལམ། said...

བསྟན་འཛིན་འཕྲིན་ལས་ལགས་སུ་ཐོག་མར་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཁྱེད་ཀྱི་ཉིན་ཐོ་ཁག་མ་ཆད་པར་བཀླགས་དང་། ཀློག་བཞིན་ཡོད། མུ་མཐུད་ཤུགས་བསྐྱོན་རོགས།