Wednesday, October 2, 2013

སྒྲུང་དེབ།



༄༅།། སྒྲུང་དེབ་ནི་ངའི་གྲོགས་པོ་ཡིན་ལ། འཛམ་གླིང་ནང་སྒྲུང་དེབ་རིགས་ཧ་ཅང་མང་པོ་ཡོད། དཔེར་ན། སེང་གེ་དང་རི་བོང་གི་སྒྲུང་སོགས་ལྟ་བུའོ།། ད་དུང་སྐད་ཡིག་འདྲ་མིན་སྣ་ཚོགས་ཀྱི་སྒྲུང་དེབ་ཡོད། དཔེར་ན། བོད་པའི་སྒྲུང་དེབ། དབྱིན་ཇིའི་སྒྲུང་དེབ་དང་རྒྱ་མིའི་སྒྲུང་དེབ་སོགས་རྒྱལ་ཁབ་ཚང་མའི་ནང་སྒྲུང་དེབ་རིགས་མང་པོ་ཡོད། ད་དུང་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པའི་དབྱིན་ཇིའི་སྒྲུང་དེབ་དེ་ཚོ་རྒྱ་གར་ལ་ཁེ་པོ་ཡོད།

   གལ་སྲིད་ང་ཚོས་སྒྲུང་དེབ་གཅིག་འབྲི་ན། སྒྲུང་དེབ་ཀྱི་མིང་དང་དོན་དག་ཡོད་པ། མཐའ་མ་བསླབ་བྱ་ཞིག་ཡོད་དགོས། གལ་སྲིད་མཚར་གཏམ་ཡིན་ན། སྒྲུང་ལ་བགད་མོ་ཤོར་རྒྱུ་ཡོད་པ་བཟོ་དགོས།


  

ཡང་ལྟད་མོ་ཁ་ཤས་དང་པོ་སྒྲུང་དེབ་བཏོན། དེ་ནས་བརྙན་འཕྲིན་ནང་སྒྲུང་དེབ་ཀྱི་སྒྲུང་ཚང་མ་ལྟད་མོ་ནང་སྟོན་གྱི་ཡོད། དཔེར་ན། Harry Potter, Diary of a wimpy kid, Rapenzel དང་ Sherlock Holmes སོགས་མང་པོ་ཞེ་དྲགས་ཡོད།
 

  ཡང་ང་ཚོས་མུ་འབྲེལ་རི་མོའི་དབྱིན་ཇིའི་སྒྲུང་དེབ་དེ་ཚོ་ཉིན་མ་རྟག་པར་ཀློག་བསྡད་རྒྱུ་མེད། ཡིན་ཡང་མུ་འབྲེལ་རི་མོའི་སྒྲུང་དེབ་ནང་གི་སྒྲུང་རིགས་ཁ་ཤས་ཤིག་ཉིན་མ་རྟག་པར་ཀློག་བསྡད་ན་འགྲིག་གི་ཡོད། དཔེར་ན། Shikari Shambu, Suppandi, Kalia, Digest Time, Tinkle Tells You Why དང་ Tantri The Mantri དེ་ཚོ་ཉིན་ལྟར་ཀློག་ན་འགྲིག་གིེ་ཡོད། གང་ཡིན་ཟེར་ན་གོང་གསལ་སྒྲུང་དེ་ཚོས་མཚར་གཏམ་འབྲི་སྟངས་དང་སློབ་སྦྱོང་ཡར་རྒྱས་ལ་ཕན་ཐོགས་བྱེད་ཀྱི་ཡོད།

མཚམས་རེ་སོ་སོས་དངུལ་བསགས་ཏེ་སྒྲུང་དེབ་ཉོ་བ་དང་ཉིན་ལྟར་ཁྲོམ་དུ་འགྲོ་དུས་རྔན་པ་བཙོང་སའི་ནང་མ་ཕྱིན་པར་སྒྲུང་དེབ་བཙོང་སར་ཕྱིན་ན་ཡག་པོ་ཡོད་པ་མ་ཟད་བདུན་ཕྲག་རེ་རེར་མུ་འབྲེལ་རི་མོའི་སྒྲུང་དེབ་རེ་རེ་ཉོས་ན་ཡག་པོ་ཡོད་པ་མ་ཟད་མཚམས་རེ་སྒྲུང་དེབ་Magic Tree House, Diary of a wimpy kid དང་ nody་སོགས་ཉོས་ན་འགྲིག་གི་ཡོད། མཚམས་མཚམས་ཁྱེད་རང་གིས་དབྱིན་ཇི་དང་བོད་པའི་སྒྲུང་དེབ་མཐུག་པོ། ཤོག་གྲངས་ཉི་བརྒྱ་ལྷག་ཙམ་གྱི་སྒྲུང་དེབ་ཉོས་ན་ཡང་ཡག་པོ་ཡོད།

གལ་སྲིད་ཁྱེད་རང་སྒྲུང་དེབ་མང་པོ་ཀློག་དུས་ཁྱེད་རང་གི་སྒྲུང་སྙན་ཤོས་དེ་ཚོ་ཐོ་བཀོད་ན་ཡག་པོ་ཡོད། ངའི་བོད་ཡིག་སྒྲུང་དེབ་དགའ་ཤོས་ནི། ཤེས་བྱ་བྱིས་པའི་དགའ་སྐྱེད། མཚར་གཏམ་གསུམ་པ། ༸གོང་ས་མཆོག བོད་ཀྱི་རྒྱལ་པོ་བཞི་བཅུ་ཞེ་གཅིག མཁན་སློབ་ཆོས་གསུམ་གྱི་ལོ་རྒྱུས་དེ་ཚོ་ལ་དགའ་པོ་ཡོད། ངའི་དབྱིན་ཇིའི་སྒྲུང་དེབ་དགའ་ཤོས་ནི། Diary of a wimpy kid དང་ Magic Tree House, Tinkle, Mr Pink Whistle, What do people do all day དེ་ཚོ་རེད།། །།

No comments: