Friday, March 13, 2015

སྙིགས་ཟས།

  ༄༅།། སྙིགས་ཟས་ཞེས་པ་དེ་ནི་ཁ་ལག་ཡིན་ཞིང། དེ་ཁ་ལག་སྡུག་པའི་རིགས་གཅིག་རེད། སྙིགས་ཟས་ཀྱི་ཁ་ལག་རྣམས་གཟུགས་པོར་ཡག་པོ་མེད། རྒྱུ་མཚན་ནི་སྙིགས་ཟས་ནང་ཞགས་ཚིལ་དང། མངར་ཆ། ཚྭ། སོགས་མང་པོ་ཞེ་དྲགས་བླུགས་ཡོད། ད་དུང་སྙིགས་ཟས་མང་པོ་བཟས་ན། མི་ཤ་རྒྱགས་པ་དང། མདོག་ཉེས། ཁ་མང་པོ་སྐོམ་པ། གཅིན་པ་མང་པོ་བྲོ་བ། ན་ཚ་སྡུག་ཅག་དེ་འདྲ་ན་བ་སོགས་ཆགས་ཀྱིས་རེད།

   སྙིགས་ཟས་མང་ཆེ་བ། མགྱོགས་ཟས་དང། མངར་ཆུ་རེད། དཔེར་ན། པིབ་ཛ་དང། བག་བསྒར། ཞོག་ཁོག་སྲེག་མ། མངར་ཆུ། (Pizza, burgers, French fries, sprite)སོགས་བརྒྱ་ཕྲག་མང་པོ་ཡོད། སྙིགས་ཟས་ཁ་ཤས་ལ། ཚྭ་དང་མངར་ཆ་མང་པོ་ཞེ་དྲགས་ཡོད་པས། ནང་གི་གཟུགས་པོའི་ཆུ་ཉུང་དུ་འགྲོ་བ་དང། གཅིན་པ་མང་པོ་བཏང་བབས་པ། དེ་ནས་ཁ་སྐོམ་ནས་ཡང་བསྐྱར་མངར་ཆུ་དེ་འཐུང་སྙིང་བྲོ་ཡི་ཡོད།

   ད་དུང་སྙིགས་ཟས་ཀྱིས། ལོ་གཅིག་ནང་མི་ཡི་ལྗིད་ཚད་ཀི་ལོ་ཉི་ཤུ་ལས་མང་བར་ བཏང་ཐུབ་ཀྱི་ཡོད་པ་མ་ཟད། སྙིང་གི་ན་ཚ་མང་ཆེ་བ་སྙིགས་ཟས་ནས་ཡོང་ཡོད་པ་རེད།

  
   སྙིགས་ཟས་བཟོ་མཁན་གྱི་ཁེ་ལས་སྐད་གྲགས་ཆེན་པོ་ཁ་ཤས་ནི་(KFC, MacDonald, Dominions Pizza, Subway, Cocola, Pepsi, Pizza hut) སོགས་ཡོད། ཁེ་ལས་དེ་ཚོ་རྣམས་ཀྱི་ཚོང་ཁང་དང། ཟ་ཁང་རྣམས། འཛམ་བུ་གླིང་གི་ས་ཆ་གང་སར་ཡོད། དེ་ཚོས་སྙིགས་ཟས་བཟོ་ཡི་ཡོད་པས། ཚོང་ཁང་དང། ཟ་ཁང་དེ་རྣམས་ནས་ཁ་ལག་མང་པོ་ཞེ་དྲགས་མ་བཟས་ན། ཡག་པོ་ཡོད་རེད།
 

  སྙིགས་ཟས་མང་པོ་ཞེ་དྲགས་བཟའ་དགོས་བྱུང་ན། གཟུགས་པོར་ལུས་རྩལ་མང་པོ་ཞེ་དྲགས་རྩེས་དགོས། ལུས་རྩལ་མ་རྩེ་ན། རྒྱགས་པ་ཆགས་པ་དང། ན་ཚ་ན་བ་སོགས་བྱུང་གི་རེད། ཟླ་བ་རེེར་སྙིགས་ཟས། ལྔ་དང་ལྔ་ལས་ཉུང་བ་བཟས་ནས་ལུས་རྩལ་རྩེས་ན། སྐྱོན་བརྒྱབ་ཀྱི་མ་རེད།

  

  ཚོང་ཁང་ཁ་ཤས་ནང། ཨ་མ་ལགས་ལ་ལས་ཀ་ཉུང་བ་ཟེར་བའི་རྟགས་(less work for mom ) དེ་འདྲ་ཡོད་ནའི། ཡིད་ཆེས་མ་བྱས་པར། གཡོལ་ན་ཡག་པོ་ཡོད་རེད། རྒྱུ་མཚན་ནི། ཚོང་ཁང་དེ་ཚོའི་ནང་སྙིགས་ཟས་བཙོང་གི་ཡོད་པ་མ་ཟད། ནམ་རྒྱུན་གྱི་སྙིགས་ཟས་ལས་སྡུག་པ་ཡོད་དོ།། །།

No comments: