Tuesday, October 9, 2012

རྡ་རམ་ས་ལའི་གནམ་གཤིས།

༄༅།། དེང་སང་སྟོན་ཀའི་དུས་སུ་རྡ་རམ་ས་ལ་གནམ་གཤིས་ཧ་ཅང་ཁྱད་མཚར་པོ་འདུག དེ་ཡང་སྐབས་རེ་གནམ་དྭངས་པ་དང་སྐབས་རེ་ཉི་མ་ཚ་བོ་ཤར་པ། ཡང་སྐབས་རེ་ཆར་པ་བབས་པ་དང་མཉམ་དུ་སེར་ར་ཡང་བབས་ཀྱི་འདུག མཉམ་དུ་ས་ཡོམ་ཆུང་ཆུང་ཡང་བརྒྱབ་ཀྱི་འདུག གནམ་གཤིས་དེ་འདྲ་དང་ས་ཡོམ་ཡོང་དུས་ང་མགོ་རྙོག་བཅུག་སོང་།
སྟོན་ཀ་ཡིན་པས་གངས་སྐྱིད་གཡས་གཡོན་གྱི་རྩྭ་ངན་བཏུབ་དུས། ངའི་ཨམ་གྱི་སྡོང་པོ་ཡང་མཉམ་དུ་བཏུབ་འདུག་པས་ང་སེམས་སྐྱོ་སོང། གང་ཡིན་ཟེར་ན་ཨམ་གྱི་སྡོང་པོ་དེ་གསར་པ་དང་ཟླ་བ་ལྔ་ཙམ་ཕྱིན་ཡོད། དེའི་རིང་ཚད་ལ་སན་ཊི་མི་ཊར་(cm)བཞི་བཅུ་ཙམ་ཡོད། བྱས་ཙང་ང་སེམས་སྐྱོ་སོང།

ལོ་རྗེས་མ་ལ་ཡང་བསྐྱར་ཨམ་གྱི་སྡོང་པོ་བཏབ་ཀྱི་ཡིན། གང་ཡིན་ཟེར་ན་ང་ཨམ་ལ་དགའ་པོ་ཡོད་པ་དང་ཤིང་འབྲས་བཏབ་རྒྱུར་ཡང་དགའ་པོ་ཡོད། དེང་སང་རྡ་རམ་ས་ལ་ཤིང་ཏོག་ཨ་མ་དང་ཀུ་ཤུ་འབེལ་པོ་འདུག ད་དུང་རྡ་རམ་ས་ལ་ཆུ་ཚོད་ ༧ པ་ཙམ་ནས་ས་རུབ་ཀྱི་འདུག

རྡ་རམ་ས་ལ་གནམ་གཤིས་གོང་གི་ལྟར་ཡོད་ནའི་སྐྱིད་པོ་འདུག།། །།

3 comments:

བེ་རི་དཔལ་ལྡན་རྣམ་རྒྱལ། said...

ངའི་གྲོགས་པོ་ཆུང་ཆུང་ལགས།

ཁྱེད་ཀྱི་རྩོམ་ཐུང་འདི་རྣམས་ཀློག་དུས་ངའི་ཆུང་དུས་ཀྱི་མི་ཚེ་དང་བོད་ཡིག་སྦྱོང་ཚུལ་རྣམས་མིག་ལམ་དུ་ཁྲ་ལྷམ་མེར་ཤར་ཡོང་གི་འདུག

ཁྱེད་ཀྱིས་བྲིས་པ་རྣམས་ལ་ལྷད་མེད་དང་དྭངས་གཙང་གི་རང་གཤིས་ཤིག་འདུག་ལ། མུ་མཐུད་དེ་འབྲི་ན་རྒྱུན་རིང་མི་འགོར་བར་རང་གི་ཡབ་ཆེན་ལྟ་བུའི་རྩོམ་པ་པོ་ཚད་ལྡན་ཞིག་ཏུ་འགྱུར་ངེས་རེད། ཁོ་བོས་ཉིན་མ་དེ་མཐོང་རྒྱུར་སྒུག་བསྡད་ཀྱི་ཡིན།
ཁྱེད་ཀྱིས་ངོ་མི་ཤེས་པའི་གྲོགས་པོ་ཞིག་གིས།

Unknown said...

ཉིན་ཞག་འགའི་རིང་ཁྱེད་ཀྱི་རྩོམ་མཐོང་རྒྱུ་མིན་འདུག ཁྱེད་རང་སྐུ་གཟུགས་བདེ་པོ་ཡིན་ནམ།

བསྟན་འཛིན་འཕྲིན་ལས། Thinlay Tenzin said...

༄༅།། ཨ་ཁུ་བསམ་གྲུབ་ལགས། ཁྱེད་རང་གིས་ང་བདེ་པོ་ཡིན་པས་གསུངས་འདུག ང་གློ་ཕྲན་བུ་བརྒྱབ་ཀྱི་འདུག་པས་རྩོམ་བྲིས་ཐུབ་མ་སོང་། ཁྱེད་རང་གིས་ང་ལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ།