Friday, May 29, 2015

ཆམ་པ།

༄༅།། ཆམ་པ་ནི་སྤྱིར་བཏང་གི་ན་ཚ་རེད། ཆམ་པ་ནི་ནམ་དུས་ཚང་མར་ཡོང་བའི་ན་ཚ་ཡིན། ལྷག་པར་དགུན་ཁའི་སྐབས་སུ། མི་མང་པོ་ཆམ་པ་ན་ཡི་ཡོད། གལ་སྲིད་ཁྱེད་རང་ལ་ཆམ་པ་འཕོག་ན། གློ་བརྒྱབ་པ་དང་། མགོ་ན་བ། མཚམས་རེ་ཚ་བ་འབར་པ་བཅས་བྱུང་གི་རེད།
  ཆམ་པ་ལ་ཡང་བ་ལ་དབྱིན་སྐད་ནང་ལ་ Cold དང་། ཆམ་པ་ལྕི་བ་ལ་ Flu
ལབ་ཀྱི་ཡོད། ཆམ་པའི་ན་ཚ་དེ་དང་པོ་ན་དུས་དཀའ་ལས་ཁག་པ་དང་། ཧབ་སྦྲིད་བརྒྱབ་པ། འཁྱགས་པ་དང། མགོ་ན་བ་སོགས་བྱེད་ཀྱི་རེད། ཉིན་མ་ཁ་ཤས་རྗེས་ལ། གློ་བརྒྱབ་པ་དང། སྣ་ཁུང་ནས་སྣ་ཆུ་མང་པོ་ཡོང་གི་རེད།
  ཆམ་པ་མང་ཆེ་བ་ཉི་མ་བདུན་ནས་བཅུ་ནང་དྲགས་ཀྱི་རེད། ཡིན་ནའི་མཚམས་རེ་ཆམ་པ་བདུན་ཕྲག་གསུམ་ཙམ་བསྡད་ཀྱི་རེད། ཆམ་པ་མགྱོགས་པོ་དྲགས་པ་ལ། མིད་པ་ཚྭ་ཆུས་བཀྲུས་པ་དང་། ཆུ་ཁོལ་ནང་སྦྲང་རྩི། ལྒ་མུག སྐྱུར་འབྲས་ལིམ་བུ་བླུགས་ནས་བཏུང་ན་ཡག་པོ་ཡོད།
གལ་སྲིད་ཆམ་པ་སྡུག་ཏུ་འགྲོ་ན། སྨན་བཟས་ན་ཡག་གི་རེད།

ཆམ་ནི་ན་ཚ་སྡུག་ཅག་ཅིག་རེད། ང་རང་ལ་ཆམ་པ་ཕོག་དུས་འཛིན་གྲྭའི་ནང་ལའང་གློ་བརྒྱབ་པ་དང་། སྐད་ཁྱད་མཚར་པོ་ཆགས་ཀྱི་འདུག བྱས་ཙང། ཤིང་ཏོག་དང་ཚལ་མང་པོ་བཟས་ན།
ཆམ་པ་ན་ཡ་ཉུང་དུ་འགྲོ་བ་མ་ཟད། ཆམ་པ་ཡོད་ན་དྲག་རྒྱུ་མགྱོགས་པར་ཡོད་དོ།། །།

No comments: