Saturday, February 8, 2014

རྒྱལ་པོ་དབང་ཕྱུག་དོན་ལྡན་དང་བློན་པོ་རིག་ལྡན།

༄༅།། སྔོན་ལུང་པ་ཞིག་ལ་རྒྱལ་པོ་དབང་ཕྱུག་དོན་ལྡན་ཟེར་བ་ཞིག་ལ། བློན་པོ་རིག་ལྡན་ཟེར་བ་ཞིག་ཡོད། ཉིན་ཞིག་རྒྱལ་པོ་ཕྱི་ལ་རི་མོ་འབྲི་བར་ཕྱིན། རྒྱལ་པོས་རི་མོ་བྲིས་ཚར་རྗེས་དེ་ལ་ཐག་རིང་པོ་ནས་བལྟ་དྲན་ཏེ། གོམ་པ་རྒྱབ་བཤིག་རྒྱག་གིན་འགྲོ་དུས། ཧོབ་སྟེ་བློན་པོ་རིག་ལྡན་གྱིས་རྒྱལ་པོའི་རི་མོ་ལ་རྡོ་གཞུས། རྒྱལ་པོ་ཁྲོས་ནས་ཁྱོད་ཀྱིས་ག་རེ་བྱས་ནས་ངའི་རི་མོ་ལ་རྡོ་གཞུས་པ་ཡིན་ཞེས་དྲིས། བློན་རིག་ལྡན་གྱིས། ཁྱེད་རྒྱབ་ལ་གཟིགས་དང་ཞུས། རྒྱབ་ལ་ལྟ་དུས་རྒྱལ་པོས་རྒྱབ་ལ་གོམ་པ་གཅིག་སྤོས་ན་རང་ཉིད་གཡང་སར་ལྷུང་ནས་ཤི་རྒྱུ་ཡིན་པ་གཟིགས་ཏེ་བློན་པོ་རིག་ལྡན་ལ་གསེར་ཀི་ལོ་གཅིག་གནང་།

  དེ་ནས་རྒྱལ་པོ་བོད་ལ་འགྲོ་འདོད་བྱུང་ནས་བློན་པོ་རྣམས་འཁྲིད་དེ་འགྲོ་འགོ་བཙུགས། ལམ་བར་རྒྱལ་པོས་རྫིང་ཞིག་གི་ནང་ཕ་ལམ་གཅིག་ཡོད་པ་གཟིགས་པས། མི་ཁ་ཤས་དེ་ལེན་པར་བཏང་ཡང་། ཆུ་གཏིང་རིང་དྲགས་ཏེ་ཤི་བ་རེད། བློན་པོ་རིག་ལྡན་གྱིས་འགྱིག་གི་ལྟོ་ཕད་ཅིག་གི་ནང་རླུང་བཀང་སྟེ་ཆུའི་ནང་ཕྱིན་པས། ཕ་ལམ་དེ་ལེན་ཐུབ་པ་རེད།

  ཁོང་ཚོ་ཤིང་ནགས་བརྒྱུད་འགྲོ་དུས་སེང་གེ་གྲོད་ཁོག་ལྟོགས་པ་ཞིག་མཐོང་བས་རྒྱལ་པོ་ཞེད་ནས་སུས་དེ་ལམ་ཁ་ནས་སྐྲོད་ཐུབ་ན་གསེར་ཀི་ལོ་གཉིས་གནང་གི་ཡིན་གསུངས། བློན་པོ་རིག་ལྡན་གྱིས་ཤ་ཞིག་འཁྱེར་ནས་ཤིང་ནགས་སྟུག་པོའི་ནང་གི་ལམ་ཁ་གཅིག་ནས་བརྒྱུད་དེ་ཤ་གཡུག་སྟེ་སེང་གེ་དེ་ཕྱོགས་སུ་བཏང་བས། ཁོང་ཚོ་སྐྱོན་མེད་པར་འགྲོ་ཐུབ་པ་རེད།

  དེེ་ནས་ཁོང་ཚོ་རི་ལ་འཛེགས་སྐབས་ཆར་པ་བབས་པས་བྲག་ཕུག་ནང་འཛུལ། རྒྱལ་པོ་གྲོད་ཁོག་ལྟོགས་ཏེ། ཁ་ལག་ཚ་པོ་འཁྱེར་ཤོག་གསུངས་དུས་བྲག་ཕུག་ནང་ཧ་ཅང་གྲང་བས། སུས་ཀྱང་འཁྱེར་ཐུབ་མེད། བློན་པོ་རིག་ལྡན་གྱིས་རྡོ་སོལ་འཁྱེར་ཡོང་ནས། ཁ་ལག་ཚ་པོ་བཟོས་ཏེ་རྒྱལ་པོར་ཕུལ།

  ཁོང་ཚོ་བོད་ལ་སླེབས་མ་ཐག་སྔོན་མཐོང་མ་མྱོང་བའི་སེམས་ཅན་གཡག་དང་འབྲོང་སོགས་དང། ཁྲུང་ཁྲུང་སྐེ་ནག་གིས་ཞབས་བྲོ་འཁྲབ་པ་མཐོང་བས། རྒྱལ་པོའི་སེམས་ནང་བོད་ཟེར་བ་དེ་ས་ཆ་ཡ་མཚན་ཅན་ཞིག་རེད་འདུག་དྲན། ད་དུང་རང་ཡུལ་གྱི་ཆུ་དྭངས་གཙང་གི་འབྱུང་ཁུངས་ཀྱང་བོད་ཀྱི་གངས་རི་ཡིན་པ་ཤེས།



  ལྟ་སྐོར་བྱེད་སྐབས་རྒྱལ་པོ་ཞེ་དྲགས་འཁྱགས་དུས་བློན་རིག་ལྡན་གྱིས་དུག་སློག་ནག་པོ་ཤ་སྟག་ཕུལ་བས། རྒྱལ་པོར་དྲོད་ཁུག་པ་རེད། རྒྱལ་པོ་འཁོར་གཡོག་བོད་ཀྱི་ཡུམ་བུ་བླ་སྒང་དང་ཕོ་བྲང་པོ་ཏཱ་ལ་གཟིགས་སྐབས་གནའ་བོའི་བོད་རིགས་མི་མང་གི་བློ་གྲོས་དང་འཇོན་ཐང་ལ་ཧང་སངས། ཁོ་ཚོ་གངས་རིན་པོ་ཆེ་སོགས་ལ་ཕྱིན་ཏེ་སྐྱིད་པོ་ཞེ་དྲགས་བྱུང་ནས་མཐར་རང་གི་རྒྱལ་ཁབ་ལ་ལོག རྒྱལ་པོས་བློན་རིག་ལྡན་ལ་རང་གི་སྲས་མོ་མནའ་མར་གནང་བ་རེད།། །།

No comments: