Friday, November 21, 2014

ཤིང་ཁང་དང་པོ། ལེའུ་དང་པོ།


༄༅།། སྔོན་ཉིན་མ་གཅིག་བུ་གཉིས་དང་བུ་མོ་གཅིག་མཚོ་ཇག་ཤིང་སྒོ་ཡི་གྲུ་གཟིངས་ ནང་ལ་ཡོད། ཁོ་ཚོ་གསུམ་མཚོ་ཇག་གིས་བཟུངས་ཡོད་པ་རེད། ཉིན་དེའི་དགོང་མོ་ཁོ་ཚོ་གསུམ་སྐད་ཆ་བཤད་པ་རེད། ཁོ་ཚོ་དེར་གང་འདྲ་བྱེད་ནས་སླེབས་ཡོད་མེད་སྐད་ཆ་བཤད་པ་རེད། དང་པོ་བུ་བཀྲ་ཤིས་ཀྱིས་བཤད།

སྔོན་གྲོང་ཁྱེར་ཞིག་ལ་ཁང་པ་མཐོ་པོ་ཞིག་ཡོད། ཁོ་རང་གི་ཕ་མ་གཉིས་ནི་ཅ་ལག་ག་རེ་ ཡིན་ནའི་དེ་ལ་ཞེད་སྣང་ཚ་པོ་བྱེད་མཁན་ཞིག་རེད། ཁོ་རང་གི་ནང་ལ་དངོས་པོ་ཚང་མ་ཞེད་སྣང་ཚ་པོ་མིན་པ་དང་བརྟན་ཆའི་ཉེན་བརྡ་ག་ས་ག་ལ་ཡོད། ཉིན་གཅིག་བུ་བཀྲ་ཤིས་ཀྱི་ཨ་མས་བརྟན་ཆའི་ཆུ་རས་(སྡོམ་རས་)ཉོས་ཡོད་པ་རེད། ཉིན་ཞིག་བུ་བཀྲ་ཤིས་ཀྱི་ནང་ལ་མེ་ཤོར་པ་རེད། བུ་དེས་མགྱོགས་མྱུར་ ངང་ཡར་ལངས་ནས་སྒེའུ་ཁུང་སྒོ་ལྕགས་བརྒྱབ་ཡོད་པས་རྐུབ་བཀྱག་གིས་ཤེལ་སྒོ་བཅགས་ནས་མར་མཆོངས་སྐབས་ཁོ་རྒྱུག་ཆུ་ནང་ལ་སླེབས་དུས་འརྟན་ཆའི་ཆུ་རས་ཀྱིས་ཡར་ བརྐྱགས་པ་རེད། དེ་འདྲ་བྱས་ནས་ཁོ་མཚོ་ཇག་འཁྲིས་ལ་སླེབས་པ་རེད།

དེ་རྗེས་བུ་དོན་གྲུབ་ཀྱིས་བཤད་དོན། སྔོན་གྲོང་ཁྱེར་ཆུང་ཆུང་ཞིག་ལ་བུ་དོན་གྲུབ་ཅེས་པ་ཞིག་ཡོད། ཐེངས་ཤིག་བུ་དོན་གྲུབ་སྡོད་སའི་གྲོང་ཁྱེར་ལ་ཆུ་ལོག་བརྒྱབ་དུས་བུ་དེ་ཕ་མ་དང་ཁ་བྲལ་དགོས་བྱུང་ནས་གྲུངས་གཟིངས་ཆུང་ཆུང་བཏང་དུས་གྲུ་གཟིངས་ཆེན་པོ་ཞིག་མཐོང་པ་རེད། གྲུ་གཟིངས་ཀྱི་འཁྲིས་ལ་སླེབས་དུས་མཚོ་ཇག་གིས་བཟུངས་ནས་དེར་སླེབས་པ་རེད།

དེ་རྗེས་བུ་མོ་ནོར་གཡང་གིས་སྔོན་གྲོང་ཁྱེར་སྐྱིད་པོ་ཞིག་ནང་བུ་མོ་ཞིག་ཡོད། བུ་མོ་དེ་སེམས་ཅན་ཚང་མ་ལ་ཤིན་ཏུ་དགའ་ཞིང་སེམས་ཅན་གྱི་སྐད་ཆ་ཚང་མ་གོ་ཡི་ཡོད། ཡིན་ཡང་བུ་མོ་དེས་ག་དུས་ཡིན་ནའི་གཅེས་ཉར་སྲོག་ཆགས་ཤི་དགོས་ལབ་དུས་ཕ་མས་གཅིག་ཡག་པོ་མིན་འདུག་ཅེས་ལབ་ཀྱི་ཡོད་པ་རེད། མོའི་ཕ་མ་གཉིས་ཕྱུག་པོ་ཡིན་ནའི་མོ་དགའ་བའི་གཅེས་ཉར་སེམས་ཅན་ཉོ་ཡི་མེད། ཉིན་གཅིག་མོ་རང་གི་ཕ་མ་དང་གྲོགས་པོ། གྲོགས་མོ་སོགས་གྲུ་གཟིངས་ནང་ལ་སྐད་ཆ་བཤད་ནས་བསྡད་དུས། བུ་མོ་དེས་ཉ་ཆེན་མིང་ལ་རྒྱགས་པ་ཟེར་པ་ཞིག་མཐོང་པ་རེད། བུ་མོས་ཉ་དེ་ལ་ཕར་རྒྱུགས་ལབ་དུས་ཏག་ཏག་ཆུ་ནང་ཟག་པ་རེད། ཉ་དེས་ག་རེ་ཐུག་ནའི་ཟ་ཡི་ཡོད། ཡིན་ནའི་བུ་མོ་ནོར་གཡང་མཐོང་མེད་པ་རེད། ཉ་དེ་གྲུངས་གཟིངས་དང་ཐག་ཉེ་རུ་ཉེ་རུ་འགྲོ་དུས་གྲུ་གཟིངས་དེ་ཉ་ཡི་ཁ་ལག་ཆགས་པ་རེད། ཧོབ་དེ་གཅིག་ལ་མོའི་ཉེ་འཁོར་ལ་འཁྱགས་པ་ རིང་པོ་ཞིག་གི་སྒང་ལ་ཞི་མི་ཞིག་ཡོད་པ་མཐོང་པ་རེད། བུ་མོ་དེས་འཁྱག་པ་སྒང་ལ་འཛེགས་ནས་ཞི་མི་དེར་ ལག་པ་འཆང་དུས་འཇམ་པོ་ཞེ་དྲགས་ཡོད་པས་ཞི་མིའི་མིང་ལ་འཇམ་ཤོས་བཏགས་ཡོད་པ་རེད། གང་ཙམ་རྗེས་ལ་འཁྱགས་པ་བཞུར་གྱིན་ཡོད་པས་མོས་གྲུངས་གཟིངས་ཤིག་མཐོང་པ་རེད། དེ་རྗེས་མོ་ཡང་ཏག་ཏག་མཚོ་ཇག་གི་གྲུ་གཟིངས་ནང་ལ་སླེབས་པ་རེད། ཁོ་ཚོ་དེར་དགའ་པོ་མེད་པ་མ་ཟད་ཉིན་གཅིག་ཀྱང་སྡོད་ཐུབ་ཀྱི་མེད་པ་རེད།

རྒྱུ་མཚན་དེ་ཡིས་ཉིན་ཞིག་གི་དགོང་མོ་ཁོང་ཚོ་བཞི་ཁུ་སིམ་ངང་བུ་དོན་གྲུབ་ཀྱིས་གྲུ་གཟིངས་བཏང་ནས་བྲོས་ཕྱིན་པ་རེད། ཉིན་མ་གཅིག་གི་རྗེས་ལ་ཁོ་ཚོ་བཞི་གླིང་ཕྲན་ཞིག་ལ་སླེབས་པ་རེད།། །།

No comments: