Monday, July 1, 2013

ལག་ཐོགས་ཁ་པར།

༄༅།། ལག་ཐོགས་ཁ་པར་ནི་དེང་སང་དར་བཞིན་པའི་ཁ་པར་རིགས་གཅིག་ཡིན། ངས་ཧ་གོ་བ་ལྟར་ན་ལག་ཐོགས་ཁ་པར་བཟོ་གྲྭ་སྐད་གྲགས་ཆེ་ཤོས་རྣམས་ནི་ Apple དང་ Nokia , Samsung, Sony སོགས་ཡིན།

ལག་ཐོགས་ཁ་པར་གྱི་བེད་སྤྱོད་ནི་ཁ་པར་བཏང་རྒྱུ་ཡོད་པ། དཔར་བརྒྱབ་རྒྱུ་ཡོད་པ། ལམ་ཁ་བརླག་དུས་སོ་སོ་ག་པར་ཡོད་མེད་འཚོལ་རྒྱུ་ཡོད་པ། དྲ་རྒྱར་མཐུད་ནས་དྲ་རྒྱར་བལྟ་རྒྱུ་ཡོད་པ། རྩེད་མོ་རྩེ་རྒྱུ་ཡོད་པ། གློག་ཀླད་ལ་འབྲེལ་བ་མཐུད་ནས་ལག་ཐོགས་ཁ་པར་ནས་གློག་ཀླད་ལ་དཔར་བསྐུར་ཐུབ་པ་སོགས་དང་། བེད་སྤྱོད་ལོག་པ་བཏང་མཁན་དེ་ཚོས་ལག་ཐོགས་ཁ་པར་བེད་སྤྱོད་བཏང་ནས་འབར་རྫས་སྤར་གྱི་ཡོད།
 

ཡིན་ཡང་ལག་ཐོགས་ཁ་པར་ལ་རྒྱུན་རིང་པོ་མགོ་འཁོར་ནས་བསྡད་ན་མིག་ལ་སྐོན་བྱེད་པ་དང་དུས་ཚོད་འཕྲོ་བརླག་འགྲོ་ཡི་ཡོད། ལག་ཐོགས་ཁ་པར་ཉོ་དུས་མཉམ་དུ་སིམ་ཞེས་པའི་བྱང་བུ་ཞིག་རག་སྲིད། གལ་སྲིད་ཁྱེད་རང་ལ་སིམ་ཞེས་པ་དེ་རག་མེད་ན་ཁ་པར་འགྲོ་ཡི་མ་རེད། གལ་སྲིད་ཁྱེད་རང་གི་ལག་ཐོགས་ཁ་པར་ལ་སིམ་ཞེས་པ་དེ་ཡོད་ནའང་དངུལ་མ་བཅུག་ན་ཁྱེད་རང་གི་ལག་ཐོགས་ཁ་པར་ནས་ཁ་པར་བཏང་མི་ཐུབ།

ལག་ཐོགས་ཁ་པར་ནི་ཕྲུ་གུ་ཆུང་ཆུང་དེ་ཚོའི་ལག་པར་ཐེབས་རྒྱུ་མེད་ལ་ལག་ཐོགས་ཁ་པར་བེད་སྤྱོད་ལོག་པར་བཏང་རྒྱུ་མེད། ད་དུང་ལག་ཐོགས་ཁ་པར་དེ་ཚོ་ངོམ་སོ་བརྒྱབ་རྒྱུའི་ཆེད་དུ་མིན། 


བྱས་ཙང་ལག་ཐོགས་ཁ་པར་ལ་འཐམ་ནས་བསྡད་རྒྱུ་མེད་ལ་བེད་སྤྱོད་ཡག་པོ་བཏང་དགོས། ནམ་རྒྱུན་དུ་ལག་ཐོགས་ཁ་པར་སྙིང་དང་ཐག་ཉེ་པོ་ཉར་རྒྱུ་མེད།

No comments: