ཁོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་བས་ཁོ་ལ་ཐབས་ཤེས་གཅིག་རྙེད་པ་རེད། ཐབས་ཤེས་དེ་ནི་ཁོས་ཁ་བཏགས་བཙོངས་པ་དང་ཆབས་ཅིག་ཚལ་དང་ཤིང་ཏོག་བཙོང་ན་ནམ་རྒྱུན་དང་མི་འདྲ་བར་མི་ཚོས་ཉིན་ལྟར་མང་པོ་ཉོ་ཡི་ཡོད། དེར་བརྟེན་ཁོས་ཐབས་ཤེས་དེ་བེད་སྤྱོད་བཏང་སྟེ་སྡེབ་ཚོང་རྒྱབ་སར་ཕྱིན་ནས་ཚལ་དང་ཤིང་ཏོག་དོ་པོ་གང་མང་ཉོས་པ་རེད།

ཚོང་པ་བཀྲ་ཤིས་ཀྱི་ཁ་བཏགས་མ་ཟད་ཚལ་དང། ཤིང་ཏོག་ཀྱང་ཡག་པོ་བྲིན་གྱི་ཡོད་པ་རེད།གང་ཡིན་ཟེར་ན་དེ་ཉིན་ཁ་བཏགས་དང་ཊོ་མ་ཊོ་རྣམས་ཚོང་པ་སུ་གཅིག་ལ་མེད། བྱས་ཙང་ཚང་མས་བཀྲ་ཤིས་ཀྱི་ཚོང་ཁང་ནས་ཉོས་ཀྱི་ཡོད་པ་རེད།
སང་ཉིན་དེར་ཁོས་སོ་སོའི་ཚོང་ཁང་ལ་བལྟ་དུས་ཊོ་མ་ཊོ་ཚང་མ་རྫོགས་ཡོད་པས། ཁོས་ཡང་བསྐྱར་སྡེབ་ཚོང་རྒྱབ་སར་ཕྱིན་པས་སྟབས་མ་ལེགས་པ་ཞིག་ལ་སྡེབ་ཚོང་རྒྱབ་སར་ཊོ་མ་ཊོ་ཚང་མ་རྫོགས་ཚར་པ་རེད། ཁོས་ཡང་ཚལ་གཞན་དག་ཉུང་མ་དོ་པོ་གཅིག་ཉོས་པ་རེད། ཁོས་ཚོང་ཁང་ནང་ལ་ཊོ་མ་ཊོ་བཞག་སར་ཉུང་མ་བཞག་པ་རེད། བཀྲ་ཤིས་ཀྱིས་འབད་བརྩོན་དེ་འདྲ་བྱས་ནས་ལོ་མང་པོ་སོང་རྗེས་དངུལ་མང་པོ་བསགས་ཐུབ་པ་མ་ཟད་མནའ་མ་ཡང་མཛེས་མ་ཞིག་ལེན་པ་རེད།
བཀྲ་ཤིས་ཀྱིས་མོ་ཊ་ཉོས་པ་དང་ཁང་པ་ཆེན་པོ་ཞིག་ཀྱང་ཉོས་ཡོད། ད་དུང་དེང་སང་གི་ཐོག་བརྩེག་ཅན་གྱི་ཚོང་ཁང་གི་བདག་པོ་ཡིན་པ་མ་ཟད་གཡོག་པོ་ལྔ་ལྷག་ཡོད། ད་ལྟ་ལོ་རེར་ཚོང་པ་བཀྲ་ཤིས་ལ་སྒོར་ས་ཡ་གཉིས་ལྷག་རག་གི་ཡོད། དེར་བརྟེན་ཁོ་ཚོ་སྐྱིད་པོའི་ངང་མི་ཚེ་སྐྱེལ་བཞིན་ཡོད་ལ་ཚོང་རྒྱག་སྐབས་ཁེ་བཟང་ཁོ་ན་མི་བསམ་པར་ལྷག་བསམ་རྣམ་དག་གིས་ཚོང་རྒྱབ་བཞིན་ཡོད།། །།
No comments:
Post a Comment