Tuesday, September 22, 2015

རྒྱལ་པོ་དང་སྨན་པ།

༄༅།། སྔོན་སྨན་པ་བཀྲ་ཤིས་ཟེར་པ་ཞིག་ཡོད། སྨན་པ་དེ་ན་ཚ་ངོས་འཛིན་དང། སྨན་ལ་ཧ་ཅང་མཁས་པོ་ཡོད་པས། མི་མང་པོའི་སྲོག་བསྐྱབས་མྱོང་ཡོད། དེར་བརྟེན་མི་ཚང་མས་ཁོང་ལ་དགའ་པོ་དང་བརྩི་བཀུར་བྱེད་ཀྱི་ཡོད། ཡིན་ནའི་རྒྱལ་པོ་སྨན་པ་ལ་བཀྲ་ཤིས་ལ་དགའ་པོ་མེད། བྱས་ཙང་ཉི་མ་གཅིག་རྒྱལ་པོས་སྨན་པ་བཀྲ་ཤིས་ཀྱི་ནང་ལ་ཕེབས་ཏེ། གལ་སྲིད་ཁྱེད་རང་གིས་ལུང་པ་གཞན་སྡེའི་མི་བསྐྱབ་ན་ཁྱེད་རང་སྲོག་ཐོག་བཏང་གི་ཡིན་ཅེས་གསུངས།

ཉིན་ཤས་རྗེས་ལུང་པ་གཞན་གྱི་བཟའ་ཚང་གཉིས་ཀྱི་པུ་གིུ་མ་འབྱར་ཞིག་ཤིན་ཏུ་ན་ནས། ཁོ་ཚོ་སྨན་པ་བཀྲ་ཤིས་ལ་བསྟེན་པར་ཕྱིན། རྒྱལ་མཚམས་ལ་སླེབས་དུས་དམག་མི་གཅིག་གིས་ཁོ་ཚོའི་ལམ་ཁ་བཀག་པ་རེད། དེ་ལ་ཁྱོ་ག་དེ་ཁོང་ཁྲོ་ལངས་ནས། མག་མི་དེ་ལ་རྡོག་རྒྱག་གཅིག་གཞུས་ནས་གཡུག་སྟེ་སྨན་པ་བཀྲ་ཤིས་ཡོད་སར་ཕྱིན་པ་རེད། དམག་མི་གཞན་པ་དེ་མགྱོགས་པོའི་ངང་ནས་རྒྱལ་པོ་ལ་སྙན་གསེང་ཞུ་བར་ཕྱིན།

  རྒྱལ་པོས་གནས་ཚུལ་དེ་གོ་དུས་ཁོང་ཁྲོ་དང་བཅས་སྨན་པ་བཀྲ་ཤིས་ཀྱི་ནང་ལ་ཕྱིན། རྒྱལ་པོས་སྨན་པ་བཀྲ་ཤིས་ལ། ཁྱོད་ངའི་བཀའ་ལ་མ་ཉན་པར་ག་རེ་བྱེད་ཀྱི་ཡོད་གསུངས། སྨན་པ་བཀྲ་ཤིས་ཀྱིས། ང་པུ་གུ་མ་འབྱར་དེའི་སྲོག་བསྐྱབས་ཀྱི་ཡོད། མ་ཟད་ཕྲུ་གུ་དེ་ནད་པ་ཡིན་པ་ལས། དགྲ་དང་གྲོགས་པོ་གཉིས་ཀ་མ་རེད་ཅེས་ལབ། རྒྱལ་པོས། ཧ་ཧ་ཧ་ཞེས་གད་མོ་དགོད་ཞིན་དུ། སྨན་པ་ཁྱོད་ རང་སང་ཉིན་རང་སྲོག་ཐོོག་ཡིན་གསུང་ནས་ཆིབས་རྟ་བཞོན་དུས། ཡོབ་ལ་འཁོན་ཏེ་ས་ལ་ལྷུང་པས་རྒྱལ་པོའི་ཞབས་ཆག་པས་ན་ཟུག་བཏང་པ་རེད། བྱས་ཙང་རྒྱལ་པོས་སྨན་པ་བཀྲ་ཤིས་ལ་མགྱོགས་པོ་ངའི་རྐང་པར་སྨན་བཅོས་བྱེད་གསུངས་པ་རེད། སྨན་པ་བཀྲ་ཤིས་ཀྱིས་རྒྱལ་པོའི་རུས་ཁོག་ལ་སྨན་བཅོས་བྱས་པ་རེད།

ཉིན་རྗེས་མ་དེར་རྒྱལ་པོས་སྨན་པ་སྐད་བཏང་ནས་ཁྱེད་རང་ལ། ཐ་མའི་རེ་བ་ག་རེ་ཡོད་དམ་ཞེས་བཀའ་འདྲི་གནང། བཀྲ་ཤིས་ཀྱིས་མི་ནད་པ་དེ་ཚོ་དགྲ་དང་གྲོགས་པོ་གཉིས་ཀ་མ་རེད། མི་ནད་པ་དེ་ཚོར་སྨན་པའི་རོགས་པ་དགོས་ཀྱི་ཡོད་པ་མ་ཟད། ཁྱེད་རང་གིས་ང་གསད་ཀྱི་ཡིན་གསུངས་ནའི། ངས་ཁྱེད་རང་བསྐྱབས་བ་ཡིན། རྒྱུ་མཚན་ནི་ཁྱེད་རང་ནད་པ་རེད་ལབ་དུས། རྒྱལ་པོས་བསམ་བློ་བཏང་ནས་སྨན་པ་བཀྲ་ཤིས་ཚེ་ཐར་བཏང་མ་ཟད་ལུང་པ་གཞན་གྱི་ནད་པ་ཚང་མར་སྨན་བཅོས་བྱེད་ཚོག་པའི་བཀའ་བཏང་ནས་སྐྱིད་པོའི་ངང་ནས་བསྡད་པ་རེད་དོ།། །།


No comments: