Sunday, April 6, 2014

ངའི་གྲོགས་པོ་རྙིང་པ་མཉམ་དུ་སློབ་གྲྭ་གཅིག་པ་ཆགས་པའི་ཉིན་མོ།

༄༅།། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༨ ངའི་གྲོགས་པ་རྙིང་པ་དང་ང་སློབ་གྲྭ་གཅིག་པ་ཆགས་སོང། ངའི་གྲོགས་པོ་རྙིང་པ་ནི་ཟིལ་གནོན་དང་ཆོས་རྒྱལ་རེད། གྲོགས་པོ་རྙིང་པ་དེ་གཉིས་ང་དང་ད་ཆ་སྤྱི་སྤྱོད་རླངས་འཁོར་གཅིག་པ་ཡིན་པ་མ་ཟད་ངའི་གྲོགས་པོ་ཟིལ་གནོན་ནི་ངའི་འབྲི་ཅོག་ཅིག་པ་ཡང་རེད། ཡིན་ཡང་ངའི་གྲོགས་པོ་ཆོས་རྒྱལ་ད་ལྟ་འཛིན་གྲྭ་ལྔ་པ་ཡིན་ཙང་འཛིན་གྲྭ་གཅིག་པ་འཁེལ་མ་སོང་། 


  ངའི་གྲོགས་པོ་དེ་གཉིས་དེང་སང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་མ་ཟད་གྲོགས་པོ་ཟིལ་གནོན་ནམ་རྒྱུན་དང་མི་འདྲ་བར་སྐད་ཤུགས་ཆེ་རུ་ཕྱིན་པ་དང་རྔན་པ་བཟའ་རྒྱུ་སྔ་མོ་ལས་མང་དུ་ཕྱིན་འདུག་པ་མ་ཟད་ལྒང་ཕུག་དང་ཆུའི་མེ་མདའ་རྩེ་རྒྱུར་དགའ་རུ་ཕྱིན་འདུག ངའི་གྲོགས་པོ་ཆོས་རྒྱལ་ནི་དེང་སང་ལྒང་ཕུག་ནང་ཆུ་བཀང་ནས་རྩེད་མོ་རྩེ་རྒྱུར་དགའ་རུ་ཕྱིན་པ་དང་སྤྱི་སྤྱོད་རླངས་འཁོར་ནང་ཉོབ་ཏོ་བྱེད་ཀྱི་འདུག

  ང་ཚོ་གསུམ་བར་སེང་སྐབས་སུ་རྐང་རྩེད་སྤོ་ལོ་མང་པོ་རྩེ་ཡི་ཡོད་པ་ཟད། མཚམས་རེ་ང་ཚོ་མཉམ་དུ་རྔན་པ་ཟ་བ་དང་སློབ་གྲྭའི་འཚོང་འདུས་ལ་ང་ཚོ་གསུམ་རྩེད་མོ་མང་པོ་ཞེ་དྲགས་རྩེ་ཡི་ཡོད། མཉམ་དུ་ང་ཚོ་གསུམ་སྒྲུང་དེབ། Tingle སོགས་མང་པོ་གཡར་རེས་བྱེད་ཀྱི་ཡོད།
  
  ངའི་གྲོགས་པོ་རྙིང་པ་ཟིལ་གནོན་དང་ཆོས་རྒྱལ་ནི་རྐང་རྩེད་སྤོ་ལོ་ལ་དགའ་པོ་ཞེ་དྲགས་ཡོད་པ་དང་མཁས་པོ་ཡང་འདུག ངའི་གྲོགས་པོ་ཟིལ་གནོན་དང་ཆོས་རྒྱལ་ང་ཚོ་སྔོན་མ་གངས་སྐྱིད་སློབ་གྲྭའི་ནང་མཉམ་དུ་སློབ་སྦྱོང་བྱེད་མྱོང་། ད་ཆ་ང་རང་གི་གྲོགས་པོ་རྙིང་པ་མཉམ་དུ་ཐུག་པ་དང་ཡང་བསྐྱར་གྲོགས་པོ་ཆགས་པས་ང་དགའ་པོ་ཞེ་དྲགས་བྱུང་། ང་ཚོ་སྔོན་མའི་སློབ་གྲྭ་ནས་ཁ་བྲལ་ནས་ལོ་གསུམ་ཕྱིན་འདུག ། །།

No comments: