Saturday, February 15, 2014

འཚོ་བྱེད་ཀྱི་ཆུ། སྟོད་ཆ།

༄༅།། སྔོན་རྒྱལ་པོ་སེར་ཆེན་ཞེས་པ་ལ་ཕྲུ་གུ་གསུམ་ཡོད། ཕྲུ་གུ་གསུམ་མིང་ལས་ཆེ་ཤོས་བུ་དོན་གྲུབ་དང་། འབྲིང་བ་བུ་བཀྲ་ཤིས། ཆུང་ཤོས་དེ་ལ་བུ་དོན་ལྡན་ཟེར། ཉིན་གཅིག་རྒྱལ་པོ་སེར་ཆེན་བསྙུང་ནས་ཁོ་རང་གི་བུ་གསུམ་ལ་ངས་བྱས་ན་ད་ང་རྒྱུན་རིང་པོ་བསྡད་ཐུབ་པ་མི་འདུག་ཅེས་ལབ་པར་བརྟེན། ཁོ་ཚོ་གསུམ་ཤིང་ནགས་ནང་པཱ་ལགས་མ་གྲོངས་པའི་ཆེད་སྨན་ཡོད་དམ་ཞེས་ལབ་གླེང་བྱེད་སྐབས། གློ་བུར་དུ་སྤོ་ལགས་གཅིག་གིས་ཁོ་ཚོའི་སྐད་ཆ་ཐོས་པས། ཁོ་ཚོ་གསུམ་ལ་ཁྱེད་རང་ཚོའི་པཱ་ལགས་བསྐྱབ་ཐུབ་པའི་སྨན་ཡོད། ཡིན་ཡང་དེ་ཐག་རིང་པོ་ཞེ་དྲགས་ཡོད་རེད་ཅེས་ལབ་དུས། ཁོ་ཚོ་གསུམ་མགྱོགས་མྱུར་ངང་རྒྱལ་ཁང་ནང་ཕྱིན་ཏེ་བུ་དོན་གྲུབ་ཀྱིས་པཱ་ལགས་ལ་ངས་འཚོ་བྱེད་ཀྱི་ཆུ་དེ་ལེན་པར་འགྲོ་རྒྱུ་ཡིན་ལབ་དུས་པཱ་ལགས་ཀྱིས་བུ་མ་འགྲོ། ལམ་ཁ་ཞེད་སྣང་ཚ་པོ་ཡོད་པ་དང་ཐག་རིང་པོ་ཡོད་པས། ང་ཤི་ཚར་རྗེས་རྒྱལ་པོ་སུས་བྱེད་དམ་ལབ་ཀྱང་བུ་དོན་གྲུབ་ཀྱིས་མ་ཉན་པར་ཕྱིན།

  བུ་དོན་གྲུབ་ལ་ལམ་ཞོར་དུ་མི་ཆུང་མཐེབ་ལེབ་ཅིག་ཐུག་པ་དང་ཆབས་ཅིག་མི་ཆུང་མཐེབ་ལེབ་ཀྱིས་ཁྱེད་རང་བྲེལ་བ་ཞེ་དྲགས་བྱེད་ནས་ག་པར་འགྲོ་ཡི་ཡིན་ནམ། ལབ་དུས་བུ་དོན་གྲུབ་ཀྱིས་ཁྱོད་རང་ལ་ཇུས་གཏོགས་ཡོད་མ་རེད་ལབ་པར་བརྟེན། མི་ཆུང་མཐེབ་ལེབ་དེ་རྫུ་འཕྲུལ་ཅན་ཞིག་ཡིན་སྟབས་ཁོ་ཁོང་ཁྲོ་ཟ་ནས། བུ་དོན་གྲུབ་རི་སྔོན་པོ་གཉིས་ཀྱི་དབར་ལ་འཁར་བཅུག་པའི་རྫུ་འཕྲུལ་བསྟན་པས། ཁོ་རི་གཉིས་ཀྱི་དབར་ནས་འགྲོ་སྐབས་ཁོ་རང་གི་རྟས་ཡར་འགྲོ་ཐུབ་ཀྱི་མེད་ལ། མར་ཡང་འགྲོ་ཐུབ་ཀྱི་མེད་སྟབས་དེར་འཁར་ནས་ལུས།

  ཉིན་ཤས་རྗེས་བུ་བཀྲ་ཤིས་ཀྱིས་འཚོ་བྱེད་ཀྱི་ཆུ་འཚོལ་བར་འགྲོ་སྐབས། ཁོ་ལ་ཡང་མི་ཆུང་མཐེབ་ལེབ་དེ་ཐུག མི་ཆུང་མཐེབ་ལེབ་ཀྱིས་ཁྱེད་རང་བྲེལ་བ་ཞེ་དྲགས་འདུག ཁྱོད་ག་པར་འགྲོ་མཁན་ཡིན་ནམ་ལབ་དུས། བུ་བཀྲ་ཤིས་ཀྱིས་སྐད་ཅོར་ཚ་བའི་མི་ཆུང་མཐེབ་ལེབ་ཁྱོད་ཁ་བཙུམ་ནས་སྡོད་ལབ་པས། མི་ཆུང་མཐེབ་ལེབ་དེས་བཀྲ་ཤིས་ལའང་ཁོང་ཁྲོ་ཟ་ནས། རྫུ་འཕྲུལ་བསྟན་ཏེ་ནགས་རི་གཉིས་ཀྱི་དབར་བཀྲ་ཤིས་ཀྱང་འཁར་བཅུག་པ་རེད།


  མཐར་བུ་དོན་ལྡན་ཕྱིན་སྐབས་ཁོ་ལ་ཡང་མི་ཆུང་མཐེབ་ལེབ་ཐུག་སྐབས་ཁོས་གུས་ཞབས་ངང་བཀའ་དྲི་ཞུ་རྒྱུར་ངའི་པཱ་ལགས་ཀྱི་ཆེད་དུ་འཚོ་བྱེད་ཀྱི་ཆུ་ག་ནས་རག་གམ་ལབ་པས། མི་ཆུང་མཐེབ་ལེབ་ཀྱིས་ཁོ་ལ་བག་ལེབ་གཅིག་དང་གྲི་གཅིག་སྤྲད་ནས་ངས་ག་རེ་ལབ་པ་ནང་བཞིན་བྱེད་ཨང་ལབ།

  བུ་དོན་ལྡན་རྒྱུན་རིང་པོ་ཕྱིན་ནས་མཐར་རྒྱལ་ཁང་ཞིག་ལ་སླེབས། ཁོས་མི་ཆུང་མཐེབ་ལེབ་ཀྱིས་ལབ་པ་ནང་བཞིན་རྒྱལ་སྒོ་ཆེན་པོ་དེ་ལ་གྲི་དེ་སྟོན་ནས་སྒོ་ཕྱེ་ཤོག་ལབ་པས་སྒོ་ཕྱེ་པ་དང་མདུན་དུ་སེང་གེ་གཉིས་ཡོད་པས། ཁོས་བག་ལེབ་དེ་སྒོ་བཤའ་རྒྱབ་ནས་སེང་གེ་གཉིས་ལ་མཆོད་རོགས་ལབ་པས། ལས་ཀ་ཚང་མ་མི་ཆུང་མཐེབ་ལེབ་ཀྱིས་ལབ་པ་ནང་བཞིན་ཏག་ཏག་བྱེད་ཐུབ། ཁོ་རྒྱལ་ཁང་ནང་འཛུལ་སྐབས་ལྷ་མོ་མཛེས་པོ་ཞིག་ཐུག ལྷ་མོ་དེས་ང་རང་གཉིས་མཉེན་སྒྲིག་བྱེད་གྲབས་ཡོད་རེད། ཅེས་ཁོ་ལ་གྲི་གཅིག་དང་བག་ལེབ་གཅིག་སྤྲད་ནས་ཁྱོད་རང་མགྱོགས་པོ་བྱེད་ན་མ་གཏོགས། གལ་སྲིད་ཁྱེད་རང་ཚོུད་༡༢མ་ཟིན་གོང་ནས་དོན་མ་ཐུབ་ན། ཁྱེད་རང་འདི་ནས་མི་ཚེ་གཅིག་ཐོན་མི་ཐུབ་པར་ལུས་ཀྱི་རེད། ལབ་པས་བུ་དོན་ལྡན་གྱིས་ལམ་སེང་འཚོ་བྱེད་ཀྱི་ཆུ་གང་བླུགས་ནས་མགྱོགས་མྱུར་ངང་ཕྱིར་ཐོན་པ་རེད།



  དེ་ནས་བུ་དོན་ལྡན་གྱིས་མི་ཆུང་མཐེབ་ལེབ་ལ་གྲི་དང་བག་ལེབ་སྟོན་སྐབས་མི་ཆུང་མཐེབ་ལེབ་ཀྱིས་ཁྱེད་རང་གིས་ག་དུས་རྒྱལ་ཁབ་གཉིས་མཉམ་དུ་འཛིང་པ་མཐོང་ནའང་གྲི་དེར་སྨོན་ལམ་བརྒྱབ་ན་དམག་རང་བཞིན་གྱིས་ཞི་བར་བྱེད་ཀྱི་རེད་ལབ་པ་དང། བག་ལེབ་དེས་ལུང་པ་སྐྱོ་བོ་གཅིག་ལ་མི་མང་པོ་ཁ་ལག་མ་རག་ནས་བསྡད་ཡོད་ན་དེར་སྨོན་ལམ་བརྒྱབ་ན། མི་ཚང་མ་ལ་བག་ལེབ་འདོད་པ་ཚིམ་པ་བཟའ་རྒྱུ་རག་གི་རེད་ཅེས་ལབ། དེ་ནས་ཧོབ་སྟེ་་བུ་དོན་ལྡན་གྱིས་ཁོ་རང་གི་ཅོ་ཅོ་གཉིས་དྲན་ནས་ཁོས་སྐད་ཆ་དྲིས་སྐབས། མི་ཆུང་མཐེབ་ལེབ་ཀྱིས་ཁོ་ཚོ་གཉིས་སྤྱོད་པ་ཡག་པོ་མི་འདུག་པས། མི་ཚེ་གཅིག་རིའི་དབར་བཞག་རྒྱུ་ཡིན་ལབ་དུས་བུ་དོན་ལྡན་གྱིས་ཞུ་བ་འཐེན་པས་མི་ཆུང་མཐེབ་ལེབ་ཀྱིས་རྫུ་འཕྲུལ་ཞི་བར་བྱས་པས་ཁོ་གཉིས་མར་འདོན་ཐུབ།

No comments: