Saturday, December 8, 2012

ཨང་རྩིས་ལ་དགའ་བའི་སློབ་ཕྲུག་གཅིག་དང་ཚན་རིག་ལ་དགའ་བའི་སློབ་ཕྲུག་གཅིག





༄༅།། སློབ་གྲྭ་ཞིག་གི་ནང་ཨང་རྩིས་ལ་དགའ་བའི་སློབ་ཕྲུག་གཅིག་ཡོད་པ་དང་ཚན་རིག་ལ་དགའ་བའི་སློབ་ཕྲུག་གཅིག་ཡོད། ཁོ་གཉིས་ཉིན་མ་རྟག་པར་ཨང་རྩིས་དང་ཚན་རིག་བསླབ་རེས་བྱེད་པ་མ་གཏོགས། སློབ་ཚན་གཞན་དག་སྦྱངས་ཀྱི་མེད། 
   ཉིན་གཅིག་ཨང་རྩིས་ལ་དགའ་བའི་སློབ་ཕྲུག་དེའི་སེམས་ནང་ད་ང་ཨང་རྩིས་དང་ཚན་རིག་གཅིག་པུར་སྦྱངས་ཀྱི་མིན། ང་སྤྱི་ཚོགས་རིག་གནས་དང་གློག་ཀླད་ཀྱང་སྦྱངས་ཀྱི་ཡིན། བསམ་པ་རེད།

    ཉིན་གཅིག་ཨང་རྩིས་ལ་དགའ་བའི་སློབ་ཕྲུག་དེ་ཁྲོམ་ལ་འགྲོ་དུས་ཨ་མ་ལགས་ང་ལ་མཐེབ་སྡེར་དང་སྤྱི་ཚོགས་རིག་གནས་ཀྱི་ཀློག་དེབ་དགོས་ཞེས་ལབ་པ་རེད།

   ཨ་མས་ལམ་སེང་མཐེབ་སྡེར་བཙོང་སར་ཕྱིན་ནས་མཐེབ་སྡེར་ཡག་པོ་ཞིག་ཉོས་པ་མ་ཟད་དཔེ་ཚོང་ཁང་ནང་ཕྱིན་ནས་སྤྱི་ཚོགས་རིག་གནས་ཀྱི་ཀློག་དེབ་རིགས་ཚང་མ་ཉོས་ནས་ཨང་རྩིས་ལ་དགའ་བའི་བུ་དེ་ལ་སྤྲད་པ་རེད།

    སང་ཉིན་དེར་གློག་ཀླད་ཚོགས་ཐེངས་སྐབས་ཨང་རྩིས་ལ་དགའ་བའི་སློབ་ཕྲུག་དེས་རྒན་ལགས་ལ་ང་ཚོ་ད་ལྟ་སྦྱངས་བཞིན་པའི་(Typing)དེ་མཐེབ་སྡེར་དེའི་ནང་བཅུག་རོགས་གནང་དང་། ཅེས་ལབ་པ་རེད། རྒན་ལགས་ཀྱིས་གཟབ་ནན་ངང་མཐེབ་སྡེར་དེའི་ནང་ཨང་རྩིས་ལ་དགའ་བའི་སློབ་ཕྲུག་དེས་ལབ་པ་ནང་བཞིན་(Typing)དེ་བཅུག་གནང་པ་རེད།
ཁོ་ནང་ལ་སླེབས་དུས་ཁོས་ཁོ་རང་ནང་གི་གློག་ཀླད་ནང་མཐེབ་སྡེར་དེ་གློག་ཀླད་ལ་སྒར་ནས་(Typing)སྦྱངས་པ་རེད།

ཚན་རིག་ལ་དགའ་བའི་སློབ་ཕྲུག་དེས་ཀྱང་ད་ང་ཡང་ཨང་རྩིས་དང་ཚན་རིག་སྦྱངས་ནས་བསྡད་ཀྱི་མིན། ང་དབྱིན་ཇི་དང་བོད་ཡིག་ཀྱང་སྦྱངས་ཀྱི་ཡིན། བསམ་པ་རེད། ད་ནས་བཟུང་ང་ནང་གི་བོད་ཡིག་དང་དབྱིན་ཇིའི་སྒྲུང་དེབ་ཚང་མ་ཀློག་རྒྱུ་འགོ་བཙུགས་ཀྱི་ཡིན། དག་ཆ་མི་ཤེས་པ་དང་དོན་དག་མི་ཤེས་པ་རྣམས་ཚིག་མཛོད་ནང་བཙལ་གྱི་ཡིན། ཞེས་དམ་བཅའ་བཞག་པ་རེད།

    ཁོས་ནང་གི་སྒྲུང་དེབ་ཚང་མ་ཀློག་ཚར་དུས་བོད་ཡིག་དང་དབྱིན་ཇི་ཡི་དག་ཆ་དང་དོན་དག་ཡར་རྒྱས་ཏོག་ཙམ་ཕྱིན་པ་རེད། བདུན་ཕྲག་རྗེས་མ་དེ་ལ་ཁོ་ཁྲོམ་ལ་འགྲོ་དུས་ཁོས་ཨ་མ་ལགས་ལ་ང་ལ་བོད་ཡིག་དང་དབྱིན་ཇིའི་སྒྲུང་དེབ་ཡག་པོ་ཞིག་ཉོས་དང་ལབ་པ་རེད།

   ཨ་མས་དབྱིན་ཇི་དང་བོད་ཡིག་སྒྲུང་དེབ་ཡག་པོ་དེ་འདྲ་ཉོ་སའི་དཔེ་ཚོང་ཁང་ཡག་པོ་གང་ཡོད་སར་ཕྱིན་ནས་སྒྲུང་དེབ་སྣ་ཚོགས་ཉོས་ནས་སྤྲད་པ་རེད། བུ་དེ་དགའ་ཐག་ཆོད་ནས་ཧུར་ཐག་ངང་ཀློག་པ་རེད།

    དེ་རྗེས་ཨང་རྩིས་ལ་དགའ་བའི་བུ་དེ་དང་ཚན་རིག་དགའ་བའི་བུ་དེ་གཉིས་ཀྱིས་རི་མོ་ཡང་སྦྱངས་དགོས་འདུག་བསམ་ནས་རི་མོ་ཡང་སྦྱངས་པ་རེད། ད་དུང་ཁོ་གཉིས་དུས་ཚོད་སྟོང་པ་བྱུང་ཚེ་ཡི་གེ་དང་རི་མོ་མཉམ་དུ་བསླབས་རེས་བྱེད་ཀྱི་ཡོད་པ་རེད། ཡིག་ཚད་སྐབས་ཁོ་གཉིས་ཡིག་ཚད་ཚང་མ་ཨང་དང་པོ་དང་ཨང་གཉིས་པ་བླངས་ཐུབ་པ་དེ་ཕྲུ་གུ་གཉིས་ཀྱིས་རང་འགུལ་ངང་སྦྱངས་པ་ཡིན་པས། ཕ་མ་གཉིས་དགའ་པོ་དང་སྤོབས་པ་ཆེན་པོ་བྱུང་བ་རེད། ད་དུང་ཁོ་གཉིས་ཀྱི་མི་ཚེའི་ནང་གལ་ཆེ་ཤོས་ག་རེ་ཡིན་མེད་ཧ་གོ་ཡོད། དེ་ག་རེ་རེད་ཟེར་ན་མི་ཚེའི་ནང་སྤྱོད་པ་ཡག་པོ་བྱེད་དགོས་པ་མ་ཟད་ཀུན་སློང་ཡང་ཡག་པོ་འཁྱེར་དགོས་པ་ཤེས་པ་རེད།། །།

No comments: