Friday, October 31, 2014

ཞི་མི་སེང་ཕྲུག། ལེའུ་དང་པོ།

༄༅།། སྔོན་གྲོང་ཁྱེར་ཞིག་ནང་ཞི་མི་མིང་སེང་ཕྲུག་དང་ཙི་ཙི་མདང་མོ། ཁྱི་རིང་ཐུང་ཞེས་པ་ཞིག་ཡོད། ཉིན་གཅིག་ཙི་ཙི་མདང་མོ་དེས་ཞི་མི་ལ་འགྱུར་འདོད་བྱེད་ཀྱི་ཡོད་ཀྱང། ཙི་ཅི་གཞན་རྣམས་ཀྱིས་ཁོ་རང་གི་དམིགས་ཡུལ་དེ་སྒྲུབ་ཐབས་མེད་ཅེས། ཚང་མས་ལབ་ཀྱི་ཡོད། དེ་ནས་ཙི་ཙི་མདང་མོ་རང་སྡོད་སའི་ས་ཆ་ལ་ཞི་མི་སེང་ཕྲུག་སྐད་བཏང་ནས་སྐད་ཆ་དེ་དྲིས་པ་རེད། ཞི་མི་སེང་ཕྲུག་་ཙི་ཙི་མ་བཟའ་མཁན་ཡིན་ཞིང་ཁྱེད་རང་ཙི་ཙི་ཡིང་ཙང་ཙི་ཙི་རང་ལ་བསྡད་པ་མ་བཏོགས་ཞི་མིར་འགྱུར་ཐུབ་ཀྱི་མ་རེད་ལབ། ཡིན་ཡང་ཙི་ཙི་མདང་མོས་མ་ཉན་པར་མེ་འཁོར་ལྕགས་ལམ་ཡོད་སར་ཕྱིན་པ་རེད།

   དེར་ཞི་མི་རྣམས་ཀྱིས་ཙི་ཙི་མདང་མོ་མཐོང་སྐབས་འདེད་ཤར་བཏང་ནས་ཟ་རྩིས་བྱེད་དུས་སྟབས་ལེགས་པ་ཞིག་ལ་ཞི་མི་སེང་ཕྲུག་སླེབས་ནས་ཤིང་སྡོང་འོག་ལ་ཡིབ་པ་རེད། དེ་ནས་ཙི་ཙི་དེ་ཤིང་སྡོང་འཁྲིད་ལ་སླེབས་སྐབས་ཞི་མི་སེང་ཕྲུག་གིས་ཨིག་ཀ་ཞིག་བརྒྱབ་པས་ཞི་མི་གཞན་གྱིས་བཟས་ཚར་པ་རེད་བསམ་ནས་ཞི་མི་རྣམས་ལོག་ཕྱིན་པ་རེད། བྱས་ཙང་ཙི་ཙི་མདང་མོས་དེ་ནསབཟུང་་སྨྱོན་པའི་ལས་ཀ་ཁྱོན་ནས་བྱེད་ཀྱི་མེད་པ་རེད།

   དགུན་ཁ་སླེབས་སྐབས་ཞི་མི་སེང་ཕྲུག་གི་སྦྱིན་བདག་དང་ཁྱི་རིང་ཐུང་གཉིས་རྩེད་མོ་རྩེས་པར་ཕྱིན་པ་རེད། ཞི་མི་སེང་ཕྲུག་རྩེད་མོ་མ་རྩེས་པར་ཁོ་རང་ཁ་ལག་བཟས་ནས་བསྡད། ཆུ་ཚོད་གཅིག་ཙམ་རྗེས་ལ་ཞི་མི་སེང་ཕྲུག་གིས་ཁོ་རང་གི་རྩེད་ཆས་རྫུ་འཕྲུལ་གྱི་དབྱུག་པ་དེ་ཕར་ཚུར་གཡུག་ཙམ་བྱས་ཏེ་ཁ་ནས་ཨ་ར་ཁ་བ་དྲོ་ཞེས་ཟེར་དུས་གངས་ཀྱི་མི་སྲོག་ཡོད་པ་ཞིག་སླེབས་པས་སྦྱིན་བདག་དང་ཁྱི་རིང་ཐུང་ནང་ལ་སླེབས་དུས་གངས་ཀྱི་མི་ཆེན་པོ་ཆགས་ཡོད་པ་མ་ཟད་སྦྱིན་བདག་དང་ཁྱི་ཪིང་ཐུང་གཉིས་ལག་པར་འཇུས་པ་རེད། ཁོ་གཉིས་ཞེད་ཐག་མཆོད་ནས་སྐད་ངན་ཤོར་པ་རེད། དེ་རྗེས་ཞི་མི་སེང་ཕྲུག་གིས་གློག་བཞུ་ཞིག་དང་ཤེལ་སྒོ་ཞིག་འཁྱེར་ཡོང་ནས་གློག་བཞུ་དེ་ཤེལ་སྒོ་ལ་ཐུག་ཙམ་བྱས་པས་གངས་ཀྱི་མི་དེ་བཞུར་པ་རེད། བྱས་ཙང་སྦྱིན་བདག་དགའ་དག་ཆོད་ནས་ཞི་མི་སེང་ཕྲུག་ལ་ཁ་ལག་ཞིམ་་པོ་མང་པོ་སྤྲད་པ་རེད།། །།

No comments: