Friday, June 29, 2012

རླུང་འཁོར།

༄༅།། དེང་སང་མི་ཚང་མང་ཆེ་བའི་ནང་ལ་རླུང་འཁོར་འདུག རླུང་འཁོར་ནི་འཕྲུལ་ཆས་རིགས་ཤིག་ཡིན། རླུང་འཁོར་ནང་ལོགས་ལ་ཁ་མདོག་མི་འདྲ་བ་ཡོད་པ་དང་བཟོ་གྲྭ་རིགས་སྣ་ཚོགས་དང་ཆེ་ཆུང་མང་པོ་ཡོད། 


དཔེར་ན་ཁ་མདོག་མི་འདྲ་བ་སྔོན་པོ་དང་། དཀར་པོ། དམར་པོ་བཅས་མང་པོ་ཡོད་པ་དང། བཟོ་གྲྭ་ནི་ USHA དང་། BAJAJ སོགས་མང་པོ་ཡོད། རླུང་འཁོར་ནི་ང་ཚོ་ལ་ཕན་ཐོགས་ཞེ་དྲག་ཡོད། གང་ཡིན་ཟེར་ན་དབྱར་ཁ་ཚ་བ་ཆེན་པོའི་སྐབས་ང་ཚོས་རླུང་འཁོར་སྤར་ནས་བཞག་ན་བསིལ་པོ་ཡོང་གི་ཡོད།
 
ཡང་རླུང་འཁོར་ལ་རིགས་གཉིས་ཡོད། རིགས་གཅིག་དེ་གྱང་སྒང་ལ་སྦྱར་ནས་བཞག་པ་དང་རིགས་གཅིག་དེ་ས་ཆ་ག་པར་བཞག་ནའང་འགྲིག་གི་ཡོད་པ་དང་ཤུགས་ཆེ་ལོད་གྲངས་ཀ་ ༠ ནས་ ༣ བར་ཡོད། འོན་ཀྱང་གློག་མེད་ན་ཕན་ཐོགས་མི་འདུག ད་དུང་རླུང་འཁོར་གཅིག་དེ་ཤོག་བུ་ཡི་རླུང་འཁོར་རེད། ཤོག་བུའི་རླུང་འཁོར་དེའི་མིང་ལ་རླུང་གཡབ་ཟེར། 

ད་ལོ་ཚ་བ་ཤིན་ཏུ་ཆེན་པོ་ཡོད་པས་ང་དང་ངའི་ཨ་མ་ལགས། ངའི་པཱ་ལགས་ང་ཚོས་ USHA རྟགས་ཅན་གྱི་རླུང་འཁོར་ས་ལ་བཞག་ཡ་ཞིག་ཉོས་པ་ཡིན། རླུང་འཁོར་དེ་སྤར་ནས་བཞག་ན་སྐྱིད་པོ་འདུག

No comments: