Sunday, September 30, 2012

ཤ་མོག་མོག་ལ་དགའ་བའི་བུ་ཉི་མ།



༄༅།། ཉིན་ཞིག་བུ་ཉི་མ་ཟེར་བ་ཞིག་ཡོད། ཁོ་ཉི་མ་ལྟག་པར་དགོང་དག་ཁ་ལག་ཤ་མོག་མོག་བཟའ་ཡི་ཡོད། ཉིན་མ་གཅིག་གྲོང་པ་ཁྱིམ་མཚེས་གཅིག་གིས་སང་ཉིན་ང་ཚོའི་ནང་ལ་དགོང་ཟས་ལ་ཕེབས་ཨ་ལབ་པ་རེད། སང་ཉིན་དེར་ཁོས་དེ་རིང་དགོང་ཟས་ཤ་མོག་མོག་ཡིན་པར་ཤོག་ཅེས་སྨོན་ལམ་བཏབ་པ་རེད། 
    
    དེ་ཉིན་བོད་ཟླ་ ༨ ཚེས་ ༡༥ ཡིན་པ་རེད། དགོང་མོ་ཁོ་ཚོ་གྲོང་པ་ཁྱིམ་མཚེས་དེའི་ནང་ཕྱིན་པ་རེད། གྲོང་པ་དེའི་ནང་ཁ་ལག་ཐུག་པ་བཟོ་ཡི་ཡོད་པ་རེད། བུ་ཉི་མས་ཐུག་པ་ཉུང་ཉུང་ཙམ་ལས་བཏུང་མེད་པས་གྲོད་ཁོག་ལྟོགས་ཀྱི་ཡོད་པ་རེད།
     ནང་ལ་སླེབས་རྗེས་ཁོས་འཁྱགས་སྒམ་ནང་ནས་ཤ་མོག་མོག་བཏོན་སྐབས་ཨ་མས་ག་རེ་བྱེད་ནས་ཐུག་པ་ཉུང་ཉུང་ལས་བཏུང་མེད་པས་ལབ་པས། བུ་ཉི་མས་ངའི་ཁ་ལག་དགའ་ཤོས་ནི་ཤ་མོག་མོག་ཡིན་པས་ཐུག་པ་ཉུང་ཉུང་ལས་བཏུང་མེད། ཅེས་སྨྲས་པ་རེད། ཨ་མས་ཨ་ལས་ཡིན་ནའི་ཁྱེད་རང་ཤ་མོག་མོག་བཟས་པ་ཡིན་ན་སྡིག་པ་ཆེན་པོ་བསགས་ཀྱི་རེད་ལབ་པས། བུ་ཉི་མས་ག་རེ་བྱས་ནས་ཞེས་ལབ་པ་རེད། ཨ་མས་དེ་རིང་བོད་ཚེས་ ༡༥ ཡིན་པས་ཤ་བཟའ་ན་སྡིག་པ་ཆེན་པོ་ཡོད། ལབ་པས། བུ་ཉི་མས་ཤ་མོག་མོག་འཁྱགས་སྒམ་ནང་རང་འཇགས་བཞག་པ་རེད།

ཨ་མས་བུ་ཉི་མ་ལ་ཤ་མོག་མོག་མང་པོ་མ་སྤྲད་པར་སྔོ་ཚལ་མང་ཙམ་སྤྲད་ཀྱི་ཡོད། ཟླ་བ་གཅིག་ཙམ་སོང་རྗེས་བུ་ཉི་མར་ཤ་མོག་མོག་བཟའ་རྒྱུ་མ་བྱུང་བས། ཁོས་མིག་འཁྲུལ་ནས་ཀྲིང་མོག་དང་ཤ་མོག་ནོར་ནས་གང་ཚང་ཁའི་ནང་བཅུག་པ་རེད།།

2 comments:

tsultrim said...

tashi delek and keep it up.

གཡུ་ཆུང་། said...

རྩོམ་པ་པོ་ཆུང་བ་བསྟན་འཛིན་འཕྲིན་ལས་ལགས། ཁྱེད་ཀྱི་རྩོམ་ཡིག་དག་ཁོ་བོས་ཚང་མ་བཀླགས་པ་ཡིན། ང་རང་ཡང་ཆུང་དུས་ཁྱོད་ལྟར་གཏམ་རྒྱུད་ལ་ཤིན་ཏུ་དགའ། འོན་ཀྱང་ངེད་གཉིས་ཀྱི་མི་འདྲ་ས་ནི། ངས་ཉན་ནས་ནར་སོན་པ་དང་། ཁྱོད་ཀྱིས་བྲིས་ཏེ་ནར་སོན་གྱིན་པ་དེ་རེད། བྱས་ཙང་ངས་ཁྱོད་ལ་ཡི་རངས་བྱས་པ་ཡིན། མ་འོངས་པར་རྩོམ་པ་པོ་ཡག་ཤོས་ཤིག་ཆགས་པའི་རེ་བ་ཡོད། ཁྱེད་ཀྱི་ཀློག་པ་པོ་ཞིག་ཡིན་པའི་ཆ་ནས་ང་ལ་རེ་བ་གཅིག་ཡོད། དེ་ནི་ཁྱེད་ཀྱིས་རྩོམ་ཡིག་འབྲི་རྒྱུ་རྒྱུན་འཁྱོངས་བྱེད་རོགས་ཞེས་པ་དེ་ཡིན།
ཁྱེད་ཀྱི་ཀློག་པ་པོ་གཡུ་ཆུང་ནས།