Wednesday, December 24, 2014

ཨོ་སོ་ཊི་རི་ལ་ཡའི་རྩི་ཤིང་དང་སེམས་ཅན།

༄༅།།  ཨོ་སོ་ཊི་རི་ལ་ཡ་ནི་རྒྱལ་ཁབ་ཡ་མཚན་ཆེ་ཞིང། དེའི་ནང། སེམས་ཅན་དང་རྩི་ཤིང་རྒྱལ་ཁབ་གཞན་ལ་མེད་པ་མང་པོ་ཡོད། ཡིན་ནའི་ཨོ་སོ་ཊི་རི་ཡ་ནི་རྒྱལ་ཁབ་ཚ་བ་ཆེན་པོའི་གྲལ་ཡིན་པ་མ་ཟད། བཞི་ཆ་གསུམ་བྱེ་ཐང་རེད། ད་དུང་། ཨོ་སོ་ཊི་རི་ལ་ཡི་ཤིང་ནགས་མང་ཆེ་བ་ལུང་པ་གཞན་དབྱིན་ཡུལ་སོགས་ཀྱིས་བཏུབ་ཡོད་པ་རེད། ཨོ་སོ་ཊི་རི་ལ་ཡའི་ནང་ཤིང་སྡོང་རིགས་མང་པོ་ཡོད། དཔེར་ན། sand palm, ghost tree, gum tree སོགས་མང་པོ་ཡོད།

  

ཨོ་སོ་ཊི་རི་ལ་ཡའི་བྱེ་ཐང་ནང་རྩི་ཤིང་མ་འདྲ་བ་དང་ཤིང་སྡོང་ཡང་ཡོད། ཤིང་སྡོང་དེར་སྡོང་པོ་སྦོམ་པོ་ཡོད་པ་དེའི་ནང། ཆུ་མང་པོ་བསགས་ཡོད། བྱས་ཙང་བྱེ་ཐང་ནང་སྡོད་མཁན་རྣམས། ཤིང་སྡོང་དེ་ཡི། སྡོང་པོ་དེའི་ནང་ལ་ཨི་ཁུང་ཆུང་ཆུང་ཞིག་བརྟོལ་དུས། ཆུ་ག་ལེར་ཐོན་ཡོང་གི་རེད། སྔོན། ཨོ་སོ་ཊི་རི་ལ་ཡའི་བྱེ་ཐང་ནང་རྔ་མོང་མེད་པས། རྒྱལ་ཁབ་གཞན་ནས་རྔ་མོང་འཁྱེར་ཡོང་པ་རེད། ཡིན་ནའི་དེ་སང་ ཨོ་སོ་ཊི་རི་ལ་ཡའི་བྱེ་ཐང་ནང་རྔ་མོང་མང་པོ་ཡོད་པ་མ་ཟད། བདག་མེད་རྔ་མོང་ཡང་མང་པོ་ཡོད། ད་དུང་ཨོ་སོ་ཊི་རི་ལ་ཡའི་བྱེ་ཐང་ནང་སྦྲུལ་ཞེད་སྣང་ཚ་པོ་དང་དུག་ཅན་སྲོག་ཆགས་མང་པོ་ཡོད།

   ཨོ་སོ་ཊི་རི་ལ་ཡའི་མཚོའི་ཁ་ལ་ཉ་སྙིང་རྗེ་མོ་མང་པོ་ཡོད། ཡིན་ནའི་ཨོ་སོ་ཊི་རི་ལ་ཡའི་ མཚོའི་མཐའ་ལ་ཉ་ཆེན་ཤཱརྐ་དང་། ཉ་ལྡེ་གུ་མ་རྣམས་མང་ཤོས་ཡོད་པའི་ལུང་པ་ཞིག་ཀྱང་ཡིན། ཡིན་ནའི་ཨོ་སོ་ཊི་ར་ལ་ཡའི་མཚོའི་ཁ་ལ་རྩི་ཤིང་སྙིང་རྗེ་མོ་ཡོད་པ་དང་བྱུ་རུ། ཉ་ཞིམ་མདོག་ཁ་པོ་སོགས་མང་པོ་ཞེ་དྲགས་ཡོད།

 

  ཨོ་སོ་ཊི་རི་ལ་ཡའི་སེམས་ཅན་དམིགས་བསལ་མང་པོ་ཡོད། དཔེར་ན། ཀན་གུ་རུ་དང་། ཀོ་ལ། ངང་པ་ཁྱད་མཚར་སོགས་མང་པོ་ཡོད། སྟབས་མ་ལེགས་ཤིག་ལ་ཨོ་སོ་ཊི་རི་ལ་ཡ་ནང་སེམས་ཅན་ཁ་ཤས་རྩ་སྟོང་ཕྱིན་ཡོད། དཔེར་ན། སྤྱང་གུ་ཡི་རིགས་གཅིག་དང་། བྱ་(emu)ཡི་རིགས་གཅིག་སོགས་མང་པོ་ཞེ་དྲགས་ཡོད། ཨོ་སོ་ཊི་རི་ལ་ཡ་ནི་ས་ཆ་སྐྱིད་པོ་ཞིག་ཡིན་པ་དང། འཛམ་གླིང་ནང་གི་ཡ་མཚན་ཅན་གྱི་ལུང་པ་ཞིག་ཡིན། ཡིན་ནའི་ལོ་ ༢༠༠༠ ཙམ་རྗེས་ལ་ཨོ་སོ་ཊི་རི་ལ་ཡ་ཆུ་ལོག་བརྒྱབ་ནས་མཚོ་ནང་ལ་དིམ་གྱི་རེད། ཞེས་ངའི་དགེ་ལགས་ཀྱི་གསུང་གི་འདུག་གོ། །། །།

No comments: