Friday, October 11, 2013

གློག་ཀླད།


༄༅།། གློག་ཀླད་ནི་དེང་སང་གི་འཕྲུལ་འཁོར་བེད་སྤྱོད་ཆེ་ཤོས་ཀྱི་རིགས་ཡིན་ཞིང་། དེང་སང་གློག་ཀླད་ཀྱི་ཀམ་པ་ནི་མང་པོ་ཡོད། དཔེར་ན། Hp ,Sony, Dell ,Vaio སོགས་དཔེ་མང་པོ་ཡོད་པ་མ་ཟད་གློག་ཀླད་ནང་དྲ་རྒྱ་བལྟ་རྒྱུ་ཡོད། རྩེད་མོ་རྩེད་རྒྱུ་ཡོད་པ། ཚགས་དཔར་དང་སྒྲུང་དེབ་ཀློག་རྒྱུ་ཡོད་པ། བལྟད་མོ་བལྟ་རྒྱུ་ཡོད་པ་དང་རྩོམ་འབྲི་རྒྱུ་ཡོད་པ། རི་མོ་དང་དེབ་གཟུགས་བཟོ་རྒྱུ་སོགས་ཧ་ཅང་མང་པོ་བྱེད་རྒྱུ་ཡོད།

  
ད་དུང་གློག་ཀླད་ལ་རིགས་གཉིས་ཡོད། དེ་གཉིས་ནི་ཅོག་ཙེ་ལ་བཞག་ནས་རྩེད་རྒྱུ་དང་པང་དུ་་བཞག་ནས་རྩེད་རྒྱུ་ཡོད། དེ་གཉིས་ལ་ཁྱད་པར་ག་རེ་ཡོད་ཟེར་ན་ཅོག་ཙེ་ལ་བཞག་ནས་རྩེ་རྒྱུ་དེ་ཡར་མར་འཁྱེར་རྒྱུ་ལ་དཀའ་ལས་ཡོད་པ་མ་ཟད་ལྗིད་པོ། ཡན་ལག་གི་ཆ་ཤས་ཀྱང་མང་པོ་ཁག་ཁག་རེད། པང་ལ་བཞག་ནས་རྩེད་རྒྱུ་དེ་ག་པར་འཁྱེར་དགོས་ཀྱང་སྟབས་ཤིན་ཏུ་བདེ་པོ་ཡོད་པ་མ་ཟད་བེད་སྤྱོད་ཀྱང་བྱེད་བདེ་པོ་ཡོད། ད་དུང་ཡང་པོ་དང་ཆུང་ཆུང་ཡོད།

   མཚམས་རེ་ང་ཚོ་གློག་ཀླད་རྩེས་དུས་གློག་ཀླད་ནང་ནད་འབུ་(virus)འཛུལ་གྱི་ཡོད། བྱས་ཙང་ང་ཚོས་གློག་ཀླད་ནང་Anti virusཞེས་པ་དེ་བླུགས་དགོས། ནད་འབུ་འཛུལ་ན་གློག་ཀླད་འཕྲོ་བརླག་ཕྱིན་པ་དང་དལ་པོ་ཆགས་ཀྱི་རེད། དེང་སང་གློག་ཀླད་ནང་དྲ་རྒྱ་རྩེད་དུས་དྲ་རྒྱ་བརྒྱུད་ནས་ཡིག་ཆ་གལ་ཆེན་པོ་དང་དངུལ་སོགས་ཇག་པ་རྒྱག་མཁན་ཡོད་པས་ང་ཚོས་གཟབ་གཟབ་བྱེད་དགོས།

  ད་དུང་ང་ཚོས་གློག་ཀླད་ནང་ག་བྱུང་མ་བྱུང་བླུགས་ན་གློག་ཀླད་འཕྲོ་བརླག་འགྲོ་བའི་ཉེན་ཁ་དང་ཕྲུ་གུ་ལོ་བརྒྱད་ཙམ་ནས་ལག་པ་འཆང་ན་མ་གཏོགས་ལོ་ཆུང་ཆུང་གིས་ལག་པ་འཆང་ན་གློག་ཀླད་འཕྲོ་བརླག་འགྲོ་བའི་ཉེན་ཁ་དང་གློག་འཁྱུད་བ་སོགས་བྱུང་གི་ཡོད།

   ང་ཚོས་རྒྱུན་དུ་གློག་ཀླད་ནང་དུས་ཚོད་མང་པོ་བཏང་ན་མིག་ལ་གནོད་པ་པ་མ་ཟད་དུས་ཚོད་ཀྱང་འཕྲོ་བརླག་འགྲོ་ཡི་ཡོད། ང་གློག་ཀླད་ནང་རྩེད་མོ་རྩེས་རྒྱུ་དང་བལྟད་མོ་བལྟ་རྒྱུ་དགའ་པོ་ཡོད།། །།








No comments: