Sunday, March 31, 2013

ཨ་མ་མགོ་ན་འཇུག་མཁན་གྱི་བུ་གསུམ།



༄༅།། གྲོང་གསེབ་ཆུང་ཆུང་གཅིག་ནང་མི་ཚང་གཅིག་བསྡད་ཀྱི་ཡོད། མི་ཚང་དེའི་ནང་ཕྲུ་གུ་བུ་གསུམ་ཡོད། བུ་དེ་དག་སློབ་སྦྱོང་མཁས་པོ་ཞེ་དྲག་ཡོད་ལ་སྤྱོད་ལམ་ཡང་ཨོའོ་ཙམ་ཡག་པོ་ཡོད། ཁོ་ཚོ་གསུམ་ནི་ཕན་ཚུན་ཤིན་ཏུ་བརྩེ་བས། དུས་ནམ་ཡང་འཁྲུག་པ་བརྒྱབ་ཀྱི་མེད། 
   ཉིན་གཅིག་ཨ་མས་ཁོ་ཚོ་གསུམ་སློབ་གྲྭ་ལ་བཏང་པ་རེད། སློབ་གྲྭ་ནང་ལ་སླེབས་དུས་ཁོ་ཚོ་གསུམ་གྱིས་རང་ཉིད་ཀྱི་འཛིན་གྲྭའི་ནང་ཕྱིན་ནས་ཡི་གེ་ཀློག་ནས་བསྡད། འཛིན་གྲྭ་འགོ་ཚུགས་མ་ཐག་རྒན་ལགས་ཀྱིས་སློབ་ཕྲུག་གསར་པ་གསུམ་ངོ་སྤྲོད་གནང་། ཁོ་ཚོ་གསུམ་གྱིས་སློབ་ཚན་ཚང་མ་ཡག་པོ་སྦྱངས་ཀྱང་ཚན་རིག་དང་འཕྲོད་བསྟེན་སློབ་ཚན་ཡག་པོ་ཁྱོན་ནས་སྦྱངས་མེད། དེ་ལྟར་ལོ་མང་སོང་བས་ཁོ་ཚོ་གསུམ་ཆེན་པོ་ཆགས། ཁོ་ཚོས་ཚོང་སྣ་ཚོགས་བརྒྱབ་ནས་ཕྱུག་པོ་ཆགས། 
   ཉིན་ཞིག་ཁོང་ཚོ་གསུམ་ཨར་ཁང་རྫིག་པོ་གཅིག་ནང་ཕྱིན། ཨར་ཁང་ནང་ཁོང་ཚོ་གསུམ་གྱིས་ཨ་རག་ཤེལ་དམ་གཉིས་རེ་བཏུང་། ཨ་རག་བཏུང་ཚར་རྗེས་ཁོ་ཚོ་གསུམ་ར་བཟི་བས། ནང་དུ་ལོག་སྐབས་མོ་ཊའི་ནང་འཛུལ་དུས་གཅིག་གིས་ལྷམ་ཕྱིར་ཕུད་པ་དང་གཅིག་གིས་སོ་སོའི་མགོའི་སྐྲ་ཚང་མ་ཇེམ་ཙེ་ཡིས་བཏུབ། གཅིག་གིས་སོ་སོའི་ཆུ་རས་མ་གཏོགས་གོས་ཆ་ཚང་ཕུད་ནས་ཡོང་བ་རེད།
   
   ནང་ལ་སླེབས་དུས་ཁོ་ཚོ་ཚང་མ་ར་བཟི་བ་མ་ཟད་གཅིག་ལ་ལྷམ་མེད། གཅིག་གིས་མགོའི་སྐྲ་ཚང་མ་བཏུབ། གཞན་དེས་སོ་སོའི་ཆུ་རས་མ་གཏོགས་གོས་ཚང་མ་ཕུད་དེ་ཡོང་གི་ཡོད་པ་མཐོང་དུས་ཨ་མ་ཧོན་ཐོར་ནས་རང་ཉིད་ཀྱི་མིག་ལ་ཡིད་མི་ཆེས་པར་འགྱུར། ཨ་མ་ཁོང་ཁྲོ་ཟ་ཐག་ཆོད་ནས་གཤེ་གཤེ་མང་པོ་བཏང་། ཉིན་མ་དེ་རིང་ནས་བཟུང་ཁྱོད་ཚོ་གསུམ་ཕྱི་ལ་འཁྱམ་དུ་འགྲོ་མི་ཆོག་ལ་ཚན་རིག་སྦྱོང་དགོས་པའི་བསླབ་ཆ་བརྒྱབ། གལ་སྲིད་ཁྱེད་རང་ཚོས་ཨ་རག་ཚད་མེད་བཏུང་བ་ཡིན་ན་ཁྱེད་རང་གི་མཆིན་པ་ལ་སྐྱོན་ཤོར་གྱི་རེད། ཐ་མག་འཐེན་ན་ཁྱེད་རང་གློ་བ་ནད་པ་ཆགས་ཀྱི་རེད་ཅེས་བསླབ་བྱ་མང་པོ་གནང་། 
   སང་ཉིན་དེར་ཁོ་ཚོས་ཨ་རག་བཏུང་ས་རྫིག་པོ་གཅིག་ནང་ཕྱིན་ནས་ wine ཞེས་པའི་ཨ་རག་དེ་ཤེལ་དམ་གཉིས་རེ་བཏུང་། ཡང་ཁོ་ཚོ་ར་བཟི་ནས་ལོག་དུས་མི་གསུམ་ག་མགོ་ལ་ཆུ་རས་གྱོན། 
   དེ་ནས་ནང་ལ་ལོག་པས་ཨ་མས་ཁོང་ཚོ་མཐོང་མ་ཐག་ལམ་སེང་ཁྱེད་ཚོ་གསུམ་ད་ཡང་ཨ་རག་བཏུང་པས་ཞེས་བརྗོད་མ་ཐག་ཁོང་ཚོ་གསུམ་གྱིས་ཨ་རག་བཏུང་མེད། ང་ཚོས་ wine བཏུང་པ་ཡིན་ལབ་པས། ཨ་མ་དྲན་པ་ཐོར་བཅུག་པ་རེད། 
   ང་ཚོས་སློབ་ཚན་ག་རེ་ཡིན་ཀྱང་སྣང་མེད་བཞག་རྒྱུ་མེད། གལ་སྲིད་ཁྱེད་རང་གིས་སྣང་མེད་བཞག་ན་རྗེས་མ་ཆེན་པོ་ཆགས་དུས་སློབ་ཚན་མང་ཆེ་བ་ཡག་པོ་ཡོད་ཀྱང་གཅིག་རང་གཅིག་ཡག་པོ་མེད་དུས་སྐྱིད་པོ་མེད།། །།

No comments: