Sunday, June 28, 2015

ཤེལ་སྒོ།

༄༅།། ཤེལ་སྒོ་ནི་དངོས་པོ་ཕྱི་གསལ་ནང་གསལ་ཞིག་རེད། ཤེལ་སྒོ་ནི་བྱེ་མས་བཟོ་གི་ཡོད་པ་དང་བྱེ་མ་ཧ་ཅང་ཚ་བོ་བཟོས་དུས་བཞུར་གྱི་ཡོད། བྱེ་མ་བཞུར་ཚར་བ་དེ་གྲང་མོ་ཆགས་དུས་ཤེལ་སྒོ་ཆགས་ཀྱི་རེད།
  ཤེལ་སྒོ་ལ་རིགས་མང་པོ་ཡོད། ཤེལ་སྒོ་ཡི་རིགས་གཅིག་ནི་གདོང་ཤེལ་རེད། གདོང་ཤེལ་ནང་ནས་ཁྱེད་རང་གི་གཟུགས་པོ་དང་དངོས་པོ་མཐོང་ཐུབ་ཀྱི་ཡོད།ཤེལ་སྒོའི་རིགས་དེ་དག་བེད་སྤྱོད་མང་པོ་བཏང་གི་ཡོད།
  

 
ཤེལ་སྒོ་ཡི་རིགས་གཞན་ནི་ནམ་རྒྱུན་གྱི་ཤེལ་སྒོ་རེད། ཤེལ་སྒོ་དེ་ཕྱི་ནང་གཉིས་ཀ་མཐོང་ཐུབ་ཀྱི་ཡོད། ཤེལ་སྒོ་དེ་རིགས་ནི་ཁང་པ་ཚང་མར་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། ཁང་པ་ལ་ལ་ཤེལ་སྒོ་ཡིས་བཟོས་ཀྱི་ཡོད། 
  
  ཤེལ་སྒོ་རིགས་གཅིག་ནི་མིག་ཤེལ་རེད། མིག་ཤེལ་གྱི་ཤེལ་སྒོ་ལ་རིགས་མི་འདྲ་བ་མང་པོ་ཡོད། ཉི་འོད་འགོག་ཆེད་ཀྱི་མིག་ཤེལ་ཆོན་མདོག་ཁ་ཤས་ཡོད། ཡང་ཉེ་གྲིབ་དང་རྒྱང་གྲིབ་ཀྱི་ཆེད་དུ་མིག་ཤེལ་དང་མིག་ནད་པའི་ཆེད་དུ་མིག་ཤེལ་བཅས་ཡོད། 

  རྒྱང་ཤེལ་གྱི་ཆེད་དུ་ཤེལ་སྒོ་ཤུགས་ཆེན་པོ་ཡོད། དེས་ཟླ་བ་དང་རྒྱུ་སྐར་སོགས་གནམ་ལ་ཡོད་པའི་དངོས་པོ་གསལ་པོར་མཐོང་ཐུབ་ཀྱི་ཡོད། རྒྱལ་ཤེལ་མང་ཆེ་བ་ནི་གནམ་རིག་བརྟག་དཔྱད་ཁང་སོགས་ལ་ཡོད།

 

ཤེལ་སྒོ་ཡི་རིགས་མཐའ་མ་ནི། ཕྲ་མཐོང་ཆེ་ཤེལ་རེད། ཕྲ་མཐོང་ཆེ་ཤེལ་གྱིས་ཆུང་ཆུང་ (Cells, atoms) དེ་འདྲ་ཆེན་པོ་བཟོས་ནས་མཐོང་ཐུབ། དེ་ནི་ཚན་རིག་པ་རྣམས་ཀྱི་བརྟག་དཔྱད་ཆེད་དུ་རེད། ཕྲ་མཐོང་ཤེལ་དེ་ཚན་རིག་ཁང་དང་ཚན་རིག་པ། སྨན་ཁང་ལ་ཡོད།
  
  ད་དུང་ཤེལ་སྒོ་ནི་འཕྲུལ་ཆས་རིགས་གློག་ཀླད་དང་བརྙན་འཕྲིན། ཁ་པར། མོ་ཊ་སོགས་ལ་བེད་སྤྱོད་བྱེད་ཀྱི་ཡོད། གཞན་ཡང་གློག་གི་ཤེལ་ཏོག་དང་སྣོད་ཆས་སྣ་ཚོགས་བཟོས་ཐུབ་ཀྱི་ཡོད།
ཡིན་ནའི་ཤེལ་སྒོ་མཚམས་རེ་ཡག་པོ་མེད།
  

  ཤེལ་སྒོས་ཁྱེད་རང་བསད་ཐུབ་པ་མ་ཟད། རྨ་བཟོས་པ་བྱུང་གི་རེད།།

No comments: