Saturday, November 21, 2015

གློག

༄༅།། གློག་ནི་དངོས་པོ་གལ་ཆེན་པོ་ཞིག་རེད། གློག་མེད་ན་མི་མང་ཆེ་བ་གསོན་པོར་བསྡད་ཐུབ་ཀྱི་མ་རེད། གློག་ལ་དབྱིན་ཇིའི་སྐད་ནང་(Electricity)ཟེར་གྱི་ཡོད། ད་དུང་དེང་སང་ལས་ཀ་མེང་ཆེ་བ་ལ་གློག་དགོས་པ་རེད།
གློག་ནི་ཚན་རིག་པ་(Benjamin Franklin)ཡིས་གསར་བརྙེད་བྱུང་བ་རེད། ཁོང་གིས་ཆར་པ་བབས་དུས་ནམ་མཁར་འཁྱུག་པའི་གློག་ལ་བརྟག་དཔྱད་བྱེད་དུས་གློག་བརྙེད་པ་རེད། གློག་དང་པོ་བེད་སྤྱོད་གཏོང་མཁན་ནི་(Thomas Edison)རེད། ཁོང་གིས་ཤེལ་ཏོག་བཟོས་ནས་གློག་བེད་སྤྱོད་བྱས་པ་རེད།

  གློག་ནི་བེད་སྤྱོད་ཆེན་པོ་ཡོད། ཁྱེད་རང་གི་ནང་ལ་གཟིགས་དང་། ཁྱེད་རང་གིས་གློག་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ཤེལ་ཏོག་དང་གློག་ཀླད། གོས་འཁྲུས་འཕྲུལ་ཆས་སོགས་མང་པོ་ཡོད། མཚམས་རེ་གློག་ཞེད་སྣང་ཚ་པོ་ཡོད། དཔེར་ན་གློག་ཏག་ཏག་བེད་སྤྱོད་མ་བཏང་ན་མེ་ཞེད་སྣང་ཚ་པོ་འབར་ཉེན་ཡོད། ད་དུང་ཁྱེད་རང་ལ་གློག་འཁྱུད་ཉེན་ཡང་ཡོད་རེད།

གློག་མཚམས་རེ་ཆུ་ནང་ཕྱིན་ནས། ཁྱེད་རང་ལ་གློག་འཁྱུད་ཐུབ་ཀྱི་ཡོད། བྱེད་ཙང་གློག་སྐུད་མང་ཆེ་བ་ལ་འགྱིག་གཡོག་ཡོད། རྒྱུ་མཚན་ནི་གློག་འགྱིག་བརྒྱུད་ནས་ཡག་པོ་འགྲོ་ཐུབ་ཀྱི་མེད། ད་དུང་ཤིང་སྐམ་པོ་དང་འགྱིག་རིགས་ཀྱི་དངོས་པོ། ཤོག་བུ་སྐམ་པོ། ཤེལ་སྒོ་སོགས་མང་པོའི་ནང་གློག་ཡག་པོ་འགྲོ་མི་ཐུབ།

  གློག་འགྲོ་ཐུབ་མཁན་གྱི་དངོས་པོ་མང་པོ་ཡོད། ཅ་ལག་དེ་ཚོ་ལྕགས་རིགས་ཀྱི་དངོས་པོ་ཡིན། རྒྱུ་མཚན་དེ་ཡིས། དེང་སང་གློག་སྐུད་ནང་ཟངས་སྐུད་སོགས་ལྕགས་རིགས་བེད་སྤྱོད་བྱེད་ཀྱི་ཡོད། མཚམས་རེ་ཁྱེད་རང་ལྕགས་རིགས་མཉམ་དུ་བསྲེས་ན། དེ་ཚོར་གློག་མགྱོགས་པོ་བཏང་ཐུབ་ཀྱི་ཡོད།

  དེ་སང་གློག་ཐོན་སྐྱེད་བྱེད་སྟངས་མང་པོ་ཡོད། དང་པོ་ནི་རྡོ་སོལ་གྱི་གློག་རེད། དེ་དང་པོ་རྡོ་སོལ་ལ་མེ་སྦར་ནས་ཆུ་ཚོ་བོ་ཆགས་བཅུག དེ་རྗེས་ཆུའི་རླངས་པས་འཁོར་ལོ་སྐོར་ར་བརྒྱབ་བཅུག་ནས་གློག་ཐོན་སྐྱེད་བྱེད་ཀྱི་ཡོད། ཡིན་ནའི་དེ་ཁོར་ཡུག་ལ་ཡག་པོ་ཅི་ཡང་མེད།


 
གཉིས་པ་དེ་ཉི་མའི་གློག་རེད། དེ་ཡང་དངོས་པོ་(solar panel)ཞེས་པ་དེ་ཉི་མས་དྲོད་དེ་ཆུ་ཚ་པོ་བཟོ་ཡི་རེད། དེ་ནས་ཆུའི་རླངས་པས་འཁོར་ལོ་སྐོར་ར་བརྒྱག་བཅུག་ནས་གློག་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད། དེ་རྡོ་སོལ་དང་འདྲ་པོ་ཡོད། ཡིན་ནའི་དེ་ཁོར་ཡུག་ལ་ཡག་པ་ཡོད།

 གསུམ་པ་ནི་རླུང་གིས་གློག་ཐོན་སྐྱེད་བྱེད་ཡ་དེ་རེད། རླུང་གིས་རླུང་འཁོར་འདྲ་པོ་དེ་འཁོར་ལོ་བསྐོར་ནས་གློག་ཐོན་སྐྱེད་བྱེད་ཀྱི་ཡོད། ཡིན་ནའི་དངོས་པོ་དེ་ཚོ་གོང་ཆེན་པོ་རེད།

བཞི་པ་ནི་ཆུ་ཡིས་གློག་ཐོན་སྐྱེད་བྱེད་ཡ་རེད། དེ་ནི་ཆུ་ཡི་ཤུགས་ཀྱིས་འཁོར་ལོ་སྐོར་ར་བརྒྱབ། འཁོར་ལོ

་སྐོར་ར་བརྒྱབ་དུས་གློག་ཐོན་གྱི་ཡོད། ཡིན་ནའི་ཆུ་མཛོད་དང་ཆུ་རགས་དེ་དེ་ཚོ་བརྟན་པོ་མ་བརྒྱབ་ན་ཆུ་ལོག་སོགས་ཡོང་ཡག་གི་ཉེན་ཁ་ཆེན་པོ་རེད། 
  
  ཁྱེད་རང་གི་བསམ་ཚུལ་ལ། གོང་གསལ་ནང་ནས་གློག་ཐོན་སྐྱེད་བྱེད་སྟངས་ཡག་ཤོས་ག་རེ་རེད་དམ།། །།

No comments: