Friday, January 9, 2015

ཨོ་སོ་ཊི་ཡིའི་གནམ་གཤིས།

༄༅།། ཨོ་སོ་ཊི་ལ་ཡ་ནི་གླིང་ཆེན་ཞིག་ཡིན་ལ། རྒྱལ་ཁབ་དེ་ནི་གླིང་ཆེན་སྐམ་ཤོས་ཀྱང་ཡིན། ཨོ་སོ་ཊི་ལ་ཡ་དེ་འཛམ་གླིང་གི། ལྷོ་ཡི་ཕྱོགས་ལ་ཡོད། དེའི་ནམ་དུས་བཞི་ནི་རྒྱལ་ཁབ་གཞན་དང་མི་འདྲ་བ་ཡིན། དཔེར་ན། རྒྱ་གར་ལ་དགུན་ཁ་ཤར་དུས། ཨོ་སོ་ཊི་ལ་ཡ་ལ་དབྱར་ཁ་ཡིན། ད་དུང་ཨོ་སོ་ཊི་ལ་ཡ་ནང་རི་ལ་མ་ཏོག། གངས་བབས་པ་ཁག་པོ་རེད།

  
ཨོ་སོ་ཊི་ལ་ཡའི་དཔྱིད་ཀའི་གནམ་གཤིས་ནི་གྲང་མོ་འདུག ཡིན་ནའི་དཔྱིད་ཀའི་སྐབས་སུ་ཆར་དུས་ནང་བཞིན་ཡོད་པ་དང་ཉིན་མ་སྟོན་ཡ་དཀའ་ལས་ཁག་པོ་རེད། ཉི་མ་ཡོད་དུས་སྐྱིད་པོ་ཞེ་དྲགས་ཡོད་པ་མ་ཟད། མེ་ཏོག་རྣམས་སྙིང་རྗེ་མོའི་ངང་བཞད་ཀྱི་རེད། ཨོ་སོ་ཊི་ལ་ཡ་ལ་དཔྱིད་ཀ་ཡིན་དུས། འཛམ་གླིང་གི་བྱང་ཕྱོགས་ལ་སྟོན་ཁ་ཡིན།



  
ཨོ་སོ་ཊི་ལ་ཡའི་དབྱར་ཁའི་གནམ་གཤིས་ནི། ཁྱད་མཚར་ཚ་པོ་ཡོད། ག་རེ་བྱས་ནས་ཟེར་ན། ཨོ་སོ་ཊི་ལ་ཡའི་བྱང་ཕྱོགས་ལ། དབྱར་ཁ་སྐབས་སུ་ཆར་དུས་ཡོད་ནའི། ལྷོ་ཕྱོགས་ལ་ཆར་པ་མང་པོ་བབས་ཀྱི་མི་འདུག ཨོ་སོ་ཊི་ལ་ཡིའི་དབྱར་དུས་ཀྱི་ཚ་བ་ཆེ་ཤོས་དེ་ཕྱི་ཟླ་དང་པོའི་གཡས་གཡོན་ལ་རེད། ད་དུང། དབྱར་ཁ། ཡི་ཤུའི་འཁྲུངས་སྐར་དུས་ཆེན་དང་། ཕྱི་ལོའི་ལོ་གསར་ཡིན་དུས་ཤོག་སྦག་སོགས་མང་པོ་གཟིགས་རྒྱུ་ཡོད་པ་མ་ཟད། ལུང་པ་གཞན་དང་མི་འདྲ་བ་ཞིག་མཐོང་གི་འདུག

ཨོ་སོ་ཊི་རི་ལ་ཡིའི་སྟོན་ཁ་གྲང་མོ་མ་ཡིན་པ་དང་ཚ་པོ་མ་ཡིན་པ་གནམ་གཤིས་ཏག་ཏག་སྐྱིད་པོ་ཡོད། ཨོ་སོ་ཊི་རི་ལ་ཡ་ལ་སྟོན་ཁ་ཡིན་དུས། རྒྱ་གར་དཔྱིད་ཀ་རེད།

ཨོ་སོ་ཊི་ལ་ཡའི་དགུན་ཁའི་གནམ་གཤིས་སྐབས་སུ་གྲང་མོ་ཞེ་དྲགས་ཡོད་ནའི། གངས་བབས་ཀྱི་མི་འདུག དགུན་ཁའི་སྐབས་སུ། ཆུ་ཚོད་༥པའི་གཡས་གཡོན་ལ་ཉི་མ་ནུབ་ཀྱི་འདུག ཡིན་ནའི་དགོང་དག་ཏོག་ཙམ་ཚ་བ་དང། གྲང་མོ་ཞེ་དྲགས་མི་འདུག

དེ་རྣམས་ཚང་མ་ཨོ་སོ་ཊི་ལ་ཡའ་གནམ་གཤིས་ཀྱི་སྐོར་མདོར་བསྡུས་ཤིག་ཡིན་ནའི། ཨོ་སེ་ཊེ་རི་ཡ་ནང། གནམ་གཤིས་ཚ་གྲང་སྙོམ་པོ་ཡོད་དོ།། །།

No comments: