Thursday, July 26, 2012

དཔེ་མཛོད་ཁང་དང་རྩི་ཤིང་།

དཔེ་མཛོད་ཁང་ནི་རྒྱ་ཆེ་ཞིང་།།
གཡས་གཡོན་གང་སར་རྩི་ཤིང་མང་།།
ཁ་ཕྱོགས་བཞི་ལ་མཆོད་རྟེན་བརྒྱད།།
མདུན་ལ་སློབ་ཚན་འཁྲིད་ས་མང་།།

  
        ས་ཕྱོགས་གང་སར་རྩི་ཤིང་མང་།།
        
རྩི་ཤིང་ཁ་ཤས་རྩྭ་སྨན་ཡིན།།
   
      ཤིང་སྡོང་མང་པོ་བཅད་པ་ན།།
         ཆུ་ལོག་མང་པོ་བརྒྱབ་ཀྱི་རེད།།

4 comments:

ཛམ་གཡུ་སྤེན་ཚེ། said...

དཔེ་དེབ་མང་པོ་ཀློག་ན་ནི།།
ཤེས་བྱ་མང་པོ་ཤེས་ཀྱི་རེད།།
རྗེས་མ་རྩོམ་ཡིག་འབྲི་བའི་སྐབས།།
བརྗོད་བྱར་དཀའ་ངལ་ཡོང་གི་མེད།།

དཔེ་མཛོད་ཁང་ལ་དཔེ་ཆ་ཡོད།།
དཔེ་ཆའི་ནང་ལ་ཤེས་བྱ་ཡོད།།
ཤེས་བྱའི་ནང་ལ་རིགས་པ་ཡོད།།
རིགས་པ་ཡོད་ན་ཚང་མ་ཡོད།།

དེར་བརྟེན་ངས་ཀྱང་དཔེ་ཆ་དང་།།
གྲོགས་པོ་འགྲིགས་ནས་འགྲོ་གི་ཡོད།།
དཔེ་དེབ་དེ་ཚོས་ང་ལ་ནི།།
མགོ་སྐོར་བཏང་གི་མ་རེད་དོ།།

Anonymous said...

དྲ་ལམ་ཉུལ་ནས་འགྲོ་དུས་ཟིན་བྲིས་ཀྱི་རྒྱལ་སྲང་ཆུང་ཆུང་ཞིག་དང་བསྐྱར་དུ་མཇལ་བས་སེམས་གཏིང་ནས་དགའ་བོ་བྱུང་། ཐེ་བོ་ཤེས་རབ་རྒྱ་མཚོས།

བེ་རི་དཔལ་ལྡན་རྣམ་རྒྱལ། said...

བུ་ཆུང་ཆུང་། ཁྱེད་ཀྱིས་བྲིས་པའི་རྩོམ་ཐུང་རྣམས་ཤིན་ཏུ་ལེགས།

བེ་རི་དཔལ་ལྡན་རྣམ་རྒྱལ། said...

བརྩེ་བའི་གྲོགས་པོ་ཆུང་ཆུང་།
ཁྱེད་ཀྱི་རྩོམ་ཐུང་དང་རང་གཤིས་ལ་ཤིན་ཏུ་དགའ། མུ་མཐུད་ནས་འབྲི་རོགས།