Thursday, May 16, 2013

བརྩོན་འགྲུས་ཀྱི་འབྲས་བུ།


བུ་ནོར་བུ་དོན་གྲུབ་ཟླ་བ་ནང་བསྐྱོད་བཞིན་པ།
༄༅།། དེ་རིང་ནི་བུ་ནོར་བུ་དོན་གྲུབ་ནང་ལ་དགའ་ཉེ་སྤུན་མཆེད་མང་པོ་འཛོམས་ནས་དགའ་སྟོན་གྱི་ཕེབས་བསུ་བྱེད་བཞིན་ཡོད། བུ་ནོར་བུ་དོན་གྲུབ་ནི་ལོ་མང་གི་བརྩོན་འགྲུས་ལ་བརྟེན་ནས་ད་ཆ་སྐད་གྲགས་ཡོད་པའི་གནམ་དཔྱད་རིག་པ་མཁས་པ་ཞིག་ཆགས་ཡོད།

    བུ་ནོར་བུ་དོན་གྲུབ་སློབ་གྲྭ་ལ་ཐོག་མར་འགྲོ་དུས་རིག་པ་སྐྱོ་པ་ཞེ་དྲགས་ཡོད་པ་དང་སྐད་དག་པོ་མེད་པ། ཉམས་ཆུང་ཡང་ཡོད། བྱས་ཙང་ཕ་མ་གཉིས་ལ་དཀའ་ལས་མང་པོ་འཕྲད་པ་མ་ཟད་ཉིན་ལྟར་བུ་ལ་གསལ་བྱེད་སུམ་ཅུ་ཡང་བསླབས་དགོས། དེ་ལྟར་ལོ་གསུམ་རྗེས་སུ་བུ་ནོར་བུ་དོན་གྲུབ་འཛིན་གྲྭ་དང་པོར་སླེབས། དེ་དུས་བུ་ནོར་བུ་དོན་གྲུབ་དགེ་རྒན་ཞལ་ལ་ཉན་པོ་ཡོད། ཡིན་ཡང་རྒན་ལགས་ཀྱིས་ནང་ལས་བསྐུར་དུས་མ་ཤེས་ནས་ལྷགས་དུས་དགེ་རྒན་གྱིས་ཉིན་ལྟར་གཤེ་གཤེ་བཏང་གི་ཡོད།

    དེ་ལྟར་བུ་ནོར་བུ་དོན་གྲུབ་འཛིན་གྲྭ་གསུམ་པའི་སྐབས་སུ་རྒན་ལགས་ཡག་པོ་ཞིག་ཐུག་པ་རེད། རྒན་ལགས་ཀྱིས་བུ་ནོར་བུ་དོན་གྲུབ་ལ་བརྩོན་འགྲུས་བྱས་ན་སློབ་སྦྱོང་དང་ལས་ཀ་ག་རེ་ཡིན་ནའི་གྲུབ་མི་ཐུབ་པ་མེད་ཅེས་ཉིན་ལྟར་བྱམས་བརྩེའི་བཀའ་སློབ་གནང་གི་ཡོད། བུ་ནོར་བུ་དོན་གྲུབ་སེམས་ཤུགས་འཕར་ནས་ཉིན་ལྟར་དགེ་རྒན་གྱིས་གང་བསླབས་པ་ཆ་ཚང་ནང་ལ་བསྐྱར་སྦྱོངས་ཐེངས་མང་བྱས། མ་ཤེས་པ་རྣམས་སླར་རྒན་ལགས་སུ་སྐད་ཆ་དྲིས། ནང་ལ་དེབ་ཉོ་རྒྱུའི་ཆ་རྐྱེན་མེད་པས་ཐག་རིང་དཔེ་མཛོད་ཁང་ནས་དེབ་གཡར་པ་དང་། སྐབས་རེ་གྲོགས་པོ་དང་གྲོགས་མོའི་འགྲམ་ནས་དེབ་གཡར་ནས་དུས་ཚོད་ནམ་བྱུང་ལ་བལྟ་ཀློག་བྱེད་ཀྱི་ཡོད། དེ་ལྟར་བརྩོན་འགྲུས་ལ་བརྟེན་ནས་སློབ་སྦྱོང་ཡག་པོ་ཆགས་པ་མ་ཟད་མི་གཞན་གྱིས་བརྙས་བཅོས་བཏང་དུས་བཟོད་སྒོམ་བྱས། ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་ལུས་རྩལ་རྩེད་པ་དང་བློ་འཛིན་སོགས་བྱས་ནས་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླག་བཏང་གི་མེད།

    ལོ་མང་པོ་སོང་རྗེས་བུ་ནོར་བུ་དོན་གྲུབ་ལ་གསེར་གྱི་རྟགས་མ་ཡང་ཐོབ། སྐད་གྲགས་ཡོད་པའི་མཐོ་སློབ་ཀྱང་ཐོན། དེ་དུས་ཕ་མ་གཉིས་དགའ་པོ་ཞེ་དྲགས་བྱུང་བ་རེད། ཕ་མ་གཉིས་ཀྱིས་བུ་ནོར་བུ་དོན་གྲུབ་ལ་ཁྱེད་ཀྱི་ཕུགས་བསམ་གང་ཡིན་ནམ་གསུངས་དུས་ངའི་ཕུགས་བསམ་ནི་གནམ་དཔྱད་རིག་པ་ཡིན་ཞེས་ལབ་པ་རེད།། །།

No comments: