Sunday, August 26, 2012

དོམ་རྒན་དང་མི།


༄༅།། སྔོན་ས་ཆ་སྐྱིད་པོ་ཞིག་ལ་མི་གཅིག་ཡོད། ཉིན་མ་རྟག་པར་ཁོའི་སེམས་ནང་ང་ལ་མེ་མདའ་རྫིག་པོ་ཞིག་རག་ན་སྙམ་གྱི་ཡོད། ཉིན་མ་གཅིག་ཁོ་ལ་དངུལ་མེད་པར་རྟེན་ཤིང་སྡོང་གཅིག་གཅད་པར་སོང་བ་རེད། ཤིང་སྡོང་གཅིག་བཅད་ནས་ཁོས་གྲུ་གཟིངས་ཤིག་བཟོས་པ་རེད། གྲུ་གཟིངས་དེ་མི་ཕྱུག་པོ་ཞིག་གིས་ཉོས་པ་རེད།
ཁོ་ཚོང་ཁང་ནང་ཕྱིན་ནས་དངུལ་དེས་མེ་མདའ་ཞིག་ཉོས་ནས་ཤིང་ནགས་ནང་ཕྱིན་པ་རེད། ཤིང་ནགས་ནང་འགྲོ་དུས་དོམ་རྒན་ཆེན་པོ་ཞིག་གིས་ཁོ་མཐོང་བས། དོམ་རྒན་གྱིས་ཁོ་རྗེས་འདེད་བཏང་པ་རེད། ཁོ་ཞེད་ཐག་ཆོད་ནས་དབུགས་ཐེངས་ཅིག་ལ་བྲོས་ཕྱིན་ནས་རང་ལ་མེ་མདའ་ཡོད་པ་དྲན་པ་བརྗེད་པ་རེད།

ཁོ་ནང་ལ་སླེབས་དུས་ཉལ་ཁྲི་སྒང་ལ་གཉིད་ཤོར་བ་རེད། དོམ་རྒན་དེ་ཁོའི་ནང་ལ་འཛུལ་ནས་མི་དེ་ཤི་རོ་རེད་བསམ་པ་རེད། ཡིན་ནའི་ཁོ་བཟས་པ་རེད།

1 comment:

རིག་འཛིན་ཁྱུངཿ said...

ཡག་པོ་ཞེ་དྲག་འདུག
འཛིན་གྲྭ་བཞི་པའི་ཕྲུ་གུ་ཆུང་ཆུང་ཞིག་གིས་འདི་ཙམ་འབྲི་ཐུབ་པ་དངོས་གནས་དགའ་འོས་རེད།