Saturday, June 16, 2012

ཉིན་ཐོ།

༢༠༡༢།༦།༤
༄༅།། དེ་རིང་སྐྱོ་སྣང་ལྡན་པའི་ཉིན་མ་དེ་ལ་ང་ཚོ་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་གླིང་སྐོར་བརྒྱབ་པ་ཡིན། གླིང་སྐོར་ཕྱིན་ཚར་རྗེས་ང་ཚོ་གསུམ་གཙུག་ལག་ཁང་ལ་ཕྱིན་ནས་མཆོད་འཇལ་ཞུ་བ་དང་གསེར་ཀོང་བརྗེས་པ་ཡིན། དེ་ནས་ང་ཚོ་བརྒྱ་མཆོད་འབུལ་བར་ཕྱིན་དུས་བརྒྱ་མཆོད་ཚང་མ་ཕུལ་ཚར་ཡོད་པས་ང་ཚོ་ཆུ་ཚོད་གཉིས་ཙམ་བསྒུགས་པ་ཡིན། ཆུ་ཚོད་གཉིས་ཙམ་བསྒུགས་ཚར་རྗེས་གཞི་ནས་མཆོད་ཀོང་ཕྱིས་རྒྱུའི་དུས་ཚོད་སླེབས་སོང་། མཆོད་ཀོང་མང་ཆེ་བ་ཕྱིས་ཚར་རྗེས་ཨ་མ་ལགས་དང་ཨ་ཅག་ལགས། ང་བཅས་ཀྱིས་བརྒྱ་མཆོད་ཕུལ་བ་ཡིན།
 
 དེ་ནས་ནང་ལ་ལོག་ཚར་རྗེས་ནང་ཆས་ཕྱིས་བརྡར་བཏང་པ་ཡིན། ཕྱིས་བརྡར་བཏང་ཚར་རྗེས་ཁ་ལག་བཟས་ནས་གནས་ཆུང་ལ་ཕྱིན་པ་ཡིན། དེ་ནས་ནང་ལ་སླེབས་ནས་ཆུ་ཚོད་གཅིག་ཙམ་སློབ་སྦྱོང་བྱེད་པ་ཡིན། སློབ་སྦྱོང་བྱེད་ཚར་རྗེས་ཁ་ལག་བཟས་པ་ཡིན། ཁ་ལག་བཟས་ཚར་རྗེས་ངའི་ཨ་ཅག་ལགས་ཀྱི་དགོས་མཁོ་རྣམས་སྡུད་གསོག་བརྒྱབ་པ་ཡིན། བསྡུས་གསོག་བརྒྱབ་ཚར་རྗེས་ངའི་ཨ་ཅག་ལགས་ཀྱིས་མི་གཞན་ལ་ཡི་གེ་བཏང་དགོས་པ་རྣམས་བཏང་སོང་། དེ་རྗེས་ང་ཚོ་གླ་བྱེད་རླངས་འཁོར་ནང་རྡ་ཤོད་རླངས་འཁོར་བབ་ཚུགས་ལ་ཨ་ཅག་ལགས་སྐྱེལ་བར་ཕྱིན་པ་ཡིན། སྐར་མ་བཅུ་ཙམ་རྗེས་ལ་ངའི་ཨ་ཅག་ལགས་ཆུ་ཚོད་གསུམ་པའི་སྤྱི་སྤྱོད་རླངས་འཁོར་ནང་ཕེབས་སོང་། དེ་ནས་ནང་ལ་ལོག་དུས་ཚལ་ཉོ་ཡི་ཉོ་ཡི་བྱེད་པ་ཡིན་། ནང་ལ་སླེབས་རྗེས་ང་ཡི་གེ་ཀློག་དུས་ཨ་ཅག་མང་པོ་དྲན་ནས་ངུས་པ་ཡིན།། །།

No comments: