Friday, October 24, 2014

ཨོ་སོ་ཊི་རི་ཡའི་་དཔྱིད་ཀའི་གནམ་གཤིས།

༄༅།། འཛམ་བུ་གླིང་གི་ནང་ལ་གླིང་ཆེན་རེ་རེར་གནམ་གཤིས་འདྲ་མིན་ཡོད་ཅིང་ དེང་སང་རྒྱལ་ཁབ་ཨོ་སོ་ཊི་ལ་ཡའི་ནང་གནམ་གཤིས་ཚ་ལ་ཉི་འོད་ཆེ་བས། མི་ཚང་མ་དུག་ ལོག་སྲབ་སྲབ་གྱོན་གྱི་འདུག དེ་སང་ནམ་རྒྱུན་དང་མ་འདྲ་བར་མི་མང་ཆེ་བས་ལུས་རྩལ་ལ་ རྐང་འཁོར་སོགས་མང་པོ་བེད་སྤྱོད་བྱེད་ཀྱི་འདུག དེ་འདྲ་ཡིན་ཙང་ང་ཚོས་ཀྱང་(cook river) གཡས་གཡོན་ལ་རྐང་འཁོར་བཏང་པ་ཡིན། དེང་སང་ང་ཚོའི་ས་གནས་ལ་ནམ་སྔོན་ལས་སྔ་བ་ལངས་པ་མ་ཟད་ཕྱི་པོར་ཉི་མ་བཞུད་ཀྱི་འདུག

   དེང་སང་ཨོ་སོ་ཊི་ལ་ཡ་ལ་ཚ་བ་ཆེ་རུ་འགྲོ་ཡི་ཡོད་པས། མེ་སྐྱོན་ནམ་རྒྱུན་དང་མི་འདྲ་བར་ཏོག་ཙམ་མང་རུ་ཕྱིན་སོང། དེ་འདྲས་སོང་ཙང་དེང་སང་ང་ཚོ་ལམ་ཁར་འགྲོ་དུས་མེ་གསོད་མཁན་རླངས་འཁོར་དང་ཛ་དྲག་མྱུར་སྐྱོབས་རླངས་འཁོར་མགྱོགས་མྱུར་ངང་མང་པོ་འགྲོ་བ་མཐོང་གི་འདུག དེ་ཡིན་པར་བརྟེན་སློབ་གྲྭ་མང་ཆེ་བའི་ནང་ མེ་སྐྱོན་བྱུང་བ་ནང་བཞིན་བྱས་ཏེ་སྦྱོངས་བརྡར་མང་པོ་བྱེད་ཀྱི་འདུག ས་ཆ་དེརརླུང་བསིལ་བུ་རྒྱུན་དུ་རྒྱབ་ཀྱི་འདུག་་ཉིན་གུང་རྒྱབ་ལ་ཉི་མ་ཤུགས་ཆེ་ཞིང་ཚ་བ་ཡང་ཆེན་པོ་ཡོང་གི་འདུག མཚམས་རེ་ཆར་པ་བབས་ཀྱི་འདུག

   དཔྱིད་ཀའི་གནམ་གཤིས་ཚ་བའི་རྐྱེན་གྱིས་མི་མང་པོ་ཆུ་བརྒལ་ས་དང་རྒྱ་མཚོའི་འགྲམ་དུ་ཆུ་བརྒལ་པ་དང་གླིང་ཀ་གཏོང་བཞིན་འདུག དཔེར་ན་ང་ཚོ་གུང་སེང་སྐབས་ལ་རྐང་འཁོར་བཏང་དུས་གླིང་ ཁའི་ནང་་མི་མང་པོས་གླིང་ཁ་བཏང་གི་ཡོད་པ་མ་ཟད་མཚམས་རེ་ང་ཚོ་རྒྱ་མཚོའི་མཐའ་ལ་བསྡད་དུས་མི་མང་བས། བསྡད་ས་སྟོང་པ་ཞེ་དྲག་མི་འདུག

  ཨོ་སོ་ཊི་རི་ལ་ཡའི་དཔྱིད་ཀ་ཕྱི་ཟླ་ ༩ བའི་ཚེས་དང་པོ་ནས་ཕྱི་ཟླ་ ༡༡ གི་ཚེས་མཐའ་མ་བར་ ཡིན་པ་དང་། དབྱར་ཁ་ཕྱི་ཟླ་ ༡༢ ཀྱི་ཚེས་དང་པོ་ནས་ཕྱི་ཟླ་ ༢ པའི་ཚེས་ ༢༩ བར་དུ་དང་། སྟོན་ཁ་ཕྱི་ཟླ་ ༣ པ་ནས་ ༥ པར་དང། དགུན་ཁ་ཕྱི་ཟླ་ ༦ པ་ནས་ ༨ བར་དུ་རེད་འདུག ང་དཔྱིད་ཀ་ལ་དགའ་པོ་ཡོད། གང་ཡིན་ཟེར་ན། དཔྱིད་ཀའི་སྐབས་ལ་མེ་ཏོག་འདྲ་མིན་སྣ་ཚོགས་བཞད་ཞིང་དྲི་ཞིམ་གྱིས་གང་སར་ཁྱབ་ཡོད་པས། སྙིང་རྗེ་པོ་ཞེ་དྲག་ཡོད་རེད།། །།

No comments: