Sunday, November 4, 2012

སློབ་གྲྭ་ལ་beybladeའཁྱེར་བ།



༄༅།། མི་ཚང་ཞིག་ནང་བུ་གཉིས་ཡོད། ཁོ་གཉིས་ཉིན་མ་རྟག་པར་རྩེད་མོ་རྩེས་ནས་བསྡད་ཀྱི་ཡོད། ཉིན་མ་གཅིག་ཨ་མས་ཁོ་གཉིས་སློབ་གྲྭར་བཏང་བ་རེད། ཁོ་གཉིས་སློབ་གྲྭར་འགྲོ་དུས་ཁོ་གཉིས་ཀྱི་རྩེད་ཆས་beybladeའཁྱེར་ཡོད་པ་རེད། 
    སློབ་གྲྭ་ལ་སླེབས་པའི་སྐབས་ཁོ་གཉིས་ཧང་སངས་པ་རེད། གང་ཡིན་ཟེར་ན་སློབ་གྲྭའི་ནང་ལ་ཕྲུ་གུ་མང་པོ་ཡོད་པས་ཧང་སངས་པ་རེད། དེ་རྗེས་བར་སེང་སྐབས་ཁོ་གཉིས་ཀྱིས་རྩེད་ཆས་ངོམ་བཟོ་བརྒྱབ་པ་རེད། ཕྲུ་གུ་གཞན་དག་དེ་ཚོ་ཧང་སངས་པ་དང་སེམས་པ་ཡང་ཤོར། 
    སློབ་གྲྭ་གྲོལ་ཚར་རྗེས་ཕྲུ་གུ་གཞན་པ་དེ་ཚོས་རྩེད་ཆས་དེ་དགོས་ཞེས་ཕ་མ་ལ་རྙོག་ཁྲ་མང་པོ་བཤད་པར་བརྟེན། ཕ་མ་འུ་ཐུག་ནས་རྩེད་ཆས་དེ་ཉོས་དགོས་བྱུང་པ་རེད། 
   
    སང་ཉིན་དེར་ཕྲུ་གུ་ཕལ་ཆེ་བས་རྩེད་ཆས་དེ་སློབ་གྲྭ་ལ་འཁྱེར་ཡོང་པ་རེད། བར་སེང་སྐབས་ཁོ་ཚོ་ཚང་མ་རྩེད་ཆས་བསྡུར་བ་རེད། ཕྲུ་གུ་ཁ་ཤས་ཀྱིས་འཛིན་ཁང་ནང་ལའང་རྩེད་མོ་རྩེས་ཀྱི་ཡོད་པ་རེད། 
    སང་ཉིན་དེར་ཁོ་ཚོས་ཡང་བསྐྱར་རྩེད་ཆས་དེ་འཁྱེར་སླེབས་པ་རེད། ཞོགས་པའི་འདུ་འཛོམས་སྐབས་རྒན་ལགས་ཀྱིས་གསུང་གསལ་ལ་སང་ཉིན་ནས་བཟུང་སློབ་གྲྭ་ལ་ beyblade ཟེར་བ་དེ་སུས་འཁྱེར་ཡོང་ཡང་གཡང་ལ་གཡུག་གི་ཡིན་གསུངས་པ་རེད། 
    སང་ཉིན་དེར་ཕྲུ་གུ་ཚང་མས་རྩེད་ཆས་དེ་འཁྱེར་མེད་པ་རེད། ཡིན་ཡང་ཁོ་གཉིས་ཀྱིས་འཁྱེར་ཡོད་པས་རྒན་ལགས་ཀྱིས་གཡང་ལ་གཡུག་པ་རེད། རྩེད་ཆས་གཡུག་པས་ཁོ་གཉིས་ངུས་ནས་སྡོད་དགོས་བྱུང་པ་རེད།།

No comments: