Friday, January 24, 2014

མི་སྐྱོ་པོ་ཞིག་ཕྱུག་པོར་འགྱུར་པ།

༄༅།། སྔོན་མེག་ལོར་ཞེས་པའི་ལུང་པ་ཞིག་ནང་མི་ཐབས་སྡུག་ཟེར་མཁན་ཞིག་ཡོད། ཁོ་ནི་སྐྱོ་པོ་ཞེ་དྲགས་ཡིན། ཉིན་ཅིག་ཐབས་སྡུག་འཆམ་འཆམ་ལ་ཕྱིན་སྐབས་ཁོ་ལ་ཐབས་ཤེས་ཤིག་བརྙེད་ནས་ལམ་སེང་རྒྱལ་ཁང་ནང་ཕྱིན། རྒྱལ་པོའི་འབྲུ་རིགས་བང་མཛོད་ནང་འཛུལ་ནས་འབྲས་ཀི་ལོ་༩དང་གྲོ་ཞིབ་ཀི་ལོ་༡༠ སྲན་མ་རྡལ་གྱི་རིགས་ཀི་ལོ་༡༣ བྱེ་མ་ཀ་ར་ཀི་ལོ་༡༤བཅས་བརྐུས་ཏེ་རྒྱུག་ཆུའི་འགྲམ་ལ་ཁུང་པོ་ཆེན་པོ་ཞིག་དྲུས་ནས་འབྲུ་རིགས་རྣམས་བླུགས་ཏེ། དང་པོ་རྩྭ་མང་པོ་ཞེ་དྲགས་བཀང། དེ་ནས་དེའི་སྒང་ལ་སས་བཀབ་བཞག་པ་རེད། དེ་ལྟར་བྱས་རྗེས། ཁོས་རྒྱལ་པོ་ག་རེ་བྱེད་མིན་ལྟ་ཆེད་ཉིན་གསུམ་བསྒུགས། 


  སང་ཉིན་དེར་རྒྱལ་པོ་དང་བློན་པོ་རྣམས་བང་མཛོད་ནང་དུ་ཕྱིན་དུས་འབྲུ་རིགས་མང་ཆེ་བ་རྫོགས་ཚར་བ་མཐོང་པས། རྒྱལ་པོའི་སེམས་ནང་ཁ་ས་རང་འབྲུ་རིགས་མང་པོ་ཡོད། ད་གང་འདྲ་བྱས་པ་ཡིན་ནམ་བསམ། རྒྱལ་པོས་མི་གཅིག་གིས་ཏན་ཏན་བརྐུས་ཡོད་ས་རེད། ཅེས་ལབ་ནས། རྒྱལ་པོས་སུས་ངའི་བང་མཛོད་ནང་གི་འབྲུ་རིགས་རྐུ་ཤོར་བ་དེ་ཚོ་ང་ལ་སྐྱེལ་ཐུབ་ན། ངས་བྱ་དགའ་དངུལ་སྒོར་ཁྲི་གཅིག་སྤྲད་ཀྱི་ཡིན་ཞེས་གསལ་བསྒྲགས་བྱས། 
མཐར་ཉིན་མ་གསུམ་གྱི་རྗེས་ཐབས་སྡུག་ཟེར་བ་དེས། རྒྱལ་ཁང་ནང་ཡོང་སྟེ་གོ་ཐོས་ལ་ཁྱེད་རང་གི་འབྲུ་རིགས་རྐུ་ཤོར་བ་ཟེར་བ་དེ་དངོས་གནས་ཡིན་ནམ། ལབ་པས་རྒྱལ་པོས་ཡིན་དང་ཡིན་ཞེས་ལབ། ཁོས་ཤོག་བུ་ཞིག་མར་བཏོན་ཏེ་རྫུན་མ་འཁྲབ་ཏེ་ཤོག་བུ་འདྲ་བོ་ཞིག་བལྟ་གིན་རྒྱལ་པོར་ཁྱེད་ཀྱི་འབྲུ་རིགས་དེ་ཚོ་རྒྱུག་ཆུའི་ཉེ་འགྲམ་ལ་ས་བྲུས་ན་ཁྱེད་ཀྱི་བང་མཛོད་ནང་ནས་རྐུ་ཤོར་བའི་འབྲུ་རིགས་རྣམས་བརྙེད་ཐོག་ཁ་པོ་རེད་ཅེས་ལབ། རྒྱལ་པོས་ལམ་སེང་བློན་པོ་རྣམས་ས་དྲུས་བྱེད་ཀྱི་ལག་ཆ་རྣམས་འཁྱེར་ནས་ས་འབྲུ་རུ་མངགས་པ་ལྟར་འབྲུ་རིགས་རྙེད་པས་རྒྱལ་པོ་དགའ་ཐག་ཆོད་དེ་ཁོ་ལ་བྱ་དགའ་གནང།

 

ཡིན་ཡང་རྒྱལ་པོའི་བློན་པོ་ཞིག་གིས་རྒྱལ་པོ་ལ་ཁོས་སྦས་པ་ཡིན་གྱི་རེད། བྱས་ཙང་ང་ཚོས་ཁོ་ལ་ཡིག་ཚད་བཏང་ན་ལབ་པས་ཉིན་ཞིག་རྒྱལ་པོས་ཁོ་རྒྱལ་ཁང་ནང་བོས་ཏེ་རྫ་མ་ཞིག་ལ་མཛུབ་མོ་བཙུགས་ནས་དེའི་ནང་ག་རེ་ཡོད་དམ་ལབ་དུས་། ཁོ་ཞེད་ཐག་ཆོད་ནས་ཁ་ནས་རང་དབང་མེད་པར་དེའི་ནང་ཙི་ཙི་ཡོད་རེད་ཅེས་ལན་བཏབ། རྒྱལ་པོས་ཁྱོད་འགྲིག་སོང། དེའི་ནང་ཙི་ཙི་ཡོད། ངས་ཁྱོད་ལ་བྱ་དགའ་དངུལ་སྒོར་ཁྲི་གཉིས་སྤྲད་ཀྱི་ཡིན། ལབ་ནས་ཁོ་ལ་སྤྲད་པས། ཁོས་དངུལ་དེ་དག་མ་རྩར་བཞག་ནས་ཚོང་བརྒྱབ་པས། ཁོ་རང་ལུང་པའི་ནང་ནས་ཕྱུག་ཤོས་ཆགས་པས་ཁོ་ལ་ཚོང་ཁང་ཐོག་བརྩེགས་བརྒྱད་ཅན་ཞིག་ཡོད་པ་མ་ཟད་ལོ་ལྟར་སྒོར་འབུམ་ལྷག་ཙམ་བསག་ཐུབ་ཀྱི་ཡོད་པས་ཁོས་གཞན་ལ་མགོ་སྐོར་རྩ་བ་ནས་མ་བཏང་པར་སྐྱིད་པོའི་ངང་བསྡད་ཐུབ་པ་རེད།། །།





No comments: