Tuesday, November 5, 2013

བུ་གླེན་པ།

༄༅།། སྔོན་གྲོང་ཚོ་ཞིག་གི་ནང་བུ་གླེན་པ་ཞིག་དང་ཁོའི་སེམས་ཅན་ལུག་དང་ཁྱི། བ་ཕྱུགས་བཅས་ཡོད། ཉིན་ཅིག་བུ་གླེན་པས་ལུག་དང་ཁྱི། བ་ཕྱུགས་རྩ་ཐང་ཞིག་ལ་འཁྲིད་པ་རེད། ལུག་དང་བ་ཕྱུགས་གཉིས་རྩྭ་ཞིམ་མདོག་ཁ་པོའི་ངང་བཟའ་ནས་བསྡད་ན་ཡང་། ཁྱིས་རྩྭ་གང་ཡང་བཟའ་ཡི་མེད། བུ་གླེན་པས་ཁྱིས་རྩྭ་བཟའ་ཡི་མེད་པ་མཐོང་དུས་ཁོསེམས་ཁྲལ་དང་དངངས་སྐྲག་ལངས་ཏེ་གྲོང་པ་དེ་ཚོ་ལ་སྐད་ཆ་དྲིས། གྲོང་པ་ཚོས་ཁྱི་ཡིས་ཤ་དང་རུས་ཁོག་བཟའ་ཡི་རེད་ལབ་དུས་ཁོའི་སེམས་ནང་ངའི་ནང་ལ་ཤ་དང་རུས་ཁོག་གཅིག་ཀྱང་མེད། ང་ལ་ཤ་དང་རུས་ཁོག་གང་ནས་བྱུང་ངམ་བསམ་དུས་ཁོ་རང་གི་ལུག་དེ་ལ་ལུག་ཕྲུག་འཁོར་ཡོད་ཀྱང་བསད་དེ་ཤ་ཏོག་ཙམ་ཏོག་ཙམ་ཁྱི་ལ་སྤྲད་པ་རེད།

   ཉིན་ཞིག་བུ་གླེན་པ་དང་ཁྱི། བ་ཕྱུགས་རྩྭ་ཐང་སྒང་ལ་ཕྱིན་པ་རེད། ཡིན་ཡང་རྩྭ་ཐང་སྟེང་རྩྭ་ཕྲན་བུ་ཙམ་ཡང་ལྷག་མེད་པ་རེད། དེ་དུས་བུ་གླེན་པའི་སེམས་ནང་བ་ཕྱུགས་ལ་འོ་མ་གང་འདྲ་བྱེད་ནས་བྱུང་གི་ཡོད་དམ་བསམ་དུས་ཁོས་ཡང་གྲོང་པ་ལ་སྐད་ཆ་དྲིས། གྲོང་པས་བ་ཕྱུགས་ལ་ཕྲུ་གུ་སྐྱེ་དུས་འོ་མ་རག་གི་རེད་ལབ་དུས་ཡང་བ་ཕྱུགས་ལ་ཕྲུ་གུ་ག་དུས་སྐྱེ་ཡི་རེད་དམ་ལབ་དུས་དབྱར་ཁ་ལ་ཞེས་ལན་བཏབ་དུས། ཁོའི་སེམས་ནང་ད་ལྟ་ནི་དཔྱིད་ཀ་ཡིན་པས་འོ་མ་བྱུང་གི་མ་རེད་བསམ་ནས་བ་ཕྱུགས་དེ་ནགས་ཚལ་ནང་བཏང་པ་རེད། བྱས་ཙང་བ་ཕྱུགས་དེ་ཤ་གཟན་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་སུ་འགྱུར་པ་རེད།

   མཐཪ་བུ་གླེན་པར་ཁྱི་ལས་ལྷག་མེད་པ་རེད། དེ་དུས་ཁོ་དབུལ་པོ་ཞེ་དྲགས་ཆགས། ཉིན་ཞིག་བུ་གླེན་པས་ཁྱི་དེ་རྩ་ཐང་ལ་འཁྲིད་དེ་རྩ་ཐང་ལ་སླེབས་དུས། ཆུ་ཚོད་ཕྱེད་ཀ་ཙམ་རྗེས་མི་ཞིག་གིས་ཁྱི་དེ་བཙོང་གི་ཡིན་པས་སྐད་ཆ་དྲིས་པས། ཁོས་ཡིན་ཞེས་ལམ་སེང་ལན་བཏབ། དེ་འདྲ་ཡིན་ན་ཁྱི་དེར་སྒོར་མོ་ག་ཚོད་ཡིན་ནམ་ཞེས་སྐད་ཆ་དྲིས། ཁོས་བསམ་བློ་མ་གཏང་བར་སྒོར་མོ་བཅུ་ཡིན་ཞེས་ལབ། མི་དེས་དེའི་འདྲའི་གོང་ཁེ་བ་ལ་ལབ་ནས་བུ་གླེན་པར་སྒོར་བཅུ་སྤྲད་ནས་ཁྱི་དེ་ཉོས། ཁོས་མར་ཙམ་ཕྱིན་ནས་སྒོར་ཆིག་སྟོང་ལ་ཁྱི་དེ་བཙོང་པ་རེད། མཐར་བུ་གླེན་པར་སེམས་ཅན་གང་ཡང་ལྷགས་མེད་སྟབས་སྤྲང་པོར་འགྱུར་པ་རེད།

No comments: