Saturday, January 23, 2016

ངའི་རྩེད་ཆས་ཐད་འཕུར་གནམ་གྲུ།

༄༅།། ངའི་རྩེད་ཆས་ཐད་འཕུར་གནམ་གྲུ་ནི་ངའི་པཱ་ལགས་ཀྱི་དབྱིན་ཇི་གྲོགས་པོ་ཞིག་གིས་ང་ལ་ཡི་ཤུའི་འཁྲུངས་སྐར་ལ་རྔན་པར་གནང་བ་ཞིག་ཡིན། ཐད་འཕུར་གནམ་གྲུ་དེ་ངའི་རྩེད་ཆས་དགའ་ཤོས་ཤིག་ཡིན། རྩེད་ཆས་ཐད་འཕུར་གནམ་གྲུ་ཡི་དབྱིན་ཇི་མིང་ལ་(Mini RC Helicopter)ཟེར་གྱི་འདུག

  ངའི་ཐད་འཕུར་གནམ་གྲུ་ནི་ནམ་རྒྱུན་དང་མི་འདྲ་བའི་རྩེས་ཆས་ཤིག་ཡིན་ཞིང་དེ་རྒྱང་བཀོལ་ཡོ་ཆས་ཡོད་པ་ཞིག་རེད། ཐད་འཕུར་གནམ་གྲུ་དེ་གནམ་ལ་འཕུར་ཐུབ་པ་དང་ནམ་རྒྱུན་གྱི་ཐད་འཕུར་གནམ་གྲུ་ནང་བཞིན་བྱེད་ཐུབ། དེ་ཡང་གནམ་གྲུ་མགྱོགས་པོའི་ངང་ཕར་དང་ཚུར་འགྲོ་ཐུབ་ཀྱི་འདུག ངའི་ཐད་འཕུར་གནམ་གྲུ་དེ་ནང་ལ་མ་གཏོགས་ས་ཆ་གཞན་ལ་བཏང་ཡ་མིན་འདུག རྒྱུ་མཚན་ནི་ཐད་འཕུར་གནམ་གྲུ་ཕྱི་ལ་བཏང་ན་རླུང་བུས་ཐད་འཕུར་གནམ་གྲུ་འཁྱེར་ཏེ་ཡག་པོ་བཏང་ཐུབ་ཀྱི་མེད། ངའི་ཐད་འཕུར་གནམ་གྲུ་ནི་བཏང་ཡ་ཏོག་ཙམ་དཀའ་ལས་ཁག་པོ་ཡོད། མཚམས་རེ་ནང་ལ་ང་ཐད་འཕུར་གནམ་གྲུ་བཏང་དུས། ས་ཆ་ཁ་ཤས་ལ་བརྡབས་ཀྱི་འདུག། ཡིན་ནའི་སྐྱོན་ཤོར་མ་སོང་།

  ངའི་ཐད་འཕུར་གནམ་གྲུ་དེ་ཆུང་ཆུང་ཞིག་ཡོད་པ་དང་སྤར་དུས་ནང་ལོགས་ནས་གློག་དམར་པོ་འབར་གྱི་ཡོད། ཐད་འཕུར་གནམ་གྲུ་དེ་ལ། གཤོག་པ་བཞི་ཡོད་པ་དང། གཤོག་པ་ཆུང་ཆུང་གཅིག་ཡོད། གཤོག་པ་བཞི་ཡིས་གནམ་ལ་ཕུར་ཡ་དང། གཤོག་པ་ཆུང་ཆུང་དེ་ཕྱོགས་གཡས་གཡོན་ལ་འགྲོ་ཡ་ཆེད་དུ་རེད། ད་དུང་གལ་སྲིད་གཤོག་པ་འཕྲོ་བརླག་ཕྱིན་ན་གཤོག་པ་བཞི་ཐོལ་པ་ཡོད། ཐད་འཕུར་གནམ་གྲུ་དེ་ཚོན་ཁྲ་དམར་པོ་རེད་འདུག ད་དུང་ཐད་འཕུར་གནམ་གྲུ་ལ་གློག་སྣོན་བྱེད་ཡ་འདུག

  ངའི་རྩེས་ཆས་ཐད་འཕུར་གནམ་གྲུ་ནི་ངའི་རྩེས་ཆས་དགའ་ཤོས་དང་རྩེས་དུས་སྐྱིད་ཤོས་དེ་ཡིན་ནོ།། །།



No comments: