Wednesday, November 21, 2012

བྱིས་པའི་ཉིན་མོ།



༄༅།། བྱིས་པའི་ཉིན་མོ་ནི་རྒྱ་གར་སྲིད་བློན་དང་པོ་ནེ་རུ་མཆོག་གི་འཁྲུངས་སྐར་ཡིན། ཁོང་ཕྲུ་གུ་ལ་མཉེས་པོ་ཞེ་དྲགས་ཡོད། བྱས་ཙང་ཁོང་གི་འཁྲུངས་ཚེས་ལ་རྒྱ་གར་གྱི་བྱིས་པའི་ཉིན་མོ་ལ་གཏན་འཁེལ་གནང་བ་རེད། ཡིན་ནའང་ང་ཚོ་བོད་པ་བཙན་འབྱོལ་ནང་གནས་ཡོད་པས། རྒྱ་གར་གྱི་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་ཡི་ཡོད་པ་རེད།

    ཕྱི་ལོ་ ༢༠༡༢ཟླ་བ་ ༡༡ཚེས་ ༡༤ཉིན་ང་ཞོགས་པ་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ལ་ཆུ་ཚོད་༩ པ་ཙམ་ལ་སྐྱིད་པོའི་ངང་ཕྱིན་པ་ཡིན། གང་ཡིན་ཟེར་ན་དེ་རིང་རྒན་ལགས་རྣམས་ཀྱིས་འཁྲབ་སྟོན་དང་སྤོ་ལོ་འགྲན་བསྡུར་ལྒང་ཕུག་གནམ་ལ་གཏོང་རྒྱུ་སོགས་རྩེད་མོ་སྣ་ཚོགས་ཡོད། གཞན་ཡང་གཟའ་ལྷག་པ་ཡིན་པས་ངས་བོད་བཟོའི་འོག་འཇུག་གྱོན་པ་ཡིན། 

ཞོགས་ཚོགས་སྐབས་ང་ཚོས་ཞལ་འདོན་གང་བློ་མ་དང་ས་བདག་རྒྱལ་པོ། མ་ཎི་ཕྲེང་སྐོར་གཅིག ༸རྒྱལ་བའི་ཞབས་བརྟན་བཅས་སྐྱོར་པ་དང་བསང་གསོལ་བཏང་པ་ཡིན། ༸རྒྱལ་བའི་ཞབས་བརྟན་སྐྱོར་དགོས་དོན་ནི་དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་བླ་གཟའ་ཡིན། ཞོགས་ཚོགས་ཚར་རྗེས་རྒན་ལགས་ཀྱིས་གསུང་གསལ་ལ་དེ་རིང་གི་བྱིས་པའི་ཉིན་མོ་དེ་དམིགས་བསལ་ཞེ་དྲགས་བཏང་གི་མིན། གང་ཡིན་ཟེར་ན་བོད་ནང་ད་བར་བོད་མི་༧༠ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་རེད་ཅེས་གསུངས་སོང་། ལྷག་པར་དུ་ངག་བཅད་མྱ་ངན་གུད་བཏུད་སྐར་མ་གཅིག་རིང་བྱེད་དུ་བཅུག་སོང།

    དེ་རྗེས་རྒན་ལགས་རྣམས་ཀྱིས་འཛིན་རིམ་བཞིན་རུ་བསྒྲིགས་བཅུག་སོང་། རུ་བསྒྲིགས་ཚར་རྗེས་རྒན་ལགས་རྣམས་ཀྱིས་ལྒང་ཕུག་མང་པོ་འཁྱེར་ནས་ལག་རྩེད་སྤོ་ལོ་ཐང་ལ་འཁྲིད་གནང་སོང་། ལག་རྩེད་སྤོ་ལོ་ཐང་ལ་རྒན་ལགས་རྣམས་ཀྱིས་ལྒང་ཕུག་སྒང་ལ་རང་ལུས་མེ་བསྲེགས་བཏང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་དཔར་དང་རྒྱ་གར་དང་དབྱིན་ཡིག་ཐོག་ནས་ངོ་སྤྲོད་བྲིས་འདུག ད་དུང་རྒན་ལགས་ཀྱིས་ཤུག་པ་དང་ཤིང་བཞག་ནས་བསང་གི་དུ་བ་ལྷོབ་ལྷོབ་འཕྱུར་བ་དང་མཉམ་དུ་ལྒང་ཕུག་གནམ་ལ་བཏང་བ་ཡིན། ལྒང་ཕུག་མང་ཆེ་བ་གནམ་གུང་ལ་འཕུར་སོང་། ལྒང་ཕུག་ཁ་ཤས་ཤིང་སྡོང་དང་གློག་སྐུད་སྒང་ལ་འཁར་སོང་། 


    དེ་རྗེས་ང་ཚོ་སློབ་གྲྭ་ལ་ཡར་ཕྱིན་ཡིན། སློབ་གྲྭར་འབྱོར་མཚམས་རྒན་ལགས་རྣམས་ཀྱིས་འཁྲབ་སྟོན་སྣ་ཚོགས་འཁྲབ་གནང་སོང་། འཁྲབ་སྟོན་ཚང་མ་མཇུག་བསྒྲིལ་ཚར་རྗེས་ང་ཚོ་ལ་རྔན་པ་གནང་སོང། ཉིན་དགུང་ཞལ་ལག་ཀྱང་དམིགས་བསལ་བཏང་གནང་སོང། ཕྲུ་གུ་ཚང་མ་ཞལ་ལག་མཆོད་ཚར་རྗེས་ང་ཚོ་ལག་རྩེད་སྤོ་ལོ་ཐང་ལ་ཕྱིན་པ་ཡིན། 

    ལག་རྩེད་སྤོ་ལོ་ཐང་ལ་རྒན་ལགས་རྣམས་ཀྱིས་ལག་རྩེད་སྤོ་ལོ་རྩེས་པ་དང་ཕྲུ་གུ་རྣམས་རྐང་རྩེད་སྤོ་ལོ་རྩེས་པ་ཡིན། ནང་ལ་ལོག་སྐབས་རྒན་ལགས་རྣམས་ཀྱིས་ང་ཚོ་ལ་སྙུག་ཁུག་དང་སྙུ་གུ་རེ་གནང་སོང། དེ་རྗེས་ང་ཚོ་ཚང་མ་དགའ་སྤྲོའི་ངང་ནང་ལ་ལོག་པ་ཡིན། དེ་རིང་ང་དངོས་གནས་སྐྱིད་པོ་བྱུང་སོང་། །།

1 comment:

tenzin Dhargyal said...

ཁྱེད་ཀྱི་བྱི་པའི་ཉིན་མོའི་ཉིན་ཐོ་ཞེ་དྲག་ཡག་པོ་བྱིས་འདུག། ང་ཆོའི་སློབ་གྲར་ཡང་བྱི་པའི་ཉིན་མོ་སྔར་བཞིན་མིན་འདུག། ཉིན་གཅིག་བྱི་པའི་ཉིན་མོ་སྐྱིད་པོ་ཡོང་བའི་ང་ཚོ་ཚང་མ་སྨོན་ལམ་རྒྱོབ། ཁྱིད་ཀྱི་དྲ་རྒྱ་ངས་རང་གི་ཕྲྭ་གུར་སྟོན་ཡིན་ ཡིན་ཡང་ངའི་ཕྲུ་གུས་ཉིན་ཤེས་རྠེས་མུ་ཐུད་མ་སོང། ད་དུང་ཡང་ངས་འབད་བཙོན་བྱེད་ཀྱིས་ཡིན། ཁྱེད་མུ་ཐུད་རོགས་གནང། བཀྲིས་བདེ་ལེགས། དག་ཆ་ནོར་བ་ལ་དགོངས་དག།