Sunday, April 20, 2014

སྤྱི་སྤྱོད་རླངས་འཁོར།


༄༅།། སྤྱི་སྤྱོད་རླངས་འཁོར་ནི་དེང་སང་མི་མང་པོ་ས་ཆ་གཞན་ནམ་ས་ཆ་ཐག་རིང་པོ་ཞིག་ལ་འགྲོ་ཐུབ་པའི་འཕྲུལ་འཁོར་ཞིག་ཡིན། སྤྱི་སྤྱོད་རླངས་འཁོར་ལ་ཚོན་ཁྲ་མང་པོ་ཡོད་པ་དང་དབྱེ་བ་ཡང་ཁ་ཤས་ཡོད། དཔེར་ན། བདག་པོའི་ཆ་ནས་གཞུང་གི་སྤྱི་སྤྱོད་རླངས་འཁོར་དང་། སྒེར་གྱི་སྤྱི་སྤྱོད་རླངས་འཁོར། ཆེ་ཆུང་གི་ཆ་ནས་སྤྱི་སྤྱོད་རླངས་འཁོར་ཆེན་པོ་དང་ཆུང་ཆུང་། བེད་སྤྱོད་གཏོང་མཁན་གྱི་ཆ་ནས་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་དང་སློབ་ཕྲུག་གི་སྤྱི་སྤྱོད་རླངས་འཁོར་བཅས་ཡིན། 

  བདག་པོའི་ཆ་ནས་སྤྱི་སྤྱོད་རླངས་འཁོར་གྱི་དབྱེ་བ་གཉིས་ནི་གཞུང་གི་སྤྱི་སྤྱོད་རླངས་འཁོར་ལ་དབྱེ་བ་གཉིས་ཡོད། དེ་གཉིས་ནི་སྤྱི་སྤྱོད་རླངས་འཁོར་དཀྱུས་མ་དང་། རྒྱས་སྤྲོས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཡིན། དཀྱུས་མའི་སྤྱི་སྤྱོད་རླངས་འཁོར་དེ་ལ་ཐག་རིང་པོ་འགྲོ་མཁན་དང་མ་འགྲོ་མཁན་གཉིས་ཡོད་པ་དང་དེ་གཉིས་ལ་ཁྱད་པར་མེད། རྒྱས་སྤྲོས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ནི་མི་བསྡད་ས་དེ་དཀྱུས་མའི་སྤྱི་སྤྱོད་རླངས་འཁོར་ལས་ཡག་པ་ཡོད་པ་དང་བརྙན་འཕྲིན་ཡོད་པ་མ་ཟད་འཚང་ག་ཞེ་དྲགས་མེད། རྒྱས་སྤྲོས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ཁ་ཤས་ནང་གྲང་གློག་དང་ཚ་གློག་ཡོད། དམིགས་བསལ་ལ་གཞུང་གི་སྤྱི་སྤྱོད་རླངས་འཁོར་ནི་བརྟན་པོ་ཡོད་དོ།།

 
སྒེར་གྱི་སྤྱི་སྤྱོད་རླངས་འཁོར་དེ་ནི་གཞུང་གི་རྒྱས་སྤྲོས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་དང་འདྲ་པོ་ཡོད་ནའང་དེའི་ནང་གཞུང་གི་སྤྱི་སྤྱོད་རླངས་འཁོར་ལས་རིན་གོང་ཆེ་བ་ཡོད་ལ་འཚང་ག་མེད། སྤྱི་སྤྱོད་རླངས་འཁོར་དེ་ཚོ་མང་ཆེ་བ་གཞུང་གི་སྤྱི་སྤྱོད་རླངས་འཁོར་ནང་བཞིན་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་བབས་ཚུགས་ཆེ་ཆུང་ཚང་མ་འགྲིམས་མི་དགོས་པར་ཐད་ཀར་འགྲོ་གི་ཡོད་པས་མགྱོགས་པོ་ཡོད། ཡིན་ཡང་སྒེར་གྱི་སྤྱི་སྤྱོད་རླངས་འཁོར་ནི་བརྟན་པོ་ཞེ་དྲགས་མེད་དོ།།

  ཆེ་ཆུང་གི་ཆ་ནས་སྤྱི་སྤྱོད་རླངས་འཁོར་ཆུང་བའི་ནང་མི་ཉི་ཤུ་ཙམ་ལས་ཤོང་གི་མེད། མཉམ་དུ་སྤྱི་སྤྱོད་རླངས་འཁོར་ཆུང་བ་ནི་རྐུབ་བཀྱག་ཡག་པོ་ཡོད། ཡིན་ཡང་རྐུབ་བཀྱག་ཆུང་ཆུང་ཡིན་སྟབས་མི་རྒྱགས་པ་ཡོད་ན་རྐུབ་བཀྱག་གཉིས་ཉོ་དགོས་འཁེལ་གྱི་རེད། སྤྱི་སྤྱོད་རླངས་འཁོར་ཆུང་བ་དེ་ནི་ནམ་རྒྱུན་མོ་ཊ་ཆེ་བ་འདྲ་པོ་ཡོད།

  སྤྱི་སྤྱོད་རླངས་འཁོར་ཆེ་བའི་ནང་མི་བཞི་ཅུ་ཙམ་ཤོང་གི་ཡོད། ཡིན་ཡང་འཛམ་གླིང་ནང་གི་སྤྱི་སྤྱིད་རླངས་འཁོར་ཆེ་ཤོས་དེ་གང་འདྲ་ཡོད་ཅེ་ན་དེ་ནི་ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་ཞིག་ཡིན་པ་དང་དེའི་ནང་མི་ལྔ་བརྒྱ་ལྷག་ཙམ་ཤོང་གི་ཡོད།

  བེད་སྤྱོད་གཏོང་མཁན་གྱི་ཆ་ནས་སྤྱི་སྤྱོད་རླངས་འཁོར་གཉིས་ཡོད་པ་ལས། སློབ་ཕྲུག་གི་སྤྱི་སྤྱོད་རླངས་འཁོར་ནི་སློབ་ཕྲུག་གཅིག་པོའི་ཆེད་ཡིན། སློབ་ཕྲུག་སྤྱི་སྤྱོད་རླངས་འཁོར་མང་ཆེ་བ་ཚོན་ཁྲ་སེར་པོ་ཡིན་པ་དང་རྐུབ་བཀྱག་ཁ་ཤས་ཚོན་ཁྲྭ་དམར་པོ་ཡིན། སློབ་ཕྲུག་སྤྱི་སྤྱོད་རླངས་འཁོར་ལ་སྒེའུ་ཁུང་དང་སྒོ་དེ་ཚོ་བརྟན་པོ་ཡོད། ལས་ཁུངས་ཀྱི་སྤྱི་སྤྱོད་རླངས་འཁོར་དེ་ནི་ཨ་རི་དང་ཁེ་ན་ཊ་སོགས་ལ་ཡོད་པ་དང་མང་ཆེ་བ་སློབ་ཕྲུག་གི་སྤྱི་སྤྱོད་རླངས་འཁོར་ནང་བཞིན་ཡོད།

  མཚམས་རེ་ང་ཚོ་སྤྱི་སྤྱོད་རླངས་འཁོར་ནང་ཞེ་མེར་ལངས་ཀྱི་ཡོད་ཀྱང་དེ་དཀའ་ངལ་ཚབས་ཆེན་པོ་མ་རེད། མཉམ་དུ་དམིགས་བསལ་གཞུང་གི་སྤྱི་སྤྱོད་རླངས་འཁོར་ནང་ན་ཚ་ཤུགས་ཆེན་པོ་ཞིག་ན་ན་ཁོ་ཚོས་ལམ་སེང་ཛ་དྲག་སྨན་ཁང་ནང་སྐྱེལ་གྱི་རེད་དོ།། །།


No comments: