Thursday, May 31, 2012

ངའི་སེམས་ཅན་དགའ་ཤོས།

༄༅།། ངའི་སེམས་ཅན་དགའ་ཤོས་ནི་གཡག་ཡིན། གཡག་ནི་ས་ཆ་མཐོ་བོ་དང་། གནམ་གཤིས་གྲང་ས་ལ་འཚོ་གནས་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་གཡག་ལ་གྲང་ངར་ཐུབ་པའི་རྩིད་པ་མཐུག་པོ་ཡོད་པ་མ་ཟད་ཁྲག་ནང་ལ་དམིགས་བསལ་གྱི་སྲོག་འཛིན་རླུང་ཡོད་པས། བུ་ཡུག་དྲག་པོའི་ནང་དབུགས་གཏོང་ལེན་དང་གྲང་ངར་ལ་བཟོད་སྲན་ཐུབ་ཀྱི་ཡོད།
ད་དུང་གཡག་གི་ལས་ཀ་ཞིང་རྨོ་བ་དང་། དོ་པོ་འཁྱེར་གྱི་རེད། གཡག་ནི་བདེ་རྩལ་མཁས་པོ་ཡོད་སྟབས་གཡང་གཟར་ཅན་གྱི་བྲག་རི་དང་གྲོག་རོང་སོགས་ལ་ལས་སླ་པོའི་ངང་འགྲོ་ཐུབ་ཀྱི་ཡོད། གཡག་ནི་བོད་མི་ཚོར་ཕན་ཐོགས་ཤིན་ཏུ་ཆེན་པོ་ཡོད། གཡག་ནས་ཤ་མར་དང་། འོ་ཕྱུར། ཁུ་ལུ་དང་རྩིད་པ་རག་གི་ཡོད། གཡག་གི་རྩིད་པས་སྦྲ་གུར་བཟོས་ཀྱི་ཡོད། འཛམ་གླིང་ནང་ནས་གཡག་ནི་ང་ཚོའི་ཕ་ཡུལ་བོད་ལྗོངས་ལས་གཞན་ལ་མེད། གཡག་ནི་བོད་མིའི་རྩ་ཆེའི་སྒོ་ཕྱུགས་སེམས་ཅན་ཞིག་ཡིན།། །།

No comments: