Wednesday, September 26, 2012

པཱ་ལགས་སྐྱེལ་བའི་ཉིན་མོ།


༄༅།། ཕྱི་ལོ་ ༢༠༡༢ ཟླ་བ་ ༩ ཚེས་ ༡༤ ཞོགས་པ་ང་ཆུ་ཚོད་བདུན་པ་ཙམ་ལ་ལངས་ནས་འཁྲུས་བརྒྱབ་པ་ཡིན། དེ་ནས་པཱ་ལགས་ཀྱི་སྐུ་ཆས་རྣམས་སྒམ་ནང་ལ་བླུག་པ་ཡིན། ཆུ་ཚོད་ཕྱེད་ཀའི་རྗེས་ལ་པཱ་ལགས་ང་ཚོ་ཞོགས་ཟས་བཟས་པ་ཡིན། ཞོགས་ཟས་བཟས་ཚར་རྗེས་པཱ་ལགས་ཀྱི་སྐུ་ཆས་རྣམས་འཁྱེར་པ་དང་མགྲོན་ཁང་སྡེ་མིག་མགྲོན་བདག་ལ་ཕར་སློག་པ་ཡིན། 
     དེ་ནས་པཱ་ལགས་ང་ཚོ་མོ་ཊའི་ནང་ཕྱིན་པ་ཡིན། མོ་ཊའི་ནང་ཆུ་ཚོད་གཅིག་ཙམ་ཕྱིན་པའི་རྗེས་ང་ཚོ་གནམ་ཐང་ལ་སླེབས་གྲབས་ཡོད་པའི་སྐབས་གནམ་གྲུ་ཁ་ཤས་གནམ་ལ་འཕུར་བ་དང་ཁ་ཤས་མར་བབས་ཀྱི་འདུག ངས་ད་དུང་གནམ་གྲུ་༼Kingfisher༽རྟགས་ཅན་གྱི་གནམ་གྲུ་མཐོང་སོང་།
   
སྐར་མ་ཁ་ཤས་སོང་རྗེས་གནམ་ཐང་ལ་སླེབས་སོང་། གནམ་ཐང་དེ་རྒྱ་ཆེ་ཞིང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་པ་ནི་རྒྱ་མཚོའི་རྦ་རླབས་ལྟར་འདུག གནམ་གཤིས་ཚ་བ་ཆེ་བས་ང་ཁ་སྐོམ་སོང་བས་ཆུ་མངར་མོ་ཞིག་ཉོས་པ་ཡིན། གནམ་ཐང་ལ་ནམ་རྒྱུན་དང་མི་འདྲ་བར་ཆུ་མངར་མོ་ལ་གོང་ཆེ་ཞིང་ཁེ་སང་མང་པོ་ལེན་གྱི་འདུག ངའི་པཱ་ལགས་སྐར་མ་ཁ་ཤས་རིང་ང་ཚོའི་མཉམ་དུ་བཞུགས་སོང་། དེ་རྗེས་པཱ་ལགས་ཕེབས་པས་ང་སེམས་སྡུག་ནས་མིག་ཆུ་ཤོར་གྲབས་བྱས་སོང་། གང་ཡིན་ཟེར་ན་ལོ་གཅིག་ཙམ་ཐུག་གིས་མ་རེད། ཕ་མ་དང་ཕྲུ་གུ་ཁ་བྲལ་རྒྱུ་དེ་དངོས་གནས་དཀའ་ལས་ཁག་པོ་རེད་འདུག །། །།

2 comments:

Anonymous said...

བརྩེ་བའེ་གཅུང་པོ་བསྟན་འཛིན་འཕྲི་ལས་ལགས་་་་

བདེ་པོ་ཡིན་ནམ་་་ ཁྱེད་ཀྱི་པཱ་ལགས་མགྱོགས་པོ་ལོག་སླེབ་ཀྱི་རེད་ སེམས་འཕྲལ་མ་བྱེད་ཨོང་གོ་࿂

སྤྱིར་དང་ང་རང་ཁྱེད་ཀྱི་རྩོམ་སྒྲུང་གློག་རྒྱུ་ཧ་ཅང་དགའ་པོ་ཆགས་སོང་བའི་ཁྱེད་ཀྱི་མུས་མཐུས་རྩོམ་གང་མང་གྲི་བའི་རེ་བ་དང་བཅས་

ཁྱེད་ཀྱི་གྲོགས་པོས་ཟླ་ཚེས་བཟང་པོར་
དགེ་བསྙེན་བསྟན་འཛིན་ནས་

Anonymous said...

བུ་བསྟན་འཛིན་འཕྲིན་ལས་ལགས།
ཡག་པོ་བྲིས་འདུག ད་དུང་ཡང་མུ་མཐུད་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དེ་ཕྱིས་སུ་པཱ་ལགས་དགའ་འོས་པ་དང་། རང་ཉིད་ཀྱི་མདུན་ལམ་རང་གིས་འོད་སྟོང་ལྡན་པ་བཟོ་དགོས།
ཕ་བཟང་གི་བུ། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཅིག་ཨང་།