Sunday, November 9, 2014

དམག །

༄༅།། དམག་ཟེར་ན་ས་ཆ་གང་རུང་ཞིག་གི་མི་མང་པོས་ཕར་ཚུར་གཉིས་མཉམ་དུ་མཚོན་ཆས་ཕན་ཚུན་འཛིངས་ནས་བསད་རེས་བྱེད་པ་ལ་དམག་ཟེར། དམག་ལ་རིགས་མང་པོ་ཡོད། དཔེར་ན། མཚོ་དམག་དང། ས་དམག། གནམ་དམག་སོགས་ཡིན། འཛམ་གླིང་ནང་ གི་དམག་སྐད་གྲགས་ཆེ་ཤོས་གསུམ་ཡོད། དེ་རྣམས་ནི་དམག་ཆེན་དང་པོ་དང་། དམག་ཆེན་གཉིས་པ། ཨ་མི་རི་ཁའི་ནང་འཁྲུག་གི་དམག་བཅས་ཡིན།

དམག་ཆེན་དང་པོ་ནི་གླིང་ཆེན་ཡུ་རོབ་ནང་ ༡༩༡༤ ཕྱི་ཟླ་བདུན་པ་ཚེས་༢༨ལ་བྱུང་བ་རེད། དམག་དེའི་ནང་མི་ས་ཡ་༩བསད་ཡོད། དམག་ཆེན་དང་པོའི་སྐབས་སུ་འཛམ་བུ་གླིང་གི་ ལྕགས་ཁྲབས་འཁོར་ལོ་དང་པོ་དེ་དབྱིན་ཡུལ་(British)གྱིས་བཟོས་ཡོད་པ་དང་དེའི་མིང་ལ་( British Mark 1 ) ཟེར་ཞིང་དེ་༡༩༡༦ནང་དམག་ནང་བེད་སྤྱོད་བྱས་ཡོད། དེ་ལ་རྒྱལ་ཁབ་གཞན་རྣམས་ ཧང་སངས་པ་མ་ཟད་རྒྱལ་ཁབ་གཞན་རྣམས་བྲོས་དགོས་ཆགས་པ་རེད། ལྕགས་ཁྲབས་ འཁོར་ལོ་དེས་གཏིང་རིང་ཚད་མི་ཊར་ ༡ གི་ཀོང་དོང་ནང་ནས་ཐོན་ཐུབ་ཀྱི་ཡོད། དེ་ཡང་དང་པོ་ལྕགས་ཁྲབས་འཁོར་ ལོའི་མགོ་དེ་མར་ཀོང་དོང་ནང་ཟག་ཀྱང་ཁོ་རང་གི་བཟོ་ལྟ་དང་རྒྱབ་ཀྱི་འཁོར་ལོས་ཡར་འདོན་ཐུབ་ཀྱི་ཡོད་པ་རེད། དམག་ཆེན་དང་པོའི་སྐབས་མི་རྣམས་ཀྱིས་ལྕགས་ཁྲབས་འཁོར་ལོ་དེར་མེ་མདའ་འཕེན་དུས་མདེའུ་དེ་ཕྱིར་འཕར་ཡོང་པས་བེད་སྤྱོད་ཆེན་པོ་བྱུང། ཡིན་ཡང་དེ་ས་འོག་འབར་རྫས་ཀྱི་མེད་པ་བཟོས་ཐུབ་ཀྱི་ཡོད་པ་རེད། དམག་ཆེན་དང་པོའི་རྗེས་ལ་རྒྱལ་ཁབ་རེ་རེར་ལྕགས་ཁྲབས་ འཁོར་ལོ་རིགས་མང་པོ་ཡོད་པ་དང་མེ་མདའ་དང་ལག་འབོམ་སོགས་མང་པོ་ཡོད། དམག་ཆེན་དང་པོ་དེ་ ༡༩༡༨ ཟླ་ ༡༡ ཡི་ཚེས་ ༡༡ ལ་ཚར་པ་རེད།

ཧི་ཏ་ལར་གྱིས་ཡང་དམག་ཆེན་གཉིས་པ་༡༩༣༦ལ་མགོ་བཙུགས་དུས་མི་ས་ཡ་༡༡་ལས་མང་བར་ཤི་སྐྱོན་བྱུང་བ་རེད། དམག་ཆེན་གཉིས་པའི་ནང་མེ་མདའ་དང་། འབར་རྫས། ལྕགས་ཁྲབས་འཁོར་ལོ། མེ་སྒྱོགས་སོགས་མང་པོ་བེད་སྤྱོད་བྱས་ཡོད། དམག་ཆེན་གཉིས་པའི་དཀྱིལ་ལ་མཚོན་ཆ་གསར་པ་(TNT, Dynamite, anti-missile tank)སོགས་མང་པོ་ཞེ་དྲགས་སླེབས་ཡོད། དམག་ཆེན་གཉིས་པའི་ནང་མཚོ་དམག་ལ་ཆུ་ནང་བསྡད་ཁན་གྱི་གྲུ་གཟིངས་དང་འབར་རྫས་ཆུ་ནང་ཡོད་པ་སོགས་མང་པོ་ཡོད། གནམ་དམག་གིས་གནམ་གྲུ་དང་ཐད་འཕུར་ གནམ་གྲུ་སོགས་བེད་སྤྱོད་བྱེད་ཀྱི་ཡོད། དམག་ཆེན་གཉིས་པ་དེ་ཕྱི་ལོ་༡༩༤༥ ལ་ཚར་པ་རེད།

ཨ་མི་རི་ཁའི་ནང་འཁྲུག་ནི་དམག་དང་ངོ་རྒོལ་གཉིས་ཀ་ཡིན། དེ་སྐབས་སུ་ལྕགས་ཁྲབས་འཁོར་ལོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། དེང་སང་དམག་ནི་འཇིགས་སྐུལ་རིང་ལུགས་པ་དང་འཛིངས་རྒྱུ་རེད་འདུག ཪྗེས་མ་དམག་ཆེན་པོ་ ཞིག་བྱུང་ན་དམག་ནང་གི་མོ་ཊ་མང་ཆེ་བ་མི་མེད་ཡིན་པ་དང་དེ་འགུལ་སྐྱོད་གཏོང་ཁན་དེ་ཐག་རིང་པོ་རིང་པོ་ལ་ཡོད་པ་རེད།

ཡིན་ཡང་དམག་མེད་ན་མི་རྣམས་ཞི་བདེ་ཡོང་ཡང་མི་ཡི་མི་འབོར་འཕར་གྱི་རེད།


No comments: